ཀྲུང་གོའི་མངའ་ཁོངས་སུ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་ཐོག་ཁྱད་ཆོས་ལ་དཔྱད་པ།

ཀྲུང་ནན་ཧྲན་སོགས་ཀྱིས་བརྩམས། རིག་འཛིན་གྱིས་བསྒྱུར།

ནང་དོན་གནད་བསྡུས། རྒྱབ་ལྗོངས། ༢༠༡༩ལོའི་ཟླ༡༢པ་ནས་བཟུང་། ཝུའུ་ཧན་གྲོང་ ཁྱེར་དུ༢༠༡༩པྲོག་དབྱིབས་ནད་དུག་གསར་ པའི་དབུགས་ལམ་དོས་དྲག་ནད་གཞི་བྱུང་བ་དང་། དེ་མུར་ཀྲུང་གོ་ཁྱོན་ཡོངས་ལ་ཁྱབ་ཡོད་པས། ང་ཚོས་ནད་དཔེ་འདི་དག་གི་ནད་ཐོག་ཁྱད་ ཆོས་གསལ་འགྲེལ་བྱ་རྒྱུ་ཡིན། ཐབས་ཤེས། ༢༠༢༠ལོའི་ཟླ་བ་དང་པོའི་ཚེས༢༩བར་དུ་ཞིང་ ཆེན་དང་ཞིང་ཆེན་རིམ་པའི་གྲོང་ཁྱེར༣༡གི་སྨན་ ཁང༥༥༢ཀྱི་ཚོད་ལྟ་ཁང་ནས་གཏན་འཁེལ་བྱས་ པའི༢༠༡༩པྲོག་གསར་དབུགས་ལམ་དོས་དྲག་ ནད་གཞི་ཅན་གྱི་ནད་པ༡༠༩༩ཡི་གཞི་གྲངས་ བསྡུ་ལེན་བྱས་ཡོད། གྲུབ་འབྲས། ནད་པའི་ཆ་ སྙོམས་ལོ་གྲངས༤༧.༠དང་། བརྒྱ་ཆའི༤༡. ༩༠བུད་མེད་ཡིན་ཞིང་། བདག་མེད་སྲོག་ཆགས་ དང་ཐད་ཀར་འབྲེལ་གཏུག་བྱུང་མྱོང་བ་བརྒྱ་ཆའི ༡.༡༨མ་གཏོགས་མེད། དེ་བཞིན་ཝུའུ་ཧན་དུ་ འགྲོ་མྱོང་ཡོད་པ་བརྒྱ་ཆའི༣༡.༣༠དང་། ཝུའུ་ཧན་ནས་ཡོང་བའི་མི་དང་འབྲེལ་གཏུག་བྱེད་མྱོང་ཡོད་པ་བརྒྱ་ཆའི༧༡.༨༠ཡོད། ནད་པ་དེ་རྣམས་ཀྱི་ཐུན་མོང་གི་ནད་རྟགས་ནི་ཚ་བ་རྒྱས་པ(བརྒྱ་ ཆའི༨༧.༩)དང་། གློ་ལུ་བ(་ བརྒྱ་ཆའི༦༧. ༧)ཡིན་ཞིང་། འགའ་རེར་འཁྲུ་བའི་རྟགས་ཀྱང་ ཡོད། ནད་ཀྱི་གབ་ཡུན་ཆ་སྙོམས་ཉིན་མ༣.༠ (དུས་ཡུན་ཉིན་མ་༠ནས་༢༤བར)ཡིན། ནད་ ཁང་དུ་འཛུལ་སྐབས་འཕྲོ་འགྱེད་རིག་པའི(ra⁃diological放射学)དཔེ་མཚོན་གྱི་མངོན་རྟགས་ནི་བྲང་ངོས་ཀྱི་འཕྲོ་འགྱེད་བརྟག་དཔྱད་ལས་ཤེལ་ རིས་རྙོག་པར(ground-glass opacity 毛玻璃样征)གསལ།(བརྒྱ་ཆའི༥༠.༠༠)ལྷག་པར་དུ་ལྡོག་འཁོར་བརྒྱུད་འབེབས་འདུས་སྦྱོར་རྩབས་ཕྲེང་སྣང་ཚུལ(reverse-transcriptase poly⁃merase-chain- reaction(RT-PCR)逆转录聚合酶链反应)ལ་གཞིགས་ན་ཚབས་ཆེན་ནད་དཔེ་རྣམས་ལ་འཕྲོ་འགྱེད་རྒྱུན་ལྡན་ཡིན་ཚད་བརྒྱ་ཆའི༢༣.༨༧དང་། ཚབས་ཆུང་རྣམས་ལ་འཕྲོ་འགྱེད་རྒྱུན་ལྡན་ཡིན་ཚད་བརྒྱ་ཆའི༥.༢ཡིན། ཚོད་ལྟ་ཁང་གི་བརྟག་དཔྱད་ལས་ནད་པ་བརྒྱ་ཆའི༨༢.༡ལ་རྨེན་བུའི་ཕྲ་ཕུང་བྲི་བའི་རྟགས (Lymphopenia 淋巴细胞减少症)ལྡན་པ་དང་། ནད་པ་༥༥(བརྒྱ་ཆའི༥.༠༠)དོས་དྲག་བལྟ་སྐྱོང་ཚན་པ(ICU)རུ་བསྡུས་ཤིང་། ནད་པ༡༥(བརྒྱ་ཆའི༡.༣༦)ནད་ལས་ཐར་མ་ཐུབ། གློ་ཚད་ཚབས་ཆེན་ཕོག་པ་རྣམས་ནི་ཉེན་ཁའི་བརྩོན་ལེན་སྣེ་མང་རྣམ་པའི(multivariatecompeting-risk model 多元竞争风险模式)ཁྲོད་ཐད་ཀར་དོས་དྲག་བལྟ་སྐྱོང་ཚན་པ་རུ་བསྡུས་ལ་འཕྲུལ་འཁོར་དབུགས་གཏོང(me⁃chanical ventilation 机 械 通 气) ད གོ ས ་ པའམ་ཚེ་ལས་འདས་པའོ། །(ཁྱབ་ཚུལ་ཆུང་ངུའི་ ཉེན་ཁའི་ཁྱབ་ཚད sub-distribution hazardsratio 子分布危害比༩.༨༠དང་། བརྒྱ་ ལྔ༩༥ཡི་ཡིད་རྟོན་ཁུལ(95% confidence in⁃terval,95% 置信区间)༤.༠༦ནས༢༣. ༦༧བར་ཡིན། )མཇུག་སྡོམ། ༢༠༡༩ཕྲོག་དབྱིབས་གློ་ཚད་ཀྱི་རིམས་ནད་དེ་ནི་མི་ནས་མི་ལ་འགོས་ཏེ་མྱུར་དུ་མཆེད་པ་དང་། ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་འགའ་ཤས་ཀྱི་འཕྲོ་འགྱེད་བརྟག་འབྲས་རྒྱུན་ལྡན་ཡིན། ནད་གཞི་འདི་ཉེན་ཚབས་ལྕི(ཁྲག་གི་གསོ་ རླུང་ལྡང་ཚདoxygen saturation 氧饱和度དང་། དབུགས་གྲངས། ཁྲག་རིལ་དཀར་པོ། རྨེན་བུའི་ཕྲ་ཕུང་གྲངས་ཚད། བྲང་གི་འཕྲོ་འགྱེད། CTབཅས་ལས་མངོན།)བས་ནད་ཐོག་ཕན་འབྲས་ཞན་པོ་ཡིན་པར་མངོན། 
 ◇དང་པོ། ངོ་སྤྲོད། 
༢༠༡༩ལོའི་ཟླ༡༢པའི་ཟླ་མགོར། ཀྲུང་གོའི་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ ཡོང་ཁུངས་མི་གསལ་བའི་གློ་ཚད་ཀྱི་ནད་དཔེ་ ཐོག་མ་རྣམས་ཐོན་པ་དང་། འཕྲོད་ཤུགས་མཐོ་ བའི་རིམ་རྟོག་ལག་རྩལ(High-throughput se⁃quencing 高通量测序技术)ལས་དེ་ནི་པེ་ཏ (β)པྲོག་དབྱིབས་ནད་དུག་གསར་པ་ཞིག་ཡིན་པར་བསྟན་པ་དང་། ཉེ་དུས་སུ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་ཞེས་མིང་ཐོགས (2019-nCoV)ཤིང་། དེ་ནི་དོས་དྲག་ཆེ་བའི་ དབུགས་ལམ་འདུས་ནད(严重急性呼吸道综合征 SARS)ཀྱི་པྲོག་དབྱིབས་ནད་དུག་དང་ འདྲ་པོ་ཡོད་ལ། མངར་སྐྱུར་ཉིང་ཅན་གྱི་ཤུབས་ལྡ ན(enveloped RNA 包 膜 核 糖 核酸)པྲོག་དབྱིབས་ནད་དུག་ཨང་བདུན་པར་གྱུར།(sarbecovirus ཞེས་པའི་ནད་དུག་གི་ཉེ་ རྒྱུད་དང་། Orthocoronavirinaeཞེས་པའི་ཉེ་ ཁོངས་ཡིན།)དེ་ཡང་འབྲེལ་ཡོད་དཔང་རྟགས་ ལས་གསལ་བར་གཞིགས་ན་སྨན་ཁང་དང་ཁྱིམ་ ཚང་དུ་མི་དང་མིའི་དབར་གྱི་འགོས་མཆེད་ འབྱུང་བཞིན་མཆིས། ཉེ་དུས་སུ། འཛམ་གླིང་འཕྲོད་བསྟེན་རྩ་ འཛུགས་ཀྱིས༢༠༡༩པྲོག་དབྱིབས་ནད་དུག་ གསར་པ་དེ་རྒྱལ་སྤྱིའི་དོ་སྣང་ཅན་གྱི་ཐུན་མོང་ འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན་པར་ཁྱབ་ བསྒྲགས་བྱས་ཤིང་། ༢༠༢༠ལོའི་ཟླ༢པའི་ ཚེས༥བར་ལ་འཛམ་གླིང་སྟེང(དཔེར་ན། ཨ་རི་ དང་། ཝུད་ནམ། Vietnam 越南 འཇར་མན་ ལྟ་བུ་)ཚོད་ལྟ་ཁང་ནས་གཏན་འཁེལ་བྱུང་བའི་ ནད་དཔེ་གྲངས༢༤༥༥༤ཐོ་འགོད་བྱས་པ་དང་། ༢༠༢༠ལོའི་ཟླ༢པའི་ཚེས༦པར། ཀྲུང་གོར་ ཚོད་ལྟ་ཁང་ནས་གཏན་འཁེལ་བྱས་པའི་ནད་ དཔེ་གྲངས༢༨༠༡༨དང་། ཚེ་འདས་ནད་དཔེ་ གྲངས༥༦༣ཡོད། ནད་ཡམས་འདི་བཞིན་ འཛམ་གླིང་ཡུལ་གྲུ་ཁག་ཏུ་མཆེད་མྱུར་ནའང་ དེའི་ནད་ཐོག་ཁྱད་ཆོས་ད་དུང་གསལ་པོ་མེད་ ཅིང་། ཉེ་དུས་ཀྱི་ཞིབ་འཇུག་ཡིག་ཆ་གཉིས་ལས་ གསལ་བར་གཞིགས་ན། ནད་པ༤༡དང༩༩སྔ་ ཕྱི་བཞིན་དུ་ཚོད་ལྟ་ཁང་ནས༢༠༡༩ཏོག་ གསར་དབུགས་ལམ་དོས་དྲག་ནད་གཞིར་ གཏན་འཁེལ་བྱས་ཏེ་ཝུའུ་ཧན་དུ་ནད་སྡོད་སྨན་ བཅོས་བྱས་པ་དང་། ཉེན་ཚབས་ལྕི་བའི་ནད་ དཔེ་འགའ་རེ་ས་སི(SARS)ཡི་ནད་རྟགས་དང་ འདྲ་བའི༢༠༡༩པྲོག་དབྱིབས་དབུགས་ལམ་ དོས་དྲག་ནད་གཞི་ཡིན་པར་གསལ་ཡོད། ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་འགོ་ མཆེད་མྱུར་བ་ལ་བརྟེན་ནས་ཀྲུང་གོའི་ས་གནས་ ཁག་གི་ནད་དཔེ་བསྡུ་རུབ་བྱས་ཏེ་བུ་དཔེ(sam⁃ple样本)འབོར་ཆེན་ཞིག་ལ་དབྱེ་ཞིབ་བྱ་རྒྱུ་ནི་ དགོས་ངེས་ཀྱི་འགན་སྲུང་ཞིག་ཡིན་ཏེ། དེ་ལས་ ནད་ཡམས་རིག་པའི(epidemiological 流行病学的)ངེས་པ་དང་ནད་ཐོག་གི་ཁྱད་ཆོས་ཧ་ ཅང་གནད་ལ་འཁེལ་བ་ཞིག་གཏན་འཁེལ་བྱེད་ ཐུབ་པ་ཙམ་མ་ཟད་འཆི་བ་དང་འབྲེལ་བའི་ཉེན་ ཁའི་རང་བཞིན་ཇི་ཡོད་མངོན་ཐུབ། འདི་གར་ ང་ཚོས་ཀྲུང་གོའི་སྐམ་ས་ཆེན་མོའི་ཚོད་ལྟ་ཁང་ ནས་གཏན་འཁེལ་བྱས་པའི་ནད་དཔེ༡༠༩༩ཡི་ གྲངས་གཞི་བསྡུ་རུབ་བྱས་ཏེ། ༢༠༡༩པྲོག་ དབྱིབས་དབུགས་ལམ་དོས་དྲག་ནད་པའི་ནད་ཡམས་རིག་པ་དང་ནད་ཐོག་ཁྱད་ཆོས་གསར་ཤོས་དེ་གསལ་འགྲེལ་ཐུབ་པར་རེ་བྱས་ཡོད།

◇གཉིས་པ།ཐབས་ཤེས།

༡ གཞི་གྲངས་ཡོང་ཁུངས་ང་ཚོས་ཚོད་ལྟ་ཁང་ནས་གཏན་འཁེལ་བྱས་པའི༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ནད་གཞིའི་ནད་དཔེ་རྣམས་ལ་ཕྱིར་ལྟའི་ཞིབ་ འཇུག(retrospective study on 回顾性研究)བྱས་པ་དང་། ཐོག་མའི་ནད་དཔེ(initialcases 初始病例)རྣམས་ནི་སྡེ་ཁུལ་སྔར་ཡོད་ རང་བཞིན་གྱི་གློ་ཚད(community-acquiredpneumonia 社会获得性肺炎)དང་འབྲེལ་ བའི་སྤྱིར་བཏང་གི་ནད་འབུ་དང་ནད་དུག་ལས་ གྱུར་བ་མ་ཡིན་པས་ནད་ཐོག་མངོན་ཚུལ་དང་ བྲང་གི་འཕྲོ་འགྱེད་ལ་གཞིགས་ཏེ་ནད་རྒྱུ་མི་ གསལ་བའི་གློ་ཚད་ཅེས་པ་ཞིག་ལ་ནད་ངོས་ བཟུང་ཞིང་། དོགས་ཡོད་ནད་དཔེ(Suspectedcases 疑 似 病 例)ནི ་ ཚ ་ བ ་ རྒྱ ས ་ པ འ མ ་ དབུགས་ལམ་གྱི་ནད་རྟགས་ལྡན་པ་མ་ཟད། ཝུའུ་ཧན་མཚོ་ཟས་ཁྲོམ་རར་བདག་མེད་སྲོག་ ཆགས་དང་འབྲེལ་བ་བྱུང་བའི་ལོ་རྒྱུས་ཡོད་པ་ དང་། གཟའ་འཁོར་གཉིས་ནང་ཚུན་དུ་ཝུའུ་ ཧན་ལ་འགྲོ་མྱོང་བའམ་ཝུའུ་ཧན་ནས་ཡོང་བའི་ མི་དང་འབྲེལ་གཏུག་བྱུང་བའི་ལོ་རྒྱུས་ཡོད་པ་ རྣམས་ཡིན། ནད་དཔེ(Cases 病例)ནི་འཛམ་ གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐབས་འཕྲལ་ མཛུབ་སྟོན་ལ་ལྟོས་པ་རྣམས་ཡིན། ༢༠༡༩པྲོག་ དབྱིབས་དབུགས་ལམ་དོས་དྲག་ནད་གཞིའི་ གཏན་འཁེལ་ནད་དཔེ(confirmed case 确诊病例)ནི་སྣ་དང་མིད་པའི་ཟགས་ཐོན་གྱི་བུ་དཔེ (sample样本)ལ་འཕྲོད་ཤུགས་མཐོ་བའི་རིམ་ རྟོག་ལག་རྩལ(High-throughput sequenc⁃ing 高通量测序技术)དང་དུས་དེའི་ལྡོག་ འཁོར་བརྒྱུད་འབེབས་འདུས་སྦྱོར་རྩབས་ཕྲེང་ སྣ ང ་ ཚུ ལ(reverse - transcriptase poly⁃merase-chain- reaction(RT-PCR)逆转录聚合酶链反应)གྱི་བརྟག་འབྲས་གདགས་ ཀྱི་རང་བཞིན(positive 阳 性)མངོན་པ་ རྣམས་ཡིན་ཞིང་། འདིར་ཚོད་ལྟ་ཁང་ནས་ གཏན་འཁེལ་བྱས་པའི་ནད་དཔེ་མ་གཏོགས་ དབྱེ་ཞིབ་བྱས་མེད་པ་དང་། འགོས་ཁུངས་དང་ འབྲེལ་བ་བྱུང་བ་ནས་ནད་རྟགས་མངོན་པའི་ བར་གྱི་དུས་ཡུན་ལ་ནད་ཀྱི་གབ་ཡུན་ཞེས་ བཏགས་ཡོད། ད་ཐེངས་ཀྱི་ཞིབ་འཇུག་འདིར་རྒྱལ་ ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འདིར་ཞུགས་པའི་ས་གནས་ཁག་གི་ཞིབ་འཇུག་ ཚན་པའི་ཆོག་མཆན་ཐོབ་ཅིང་། ནད་ཐོག་གཞི་ གྲངས་བསྡུ་རུབ་ཀྱི་དགོས་མཁོ་ཛ་དྲག་ལ་བརྟེན་ ནས་གྲོས་མཐུན་ཡི་གེ་བེད་སྤྱོད་བྱས་མེད། ནད་ཡམས་རིག་པའི(epidemiological流行病学)ཁྱད་ཆོས(ཉེ་དུས་ཀྱི་འབྲེལ་གཏུག་ ལོ་རྒྱུས་ཀྱང་ཚུད་ཡོད)དང་། ནད་ཐོག་མངོན་ རྟགས། ལུས་རྟགས། ཚོད་ལྟ་ཁང་གི་བརྟག་འབྲས་ རྣམས་ནི་གློག་རྡུལ་ནད་ཐོའི་སྟེང་ནས་བླངས་ པའོ། ། དེ་ཡང་འཕྲོ་འགྱེད་རིག་པའི་དཔྱད་ དཔོག་ནང་དུ་བྲང་གི་འཕྲོ་འགྱེད་དང་རྩིས་འཕྲུལ་ རིམ་དབྱེའི་པར་རྒྱག(computed tomography计算机断层扫描)ཚུད་ཡོད་ཅིང་། བརྟག་ དཔྱད་ཁང་གི་དཔྱད་དཔོག་ནང་དུ་ཁྲག་ཡོངས་ཕྲ་ ཕུང་གྲངས་ཚད་དང་། ཁྲག་གི་རྫས་འགྱུར་བརྟག་ དཔྱད། ཁྲག་འགག་ཚོད་ལྟ། མཆིན་པ་དང་མཁལ་ མའི་ནུས་པ། གློག་འབྱེད་རྫས། Cསྣང་ཚུལ་སྤྲི་ དཀར། ཀའེ་ཕྲི་རྒྱུ། འོ་སྐྱུར་ཆིང་དོར་རྩབས། ཤ་ སྐྱུ ར ་ སྐུ ལ ་ རྩ བ ས(complete blood count,blood chemistry, coagulation test, liverand renal function, electrolytes, C - reac⁃tive protein, procalcitonin, lactate dehy⁃drogenase and creatine kinase 全血细胞计数、血液化学、凝血测试、肝肾功能、电解质、C 反应蛋白、降钙素、乳酸脱氢酶和肌酸激酶)བཅས་ཡོད་པ་དང་། སྡེ་ ཁུལ་སྔར་ཡོད་རང་བཞིན་གློ་ཚད(communi⁃ty-acquired pneumonia 社会获得性肺炎)ཀྱི་རྒྱལ་སྤྱིའི་ཕྱོགས་སྟོན་ལ་གཞིགས་ནས་ ༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞིའི་ཉེན་ཚབས་ཆེ་ཆུང་དབྱེ་བའོ། ། ཕྱོགས་བསྡུས་མཐའ་སྣེ་གཙོ་བོ(Primarycomposite endpoint首要复合重点)ནི་དོས་ དྲག་བལྟ་སྐྱོང་ཚན་པ་རུ་ཞུགས་པའམ་འཕྲུལ་འཁོར་ དབུགས་གཏོང(mechanical ventilation 机械通气)སྤྱད་པ། ཡང་ན་ཚེ་ལས་འདས་པ་བཅས་ཡིན་ ཞིང་། མཐའ་སྣེ་ཕལ་པ(Secondary endpoints

次要终点)ནི་འཆི་ཚད་དང་། ནད་རྟགས་མངོན་ པ་ནས་ཕྱོགས་བསྡུས་མཐའ་སྣེ(Composite end⁃point复合重点)བར་དང་དེ་དག་སོ་སོའི་ཆ་ཤས་ རྣམས་ཡིན་པ་དང་། ནད་པ་རྣམས་ལ་ནད་ཐོག་ རྟོག་ཞིབ་བྱེད་མུས་ཡིན་པས་འདིའི་མཐའ་སྣེ་ རྣམས་སུ་དུས་ཚོད་ཁྱབ་ཁོངས(དཔེར་ན་ཉིན་ ༢༨ལྟ་བུ)ངེས་པ་ཅན་བཞག་མེད་དོ། །
     ཞིབ་འཇུག་ལ་མཁོ་བའི་གཞི་གྲངས་ཐད་ རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་འོག་ནད་དེབ་ཚང་མ་བསྐྱར་པར་ རྒྱབ་སྟེ་ཀོང་ཀྲའུ(广州)གཞི་གྲངས་ཐག་གཅོད་ ལྟེ་གནས་སུ་བསྐྱལ་ཞིང་། མྱོང་བ་ཕུན་སུམ་ཚོགས་ པའི་དབུགས་ལམ་ནད་ཐོག་སྨན་པས་གཞི་གྲངས་ ལ་བརྟག་དཔྱད་བསྡུ་ལེན་བྱས་པ་དང་། གཞི་ གྲངས་དེ་རྣམས་རྩིས་འཕྲུལ་གཞི་གྲངས་མཛོད་དུ་ བླུགས་ནས་རྒྱ་གྲམ་བརྟག་བཤེར(cross -checked 交叉检查)སྤེལ་ཡོད། གལ་ཏེ་གཞི་ གྲངས་གལ་ཆེན་མ་ཚང་བའི་གནས་ཚུལ་བྱུང་ཚེ། དེ་མུར་མཐུན་སྦྱོར་པར(coordinators 协调员)གསལ་བཤད་བསྐུར་བ་དང་། དེས་མྱུར་དུ་ གཙོ་བཅོས་སྨན་པར་འབྲེལ་གཏུག་བྱེད་དགོས་ དང་། ཟུར་བཀོད་ནང་དུ་བདག་མེད་སྲོག་ཆགས་ འབྲེལ་གཏུག་དང་། དོས་དྲག་དབུགས་འགག་ འདུས་ནད།(acute respiratory distress syn⁃drome 急性呼吸窘迫综合征)གློ་ཚད། (pneumonia 肺炎)མཁལ་ནུས་གུད་ཚབས་ལྕི་ བ།(acute kidney failure 急性肾功能衰竭)སྙིང་ནུས་གུད་ཚབས་ལྕི་བ།(acute heartfailure 急性心力衰竭)འཕྲེད་རིས་ཤ་གྲིམས་ ཞུ་བྱེད(Rhabdomyolysis 横纹肌溶解)བཅས་ཀྱི་ངེས་ཚིག་མཁོ་འདོན་བྱས་ཡོད།
