ཝང་ཡུང་ཧོ་ནན་དུ་རྟོག་ཞིབ་གནང་བ།

      རྒྱལ་དོན་ཨུ་ཡོན་ཝང་ཡུང་སྤྱི་ཟླ1ཚེས10ཉིན་ནས11ཉིན་བར་ཧོ་ནན་དུ་རྟོག་ཞིབ་གནང་བ་དང་ཁོང་ནས་ཀྲེང་ཀྲའུ་དང་ཞུས་ཁྲང་གི་ཞིང་ལས་ཚོང་འདུས་ཁྲོམ་ར་དང་ཟས་རིགས་ཐོན་སྐྱེད་ཁེ་ལས། སྤུས་ཚད་ལག་རྩལ་ཞིབ་དཔྱད་ཚད་ལེན་ལྟེ་གནས། གཞི་རིམ་གྱི་བཟོ་ཚོང་ཁང་། འགག་སྒོའི་ཞིབ་དཔྱད་རིམས་ནད་སྔོན་འགོག་ས་ཚུགས། དམིགས་བསལ་སྒྲིག་ཆས་འཁོར་སྐྱོད་བྱེད་ས་བཅས་སུ་ཟབ་སྐྱོད་གནང་བ་དང་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རར་ལྟ་སྐུལ་དོ་དམ་དང་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་ཧོ་ནན་ཞིང་ཆེན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཡོད་པ་དང་དུས་མཚུངས་སུ་ཁོང་གིས། སྤུས་ཚད་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་གལ་ཆེ་བར་འཇོག་པ་དང་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་ཐེ་ཧྲན་ལས་ལྗིད་བ་ཡོད་པས་རིམ་པ་ཁག་གི་བཟོ་ཚོང་དང་སྤུས་ཚད་ཞིབ་བཤེར་སྡེ་ཁག་ནས་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་པ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བསྟན་འདུག