ཤིན་ཅང་དེ་ཉིད་ཐོན་བཞི་པའིGཡི་དུས་རབས་སུ་བསྐྱོད་འགོ་ཚུགས་པ།

     འོད་སྣང་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཤིན་ཅང་སྒུལ་བདེ་ཀུང་སིས་སྤྱི་ཚེས10ཉིན་ཐོན་བཞི་པའིGཀྱི་ལས་སྒོ་དངོས་སུ་ཤར་གཏོང་བྱས་པས། ཤིན་ཅང་དེ་ཉིད་རྒྱལ་ཡོངས་སུ་ཐོན་བཞི་པའིGཡི་དུས་རབས་སུ་སྔོན་ལ་བསྐྱོད་འགོ་ཚུགས་ཡོད།

  ཤེས་རྟོགས་བྱུང་བར་གཞིགས་ན། ལོ་མཇུག་གོང་ཐོན་བཞི་པའིGཡི་དྲ་བས་ཤིན་ཅང་ཨུ་ལུམ་ཆིའི་ཚོང་ལས་གཅིག་བསྡུས་ཁུལ་གྱི་ཁྱབ་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཁག་ཅིག་ཏུ་ཁྱབ་རྒྱུ་ཡིན་པ་དང་། དེ་རྗེས་གྲོང་ཁུལ་གྱི་ཁྱབ་ཁོངས་ཚང་མར་ཁྱབ་རྒྱུ་ཡིན་པ་རེད། སང་ལོའི་ལོ་སྟོད་དུ། ཤིན་ཅང་གི་སྒུལ་བདེ་ཁ་པར་ཤིན་ཅང་གི་ལྟེ་བའི་གྲོང་ཁྱེར1དང་། རྫོང་གྲོང་དང་དེ་བཞིན་ཐོན་ཤོག་ཞིང་ར63ལ་ཁྱབ་རྒྱུ་ཡིན་པ་རེད། སང་ལོའི་ལོ་མཇུག་གོང་། ཤིན་ཅང་གི་གྲོང་རྫོང་དང་ཐོན་ཤོག་ཞིང་ར། A5རིམ་པའི་མཛེས་ལྗོངས་ཁུལ་དང་གཙོ་གནད་ཤང་གྲོང་བཅས་ཚང་མར་ཁྱོན་ཡོངས་ནས་ཁྱབ་རྒྱུ་ཡིན་པ་མ་ཟད་ཞིང་འབྲོག་ཁུལ་དང་ལན་ཤོག་སོགས་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཤིན་ཅང་གི་འཛད་སྤྱོད་པ་མང་ཆེ་བས་རང་རྒྱལ་ཁབ་ཀྱི་ཐོན་བཞི་པའིGདྲ་བས་མཁོ་འདོན་བྱས་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།