    ༢ ཚོད་ལྟ་ཁང་ནས་གཏན་འཁེལ་བྱེད་པ། ༢༠༡༩པྲོག་དབྱིབས་ནད་དུག་གསར་ པར་ཚོད་ལྟ་ཁང་ནས་གཏན་འཁེལ་བྱེད་རྒྱུ་ནི་ རྒྱལ་ཁབ་ནད་གཞི་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཀྲུང་གོའི་གསོ་རིག་ཚན་རིག་ཁང་།དམག་དོན་གསོ་རིག་ཚན་རིག་ཁང་། ཝུའུ་ཧན་ ནད་དུག་ཞིབ་འཇུག་སོའོ་བཅས་ཀྱི་ཐུན་མོང་གི་ འབད་པ་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་ ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ ནས་དཔེ་སྐྲུན་གནང་བའི་གྲོས་མཐུན་ཡི་གེ་བཞིན་ དུ་ལྡོག་འཁོར་བརྒྱུད་འབེབས་འདུས་སྦྱོར་རྩབས་ ཕྲེང་སྣང་ཚུལ(reverse-transcriptase poly⁃merase-chain- reaction(RT-PCR)逆转录聚合酶链反应)གྱི་བརྟག་བཤེར་བྱས་པ་ དང་། ཞིབ་ཕྲའི་གནས་ཚུལ་རྣམས་ཟུར་བཀོད་ལས་གསལ།
    ༣ སྡོམ་རྩིས་དབྱེ་ཞིབ། སྡོམ་རྩིས་དབྱེ་ཞིབ་ཀྱི་གནས་ཚུལ་རྣམས་ ལས་མུ་མཐུད་གྲངས་འགྱུར(Continuous vari⁃ables 连续变量)བྱུང་བ་ནི་སྙོམས་ཚད་ (means 均值)དང་། ཚད་ལྡན་ཧེ་བག(stan⁃dard deviations 标准差)གམ་ཡང་ན་དཀྱིལ་ གནས་གྲངས།(medians 中位数)དེ་བཞིན་གནས་བཞིའི་བར་ཐག(interquartile ranges四分位间距)བཅས་མཚོན་པ་ཡིན་ཞིང་།རིགས་དབྱེའི་གྲངས་འགྱུར(Categorical vari⁃ables分类变量)རྣམས་རིགས་སོ་སོའི་གྲངས་ ཚད་དང་བརྒྱ་ཆའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ དང་། ང་ཚོས་ཨ་རིའི་སྒལ་ཚིགས་མཐུན་ཚོགས (American Thoracic Society 美国胸椎协会)ཀྱི་ནད་སྡོད་མཛུབ་སྟོན་ལ་བརྟེན་ནས་༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞིའི་ནད་པ་རྣམས་ཚབས་ཆེན་དང་།ཚབས་ཆུང་གཉིས་སུ་དབྱེ་ཞིང་། འོལ་ཁོག་སུན་ སྒྲིག་སྙོམས་ཚོད་ལྟ(Wilcoxon rank - sumtests,Wilcoxon秩和检验)སྤྱད་དེ་མུ་མཐུད་ གྲངས་འགྱུར(Continuous variables 连续变量)རྩིས་པ་དང་། ཁའེ་གྲུ་བཞི་ཚོད་ལྟ(chi￾square tests 卡方试验)དང་ཧྥེ་ཤེ་ཨར་ཡང་ དག་ཚོད་ལྟ(Fisher’s exact tests 费希尔精确检验)ལ་བརྟེན་ནས་འོས་འཚམ་གྱིས་རིགས་ དབྱེའི་གྲངས་འགྱུར(Categorical variables分类变量)རྩིས་ཤིང་། དྲག་སྐྱེད་རྩོད་ལེན་ཉེན་ཁ་ ལྡན་རིགས་ལ་བདེ་དང་སྐྱ་བོའི་རྩོད་ལེན་ཉེན་ ཁའི་རྣམ་པ(Fine - Gray competing - riskmodels,Fine - Gray 竞争风险模型)ལ་ བརྟེན་ནས་ནད་སྡོད་ནད་དཔེའི་ཁྲོད་ཀྱི་ཕྱོགས་ བསྡུས་མཐའ་སྣེའི(risk of composite end⁃point 复合重点风险)ཉེན་ཁ་དང་། གབ་ སྦས་ཀྱི་ཉེན་ཁའི་རང་བཞིན(potential riskfactors 潜在风险因素)དབྱེ་ཞིབ་བྱས་པ་ དང་། ཉེན་ཁའི་བསྡུར་ཚད་ཁོག་སི་རྣམ་པ(pro⁃portional hazard Cox model 比 例 风 险Cox 模型)ལ་བརྟེན་ནས་ཚོར་སྐྱེན་པའི་དབྱེ་ ཞིབ་བྱས་ཡོད། དེ་ཡང་ཉེན་ཁའི་རང་བཞིན་དུ་ འགྱུར་སླ་བ་ལ་འབྲེལ་གཏུག་ལོ་རྒྱུས་ཡོད་པ་དང་། ལོ་ན་ཅུང་རྒན་པ། འཕྲོ་འགྱེད་དང་ཚོད་ལྟ་ཁང་ གི་བརྟག་འབྲས་རྒྱུན་ལྡན་མིན་པ། བླ་གཉན་ ནད་ཕོག་པ་རྣམས་ཚུད་ཡོད། ང་ཚོས་རྐྱང་པའི་ གྲངས་འགྱུར(univariate 单变量)དཔེ་གཞི་ དང་རྐྱང་པའི་འོས་འདེམས་གྲངས་འགྱུར(singlecandidate variable 单个候选变量)གཉིས་དུས་གཅིག་ཏུ་མཉམ་སྒྲིག་བྱས་ཤིང་། སྡོམ་རྩིས་ དབྱེ་ཞིབ་རིག་པའི(statistically 统计学)དོན་ སྙིང་ཆེ་བའི་ཉེན་ཁའི་རང་བཞིན་དང་། རྟེན། ཐ་ མག་འཐེན་མིན་རྣམས་མཇུག་མཐའི་དཔེ་གཞིའི་ ནང་བཅུག་པ་དང་། ཁྱབ་ཚུལ་ཆུང་ངུའི་ཉེན་ཁའི་ ཁྱབ་ཚད(sub-distribution hazards ratio 分布危害比)ནི་བརྒྱ་ཆའི༩༥ཡིད་རྟོན་ཁུལ (95% confidence interval,95% 置 信 区间)དང་བཅས་ཏེ་གསལ་ཡོད། དབྱེ་ཞིབ་ཚང་མR མཉེན་ཆས་རིམ་པ༣.༦.༢ལ་བརྟེན་ནས་དབྱེ་ཞིབ་ བྱས་པ་དང་། ArcGisམཉེན་ཆས་རིམ་པ༡༠.༢. ༢ཀྱི་ཐོག་ནས་ཁྱབ་ཚུལ་ས་ཁྲ་བཀོད་པ་ཡིན།
◇གསུམ་པ། གྲུབ་འབྲས།
      ༡ མི་འབོར་དང་ནད་ཐོག་ཁྱད་ཆོས། དེ་ཡང་ཟླ་དང་པོའི་ཚེས༢༩པར་བསྡུས་པའི་ནད་པ་ཁྱོན༡༣༢༤ཡོད་པའི་ཁྲོད་ནད་ ངོས་དོགས་གཞི་ཅན༢༢༢ཡོད་པ་རྣམས་ཞིབ་ འཇུག་ལས་ཕྱིར་ཕུད་བྱས་ཤིང་། ནད་པ་གསུམ་ གྱི་ཐོག་མའི་སྙན་ཞུ་ཆ་མི་ཚང་བའི་དབང་གིས་ གཞི་གྲངས་གལ་ཆེན་རྣམས(ནད་ཐོག་ཕན་ འབྲས་དང་ནད་རྟགས་སོགས)མེད་པར་བརྟེན་ ད་ཐེངས་ཀྱི་སྙན་ཞུ་འདིའི་ནང་ཞིང་ཆེན་དང་ཞིང་ ཆེན་རིམ་པའི་གྲོང་ཁྱེར༣༡གི་སྨན་ཁང༥༥༢ ནས༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞིའི་ནད་པ༡༠༩༩ཡི་སྐོར་བཀོད་ཡོད། མི་འབོར་ཅི་ཙམ་ལ་ནད་ཐོག་ཁྱད་ཆོས་ཅི་ ཡོད་རེའུ་མིག་དང་པོའི་ནང་གསལ་བ་ལྟར་ལ། དེའི་ནང་ནས་བརྒྱ་ཆའི༢.༠༩ནི་འཕྲོད་བསྟེན་མི་ སྣ་ཡིན་ཞིང་། ནད་པའི་ཁྲོད་དུ་བདག་མེད་སྲོག་ ཆགས་འབྲེལ་གཏུག་བྱུང་བ་དང་། ཉེ་དུས་ཝུའུ་ ཧན་ལ་འགྲོ་མྱོང་བ། ཝུའུ་ཧན་ནས་ཡོང་བའི་མི་ དང་འབྲེལ་གཏུག་བྱུང་བ་བཅས་སྔ་ཕྱི་བཞིན་དུ་ བརྒྱ་ཆའི༡.༡༨དང་། བརྒྱ་ཆའི༣༡.༣༠ དེ་ བཞིན་བརྒྱ་ཆའི༧༡.༨༠བཅས་ཡོད་ལ། ནད་ པ༤༨༣(༤༣.༩༥)ནི་ཝུའུ་ཧན་གྱི་ཡུལ་མི་ཡིན་ པ་དང་། བརྒྱ་ཆའི༢༦.༠ནི་ཝུའུ་ཧན་མིན་པའི་ས་ ཆ་གཞན་ནས་ཡིན་ཞིང་། དེ་རྣམས་ཝུའུ་ཧན་དུ་ འགྲོ་མྱོང་མེད་ལ་ཝུའུ་ཧན་ནས་ཡོང་བའི་མི་དང་ ཡང་འབྲེལ་གཏུག་བྱེད་མྱོང་མེད། ནད་ཀྱི་གབ་ ཡུན་ཆ་སྙོམས་ཉི་མ་གསུམ(དུས་ཡུན་ཉིན༠- ༢༤བར)ཡིན། ནད་པའི་ཆ་སྙོམས་ལོ་གྲངས༤༧. ༠(གནས་བཞིའི་བར་ཐགinterquartile rang⁃es 四分位间距༣༥.༠ནས་༥༨.༠བར)ཡིན་པ་ དང་། བརྒྱ་ཆའི༤༡.༩བུད་མེད་ཡིན་ཞིང་། ན་ ཚོད་ཀྱི་དབྱེ་བ་མེད་པར་རྒན་གཞོན་ཀུན་ལ་ ༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞི་ཕོག་ཡོད་པ་ལས། ལོ་གྲངས༡༥མན་གྱི་ ནད་པ་བརྒྱ་ཆའི༠.༩ཡོད། ཐུན་མོང་གི་ནད་ རྟགས་ནི་ཚ་བ་རྒྱས་པ(་ བརྒྱ་ཆའི༨༧.༩)དང་གློ་ ལུ་བ(བརྒྱ་ཆའི༦༧.༧)ཡིན་ཞིང་། ཉུང་ཤས་ལ་ འཁྲུ་བ(བརྒྱ་ཆའི༣.༧)དང་སྐྱུག་པའི(བརྒྱ་ ཆའི༥.༠)རྟགས་ལྡན་པ་དང་། བརྒྱ་ཆའི༢༥. ༢ཀྱི་ནད་པར་མ་མཐར་ཡང་སྔར་ཡོད་ནད་གཞན་ (དཔེར་ན་ཁྲག་ཤེད་མཐོ་བ་དང་། དལ་འགག་གློ་ ནདchronic obstructive pulmonary disease慢性阻塞性肺病ལྟ་བུ)ཞིག་ཡོད། ནད་ཁང་ དུ་ཉར་སྐབས་ནད་ཚབས་ལ་གཞིགས་ཏེ་ནད་ པ༩༢༦ཚབས་ཆུང་དང་། ༡༧༣ཚབས་ཆེན་ལ་ དབྱེ་བ་དང་། ཚོ་ཆུང་དེ་གཉིས་བར་ན་ཚོད་ཀྱི་ ཁྱད་པར་ཆེན་པོ(ཆ་སྙོམས་ཧེ་བགmean differ⁃ence 平均差异༧.༠དང་། བརྒྱ་ཆའི༩༥ཡི་ ཡིད་རྟོན་ཁུལ95% confidence interval,95%置信区间༤.༤ནས༩.༦བར)ཡོད། གཞན་ ཡང་ཚབས་ཆེན་ནད་པའི་ནད་དཔེའི་ཁྲོད་དུ་སྔར་ ཡོད་ནད་གཞི་ཡོད་ཚད་དེ་ཚབས་ཆུང་ནད་དཔེ་ དང་བསྡུར་ན་མངོན་གསལ་གྱི་མཐོ་བ(བརྒྱ་ ཆའི༣༨.༢དང་བརྒྱ་ཆའི༢༢.༥ཡིན། P<༠. ༠༠༡)ཡོད། འོན་ཀྱང་འབྲེལ་གཏུག་ལོ་རྒྱུས་ཐད་ ཚོ་ཆུང་དེ་གཉིས་བར་ཁྱད་པར(གཉིས་ཀP>༠. ༠༥)ཆེན་པོ་མེད།

༢ འཕྲོ་འགྱེད་རིག་པ་དང་ཚོད་ལྟ་ཁང་གི་བརྟག་འབྲས། འཕྲོ་འགྱེད་དང་ཚོད་ལྟ་ཁང་གི་བརྟག་ འབྲས་རྣམས་རེའུ་མིག་གཉིས་པ་ལས་གསལ་ ཞིང་། ནད་ཁང་དུ་ཉར་རྗེས་བྲང་ལ་རྩིས་འཕྲུལ་ རིམ་དབྱེའི་པར་རྒྱག(computed tomography计算机断层扫描)བརྟག་དཔྱད་བྱས་པར་ བརྒྱ་ཆའི༧༦.༤ལ་གློ་ཚད་ཡོད་པར་མངོན་པ་ དང་། རྩིས་འཕྲུལ་རིམ་དབྱེའི་པར་རྒྱག་ལས་ མཐོང་མང་ཤོས་ཀྱི་རྟགས་ནི་ཤེལ་རིས་རྙོག་པ (ground - glass opacity 毛玻璃样征བརྒྱ་ ཆའི༥༠.༠)དང་། མཐའ་གཉིས་སུ་ཁྲ་རིས་གྲིབ་ ནག(bilateral patchy shadowing 双边斑驳阴影བརྒྱ་ཆའི༤༦.༠)གསལ་ཞིང་། མངོན་ རྟགས་གཙོ་བོ་དེ་རྣམས་ཡིན་དུ་ཟིན་ཀྱང་ནད་ དཔེ་ཚབས་ཆེན༩༢༦ལས༢༢༡དང་། ཚབས་ ཆུང༡༧༣ལས་༩ལ་འཕྲོ་འགྱེད་བརྟག་འབྲས་ རྒྱུན་ལྡན་ཡིན་ཞིང་ནད་རྟགས་དང་ལྡོག་འཁོར་ བརྒྱུད་འབེབས་འདུས་སྦྱོར་རྩབས་ཕྲེང་སྣང་ཚུལ (reverse - transcriptase polymerase -chain-reaction(RT-PCR)逆转录聚合酶链反应)གདགས་ཀྱི་རང་བཞིན་མངོན་པར་ གཞིགས་ཏེ་ནད་ངོས་བཟུང་བ(P<༠.༠༠༡) དང་། ཚབས་ཆེན་ནད་དཔེ་རྣམས་ནི་འཕྲོ་འགྱེད་ རིག་པའི་བྲང་གི་འཕྲོ་འགྱེད་དང་རྩིས་འཕྲུལ་རིམ་ དབྱེའི་པར་རྒྱག(computed tomography计算机断层扫描)ལས་ཚབས་ཆུང་དང་བསྡུར་ན་ ནད་ཅན་གྱི་རྟགས་མངོན་གསལ་དོད་པོ(ཆ་ཚང་P<༠.༠༥)ཡོད། ནད་ཁང་དུ་ཉར་རྗེས་ནད་པ་ བརྒྱ་ཆའི༨༢.༡ལ་རྨེན་བུའི་ཕྲ་ཕུང་བྲི་བ(lym⁃phopenia 淋 巴 细 胞 减 少)ད ང ་ ། བ རྒྱ ་ ཆའི༣༦.༢ལ་ཁྲག་ལེབ་ཆུང་བ་བྲི་བའི་རྟགས (thrombocytopenia 血小板减少)ཡོད་ཅིང་། སྤྱིའི་དབང་དུ་ནད་པ་བརྒྱ་ཆའི༣༣.༧ལ་ཁྲག་ རིལ་དཀར་པོ་བྲི་བའི་རྟགས(leukopenia 白细胞减少)མངོན་པའོ། ། གཞན་ཡང་ནད་པ་ཕལ་ཆེ་ བརCསྣང་ཚུལ་སྤྲི་དཀར(C-reactive protein, C反应蛋白)མཐོ་བ་མངོན་ཞིང་། ཨེམ་སྐྱུར་ག་ པའི་ཨེམ་རྨང་སྤོ་སྒྱུར་རྩབས(alanine amino⁃transferase 丙氨酸氨基转移酶)དང་། ཉེ་ ཤིང་ཨེམ་སྐྱུར་སྤོ་སྒྱུར་རྩབས།(aspartate ami⁃notransferase 天冬氨酸氨基转移酶)ཤ་ སྐྱུར་སྐུལ་རྩབས།(creatine kinase 肌酸激酶)Dཉིས་འདུས་གཟུགས(D-dimer,D-二聚体)བཅས་མཐོ་བ་ནི་ཅུང་མཐོང་མང་ཡིན། ཚབས་ཆེན་ནད་དཔེ་རྣམས་ལ་ཚབས་ཆུང་ནད་ དཔེ་དང་བསྡུར་ན་ཚོད་ལྟ་ཁང་གི་བརྟག་འབྲས་ ནད་ཅན(དཔེར་ན་ཁྲག་རིལ་དཀར་པོ་བྲི་བ་དང་། རྨེན་བུའི་ཕྲ་ཕུང་བྲི་བ། ཁྲག་ལེབ་ཆུང་བ་བྲི་བ། C སྣང་ཚུལ་སྤྲི་དཀར་མཐོ་བ་ལྟ་བུ་)ཡིན་པ་དེ་བས་ མངོན་གསལ་དོད་པོ(ཚང་མP<༠.༠༥)ཡོད།
      ༣ སྨན་བཅོས་དང་བླ་གཉན་ནད། སྤྱིའི་དབང་དུ་བྱས་ན། ནད་པ་བརྒྱ་ཆའི༣༨.༠ལ་གསོ་རླུང་གསོ་ཐབས(oxygentherapy 氧气疗法)དང་། བརྒྱ་ཆའི༦.༡ལ་ འཕྲུལ་འཁོར་དབུགས་གཏོང(mechanicalventilation 机械通气)སྤྱད་པ། བརྒྱ་ཆའི༥༧. ༥ལ་སྲིན་འགོག་སྨན(intravenous antibiotics静脉注射抗生素)སྡོད་རྩར་དྲངས་པ། བརྒྱ་ ཆའི༣༥.༨ལ་འོ་སེལ་ཐམ་ཝིར(Oseltamivir 奥司他韦)གྱི་གཉེན་པོ་བསྟེན་ཞིང་། བཅོས་ཐབས་ དེ་རྣམས་ཚབས་ཆེན་ནད་དཔེའི་ཁྲོད་བེད་སྤྱོད་ བརྒྱ་ཆ་ཧ་ཅང་མཐོ་བ(ཚང་མP<༠.༠༥)དང་།ཚབས་ཆེན་ནད་དཔེར་འཕྲུལ་འཁོར་དབུགས་ གཏོང(mechanical ventilation 机械通气) སྤྱོད་ཚད་དེ་ཚབས་ཆུང་ནད་དཔེ་དང་བསྡུར་ན་ ཧ་ཅང་མང་སྟེ་དེ་གཉིས་ཀྱི་བསྡུར་གྲངས་ནི་ གནོད་མེད་བརྒྱ་ཆའི༣༢.༣༧དང་བརྒྱ་ཆའི༠ P <༠.༠༠༡དང་། གནོད་ཅན་བརྒྱ་ཆའི༡༣. ༨༧དང་བརྒྱ་ཆའི༠ P<༠.༠༠༡ཡིན། དེ་ བཞིན་ནད་པ་བརྒྱ་ཆའི༡༨.༦ལ་མ་ལག་ཅན་གྱི་པགས་རྒྱུའི་སྐུལ་རྩི(Systemic corticosteroid全皮质激素/全皮质类固醇)སྤྱད་པ་དང་། ཚབས་ཆེན་ཚོ་ཆུང་ལ་སྤྱོད་ཚད་དེ་ཚབས་ཆུང་ ནད་པ་ལས་མང་བ(བརྒྱ་ཆའི༤༤.༥དང་༡༣. ༧ P<༠.༠༠༡)ཡོད། གཞན་ཡང་ཚབས་ཆེན་ ནད་དཔེ་༥ལ་ལུས་ཕྱིའི་སྐྱི་ལྡན་གསོ་རླུང་འདུས་ མ(extracorporeal membrane oxygenation体外膜氧合)བེད་སྤྱོད་བྱས་ཤིང་ཚབས་ཆུང་ ནད་དཔེ་ལ་སྤྱད་མེད།(P<༠.༠༠༡) ནད་སྡོད་སྨན་བཅོས་བྱེད་རིང་། བླ་ གཉན་ནད་མཐོང་མང་ཤོས་ནི་གློ་ཚད(་ བརྒྱ་ ཆའི༧༩.༡)དང་། གཞན་ཡང་དོས་དྲག་ དབུགས་འགག་འདུས་ནད(ARDS 急性呼吸窘迫综合征བརྒྱ་ཆའི༣.༣༧)དང་། ཤོ་ཁེའམ་ དྲན་པ་ཐོར་བ(་ Shock 休克བརྒྱ་ཆའི༡. ༠༠)བཅས་ཡིན། ཚབས་ཆེན་ནད་དཔེར་བླ་ གཉན་ནད་ཀུན་གྱི་བྱུང་ཚད་ཚབས་ཆུང་ནད་ དཔེ་དང་བསྡུར་ན་ཧ་ཅང་མཐོ།(བརྒྱ་ཆའི༩༤. ༩དང་བརྒྱ་ཆའི༧༢.༢ P<༠.༠༠༡)

༤ ནད་ཐོགག་ཕན་འབྲས། སྨན་བཅོས་བྱེད་པའི་གནས་སྐབས་སུ་ནད་པ་བརྒྱ་ཆའི༥.༠༠དོས་དྲག་བལྟ་སྐྱོང་ཚན་པ (ICU)རུ་ཞུགས་པ་དང་། བརྒྱ་ཆའི༢.༡༨ལ་ གནོད་ཅན་དབུགས་གཏོང(invasive ventila⁃tion 有创通气)དགོས་པ། བརྒྱ་ཆའི༡.༣༦ཚེ་ ལས་འདས་པ་དང་། དེ་བཞིན་དུ་ནད་པ༦༧(བརྒྱ་ ཆའི༦.༡༠)ཕྱོགས་བསྡུས་མཐའ་སྣེར(Compos⁃ite endpoint复合重点)སླེབས་པའོ།།

དེ་ཡང་སྡོམ་རྩིས་དབྱེ་ཞིབ་རིག་པའི་རྐྱང་ པའི་གྲངས་འགྱུར་རྩོད་ལེན་ཉེན་ཁའི་རྣམ་པ་ (univariate competing risk model 单变量竞争风险模型)ལས་འདི་ལྟར་གསལ་ཏེ། གློ་ ཚད་ཚབས་ཆེན་ནད་དཔེ(ཁྱབ་ཚུལ་ཆུང་ངུའི་ ཉེན་ཁའི་ཁྱབ་ཚདsub-distribution hazardsratio 子分布危害比༩.༨༠༣དང་། བརྒྱ་ ཆའི༩༥ཡི་ཡིད་རྟོན་ཁུལ95%置信区间༤.༠༦ནས༢༣.༦༧བར་ཡིན།)དང་། ཁྲག་རིལ་ དཀར་པོའི་གྲངས་ཚད༤,༠༠༠/mm3ལས་མཐོ་བ། (ཁྱབ་ཚུལ་ཆུང་ངུའི་ཉེན་ཁའི་ཁྱབ་ཚད༤.༠༡དང་།བརྒྱ་ཆའི༩༥ཡི་ཡིད་རྟོན་རུང་ཡུལ༡.༥༣ནས༡༠. ༥༥བར་ཡིན།)བྲང་གི་འཕྲོ་འགྱེད་ལས་བར་ཐག་ ཅན་གྱི་ནད་ཅན(interstitial abnormality 间质异常)རྟགས་མངོན་པ(ཁྱབ་ཚུལ་ཆུང་ངུའི་ ཉེན་ཁའི་ཁྱབ་ཚད༤.༣༡དང་། བརྒྱ་ཆའི༩༥ཡི་ ཡིད་རྟོན་རུང་ཡུལ༡.༧༣ནས༡༠.༧༥བར་ ཡིན།)བཅས་ཕྱོགས་བསྡུས་མཐའ་སྣེ(Compos⁃ ite endpoint复合重点)དང་འབྲེལ་ཡོད།

◇བཞི་པ། གྲོས་བསྡུར། 

ཞིབ་འཇུག་འདི་ལས་མངོན་པར་གཞིགས་ ན། ༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞིའི་ནད་པ་སྨན་བཅོས་ལ་ཡོང་སྐབས་བརྒྱ་ ཆའི༤༣.༨ལ་མ་གཏོགས་ཚ་བ་རྒྱས་པའི་སྣང་ ཚུལ་མེད་ཀྱང་ནད་ཁང་དུ་ཞུགས་རྗེས་ནད་པ་ བརྒྱ་ཆའི༨༧.༩ལ་ཚ་བ་རྒྱས་པ་དང་། ནད་དཔེ་ བརྒྱ་ཆའི༡༥.༧ལ་ཚབས་ཆེན་གློ་ཚད་ཕོག་ ཡོད། དེ་བཞིན་ཚབས་ཆེན་ནད་དཔེ་བརྒྱ་ ཆའི༢༣.༩དང་། ཚབས་ཆུང་ནད་དཔེ་བརྒྱ་ ཆའི༥.༢ལ་ཐོག་མར་སྨན་ཁང་དུ་ཡོང་སྐབས་ འཕྲོ་འགྱེད་རིག་པའི་ཐོག་ནས་ནད་མེད་ཡིན་ པར་མངོན་པ་དང་། འཁྲུ་བའི་ནད་རྟགས་ནི་ མཐོང་ཉུང་བ་ཞིག་ཡིན། གཞན་ཡང༢༠༡༩པྲོག་ དབྱིབས་དབུགས་ལམ་དོས་དྲག་ནད་གཞིའི་འཆི་ ཚད་ནི་པྲོག་དབྱིབས་ནད་དུག་གི་རིགས་ལས་བྱུང་ བའི་ས་སིའམ་དམིགས་བསལ་གློ་ཚད་དང་དབུས་ ཤར་གྱི་དབུགས་ལམ་འདུས་ནད(མར་སི)ལས་ དམའ་བ་ཡོད་ལ་ནད་དེའི་གབ་ཡུན་ཆ་སྙོམས་ཉིན་ གསུམ་ཡིན་པ་དང་། ནད་དེ་ཉེན་ཚབས་ལྕི་བས་ ཐད་ཀར་ཕྱོགས་བསྡུས་མཐའ་སྣེ(Compositeendpoint复合重点)སྔོན་དཔག་བྱེད་ཐུབ། ང་ཚོའི་ཞིབ་འཇུག་ལས་ནད་གཞི་འདི་མི་ དང་མིའི་དབར་འགོ་མཆེད་བྱུང་བའི་སྣང་ཚུལ་ ལ་དཔང་རྟགས་ཁུངས་བཙན་བྱུང་ཡོད་དེ། ནད་ པའི་ནང་ནས་བཞི་ཆ་གསུམ་ཝུའུ་ཧན་གྱི་ཡུལ་ མིའམ་ཡང་ན་ཝུའུ་ཧན་ནས་ཡོང་བའི་མི་དང་ འབྲེལ་གཏུག་བྱུང་ཡོད་ཅིང་། ཐད་ཀར་བདག་ མེད་སྲོག་ཆགས་དང་འབྲེལ་གཏུག་བྱུང་བའི་ ནད་པ་བརྒྱ་ཆའི༡ཙམ་ལས་མེད་པ་དང་། ནད་ དཔེ་ཕལ་ཆེ་བ༢༠༢༠ལོའི་ཟླ་དང་པོའི་ ཚེས༡གི་རྗེས་སུ་བསྡུས་པ་ཡིན། དེ་ཡང་ཉེ་དུས་ ཀྱི་གསར་འགོད་གནས་ཚུལ་དང་མཐུན་པར་ འགོས་མཆེད་བྱུང་སྟངས་ཐད་ནང་མི་སྤུན་མཆེད་ འཛོམས་པ་ལས་མཆེད་པ་དང་། ནད་རྟགས་མེད་ པའི་མི་སྒེར་ལས་འགོས་པ། དུས་སྐབས་གསུམ་ པའི་འགོས་མཆེད་རྣམ་པ་བཅས་གསུམ་ཡོད་ ཅིང་། ང་ཚོའི་ཞིབ་འཇུག་ལས་འགོས་ཁྱབ་བྱེད་པོ་ ཁྱད་པར་བ(super - spreaders 超级传播者)ཞིག་མེད་པར་ངོས་འཛིན་མི་བྱེད། ནད་ཀྱི་ གབ་ཡུན་ཆ་སྙོམས་ཉིན་གྲངས་ནི་ཉེ་དུས་ཀྱི་ནད་ པ༤༢༥ཡི་སྙན་ཞུ་དེ་ལས་ཅུང་ཟད་ཐུང་བ(ཉིན་མ༣. ༠དང་ཉིན་མ༥.༢)ཡོད་པ་དང་། བུ་དཔེ(sample样本)འབོར་ཆེན་ལས་བྱུང་བའི་འབྲས་བུ་འདི་རྣམས་ཀྱིས་ནད་པའི་འབྲེལ་གཏུག་བྱེད་མཁན་ཉེ་ཤོས་རྣམས་ཀྱི་ལོགས་དབྱེའི་དུས་ཡུན་མཛུབ་སྟོན་ བྱེད་པར་དཔང་རྟགས་མཁོ་འདོན་བྱས་ཡོད། དེ ་ཡ ང ་འ གོ ས ་ལ མ ་གྱི ་ད བ ང ་གི ས ་ ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་མྱུར་ དུ་མཆེད་པ་ཡིན་ཏེ། དབུགས་ལམ་གྱི་མཆིལ་ ལུད་དང་། ཐད་ཀའི་འབྲེལ་གཏུག་གི་འགོས་ ལམ་གཉིས་པོ་ནི་ནད་འདི་ཙམ་མ་ཟད་ས་སི་ པྲོག་དབྱིབས་ནད་དུག་དང་། མར་སི་པྲོག་ དབྱིབས་ནད་དུག ། རིམ་མཐོའི་ཆམ་རིམས་ བཅས་ཀྱི་རྒྱུན་མཐོང་འགོས་ལམ་ཡིན་ཞིང་། དེ་ བཞིན་ང་ཚོས་སྤེལ་བའི་སྔོན་འགྲོའི་ཚོད་ཞིབ་ གསར་ཤོས་ལ་གཞིགས་ན། བཤང་བའི་དངོས་ དཔེ༦༢ནང་ནས༤ལ༢༠༡༩པྲོག་དབྱིབས་ནད་ དུག་གསར་པའི་ཚོད་ལྟ་ནད་ཅན་མངོན་པ་དང་། དེ་མིན་ནད་པ་བཞི་ལ་ཕོ་རྒྱུའི་ལམ་དང་། མཆི་ མའམ་དྲི་ཆུ་བཅས་ལས་གཞང་གི་བརྟག་དངོས་ བཤེར་འབྲས་སུ༢༠༡༩པྲོག་དབྱིབས་ནད་དུག་ གསར་པའི་ཚོད་ལྟ་ནད་ཅན་ཡིན་པར་མངོན། གཞན་ཡང་ནད་པ་གཅིག་ལ་རིམས་ནད་འདིའི་ རྟགས་མངོན་པ་དང་སྦྲགས་འཇུ་བྱེད་རྨ་ངན་ ཡོད་པས་མིད་པའི་རྨ་ཤུལ་དང་ཁྲག་དོན་སར་ ཐ ད ་ ཀ ར ་ བ རྟ ག ་ བ ཤེ ར ་ བྱ ས ་ འ བྲ ས ་ སུ༢༠༡༩པྲོག་དབྱིབས་ནད་དུག་གསར་པ་ཡོད་ པར་མངོན། མདོར་ན། ༢༠༡༩པྲོག་དབྱིབས་ ནད་དུག་གསར་པ་འགོས་མཆེད་མྱུར་པོ་ཡོང་ དོན་གཙོ་བོ་ཞིག་ནི་ནད་ཅན་ཕྲ་སྲིན་ལས་འགོས་ པ་ཡིན་པར་བརྟེན་ཕོ་རྒྱུའི་དྲི་མ་བརྒྱུད་ནས་ འགོས་པ་དེ་འཕྲོད་བསྟེན་བདེ་སྲུང་གི་ནང་དོན་ གལ་ཆེན་ཞིག་ཏུ་བརྩི་འོས་ཤིང་། གོང་གི་གནས་ ཚུལ་འདི་རྣམས་ལ་གཞིགས་ནས་མ་ལག་ཅན་གྱི་ སྲུང་སྐྱོབ་བྱ་ཐབས་སྤེལ་ན་དུས་ཐུང་ནང་འཛམ་ གླིང་ཁྱོན་ལ་མཆེད་པར་བཀག་སྡོམ་བྱེད་ཐུབ། ང ་ཚོ འི ་ཞི བ ་འ ཇུ ག ་གི ་བ རྒྱུ ད ་རི མ ་ ནང༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞི་ཞེས་པའི་མིང་ཐོགས་པའི་ནད་དཔེ་ རྣམས་ལས་གསལ་བར་གཞིགས་ན་ཚོད་ལྟ་ཁང་ ནས་གཏན་འཁེལ་བྱས་པའི་མ་ལག་ཅན་གྱི་ནད་ དཔེ་རྣམས་ལ་འཕྲོ་འགྱེད་རིག་པའི་མངོན་ རྟགས་དམིགས་བསལ་ཅན་ཡོང་དགོས་ངེས་མ་ ཡིན་ལ། གློ་ཚད་ཀྱང་ཡོད་དགོས་ངེས་མ་ཡིན་ཞིང་། ནད་པ་བརྒྱ་ཆའི༢༠.༩ལ༢༠༡༩པྲོག་དབྱིབས་ནད་ དུག་གསར་པ་འགོས་ཀྱང་ནད་དུག་རང་བཞིན་གྱི་གློ་ ཚད(viral pneumonia 病毒性肺炎)མེད་ པའམ་པྲོག་དབྱིབས་ནད་དུག་ཕོག་རྗེས་གཞི་ནས་ ནད་དུག་རང་བཞིན་གྱི་གློ་ཚད(viral pneumo⁃ nia 病毒性肺炎)ཕོག་པའི་གནས་ཚུལ་བྱུང་ ཡོད། དེས་ན་ང་ཚོས་ནད་གཞི་མ་རྒྱས་གོང་གི་ཐོག་ མའི་དུས་སྐབས་སུ་ནད་པ་ངོས་འཛིན་དང་དོ་དམ་ བྱེད་རྒྱུ་གཙོ་བོར་འཛིན་རྒྱུའི་སྐུལ་སློང་བྱ་རྒྱུ་ཡིན། ཉེ་དུས་དཔེ་སྐྲུན་བྱས་པའི་དཔྱད་རྩོམ་ འགའ་རེར༢༠༡༩པྲོག་དབྱིབས་དབུགས་ལམ་ དོས་དྲག་ནད་གཞིའི་ནད་ཐོག་ཁྱད་ཆོས་རྣམས་ནི་ ས་སི་པྲོག་དབྱིབས་ནད་དུག་དང་གཅིག་མཚུངས་ སུ་བཤད་ཡོད་ཀྱང་། ད་ཐེངས་ཀྱི་ནད་འདིར་ཚ་ བ་རྒྱས་པ་དང་གློ་ལུ་བ་ནི་ནད་རྟགས་གཙོ་བོ་ དང་། ཕོ་རྒྱུའི་ནད་རྟགས་མཐོང་ཉུང་བ་ལས་ས་ སི་པྲོག་དབྱིབས་ནད་དུག་དང་། མར་སི་པྲོག་ དབྱིབས་ནད་དུག ། ཆམ་རིམས་བཅས་དང་ བསྡུར་ན་ནད་དུག་གི་རང་གཤིས་མི་འདྲ་བ་ཡིན་ པར་བསྟན། དོ་སྣང་དགོས་པ་ཞིག་ལ་ཐོག་མར་ ནད་གཞི་བརྟག་དཔྱད་བྱེད་སྐབས་ཚ་བ་རྒྱས་ པའི་ནད་པ་བརྒྱ་ཆའི༤༣.༨མ་གཏོགས་མེད་ ཅིང་སྨན་ཁང་དུ་ཞུགས་རྗེས་ཚ་བ་རྒྱས་པ་བརྒྱ་ ཆའི༨༧.༩ཡོད། སར་སི་པྲོག་དབྱིབས་ནད་དུག་ (བརྒྱ་ཆའི༡)དང་། མར་སི་པྲོག་དབྱིབས་ནད་དུག(བརྒྱ་ཆའི༢)འགོས་པ་དང་བསྡུར་ ན༢༠༡༩པྲོག་དབྱིབས་དབུགས་ལམ་དོས་དྲག་ ནད་གཞིར་ཚ་བ་རྒྱས་མེད་པའི་སྣང་ཚུལ་མཐོང་ མང་བ་ཡོད་པས། ལྟ་གཤེར་ནད་དཔེའི(sur⁃veillance case 监视病例)གཞི་འཛིན་ས་ གཙོ་བོ་ཚ་བ་རྒྱས་པའི་མངོན་ཚུལ་ལ་བྱས་ན་ ནད་པ་དེ་རིགས་སྣང་མེད་དུ་ཤོར་ཉེན་ཡོད། དེ་ བཞིན་ཉེ་དུས་ཀྱི་སྙན་ཞུ་གཞན་གཉིས་དང་འདྲ་བར་རྨེན་བུའི་ཕྲ་ཕུང་བྲི་བའི་རྟགས(lympho⁃penia淋巴细胞减少症)ནི་རྒྱུན་མཐོང་ཡིན་ ཞིང་ནད་དཔེ་འགའ་རེར་བྲི་ཚབས་ཆེན་པོ་ ཡོད། ཇི་ལྟར་ཡང་། ང་ཚོས་བུ་དཔེ(sample 样 本)འབོར་ཆེན་དང་ཀྲུང་གོའི་ས་གནས་ཁག་ ནས་བསྡུས་པའི་ནད་དཔེ་ལས་ཉེ་དུས་ཀྱི་སྙན་ཞུ་ གཞན་དང་བསྡུར་ན་འཆི་ཚད(བརྒྱ་ཆའི༡. ༤)ཧ་ཅང་དམའ་མོ་ཡིན་པ་ཤེས་ཤིང་། ནུས་ ལྡན་འགོག་སྲུང་ལས་འགུལ་སྤེལ་བཞིན་པའི་ ཀོང་ཏུང་ཞིང་ཆེན( N=༦༠༣ )ནས་བླངས་ པའི་ཞིབ་འཇུག་གཞི་གྲངས་རྣམས་དང་ལྷན་ ཅིག་ཏུ་འདོམས་ནས་དབྱེ་ཞིབ་བྱས་རྗེས་འཆི་ ཚད(བརྒྱ་ཆའི༠.༨༨)དེ་བས་དམའ་བ་ཡིན་ པར་མངོན། ང་ཚོའི་དཔྱད་འབྲས་དང་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྡོམ་རྩིས་མཐུན་པར༢༠༢༠ ལོའི་ཟླ༢པའི་ཚེས༦བར་གྱི་ནད་དཔེ༢༨༠༡༨ ཀྱི་ཁྲོད་ནས་ཀྲུང་གོའི་ཚེ་འདས་མི་གྲངས་བརྒྱ་ ཆའི༢. ༠༡ཡིན་པར་གསལ། ཀོང་ཏུང་ཞིང་ཆེན་གྱི་འཆི་ཚད་མངོན་གསལ་དམའ་མོ་ཡོང་དོན་ནི་སྔ་མོ་ནས་ལོགས་དབྱེ་དང་། སྔ་མོ་ནས་ངོས་འཛིན། སྔ་མོ་ནས་དོ་དམ་བཅས་ཐུབ་པའི་ དབང་ལས་བྱུང་བར་སྙམ། གཞན་ཡང་། དཀྱིལ་མའི་དོ་དམ(central management 中央管理)(དཔེར་ན་ཝུའུ་ཧན་ཅིན་ཡིན་དན་སྨན་ ཁང་ལྟ་བུ)ལ་བརྟེན་ནས་འཕྲོད་བསྟེན་ནུས་ཤུགས་ཞན་པོ་ཆགས་པའི་དབང་གིས་འཆི་ཚད་ཀྱང་མཐོན་པོ་ཆགས་པ་ཡིན།།
      གོང་གསལ་གནས་ཚུལ་རྣམས་ལས་མང་ཚོགས་དང་། ནད་ཐོག་སྨན་པ། དོ་ དམ་པ་བཅས་ལ་སྤྱི་ཚོགས་དངངས་སྐྲག་བསྐྱེད་པར་བྱེད་པའི༢༠༡༩པྲོག་དབྱིབས་ནད་དུག་གསར་པའི་འགོས་མཆེད་ནུས་པ་དངོས་གསལ་བཤད་བྱ་ཐུབ། ང་ཚོའི་ཞིབ་འཇུག་འདིར་རྒྱལ་སྤྱིའི་མཛུབ་སྟོན་ལ་གཞིགས་ཏེ་ནད་ཁང་དུ་ཞུགས་སྐབས་ཀྱི་ཉེན་ཚབས་ཆེ་ཆུང་ལ་ལྟོས་ནས༢༠༡༩པྲོག་དབྱིབསདབུགས་ལམ་དོས་དྲག་ནད་གཞིའི་ནད་ པ་རིམ་དབྱེ་བྱས་ཤིང་། ཚབས་ཆེན་ནད་དཔེ་ རྣམས་ཕྱོགས་བསྡུས་མཐའ་སྣེར(compositeendpoint复合重点)སླེབས་པའི་ཉེན་ཁ་ཧ་ཅང་ ཆེན་པོ་ཡོད་པ་དང་། ཉེན་ཁའི་རང་བཞིན་དེ་ཡང་ ནད་ཐོག་དངོས་ཀྱི་ནད་ཚབས་ཆེ་ཆུང་དང་། ཚོད་ལྟ་ཁང་གི་བརྟག་འབྲས། བྲང་གི་འཕྲོ་འགྱེད་བརྟག་ འབྲས་བཅས་ཀྱི་གལ་ཆེ་ཆུང་ལ་གཞིགས་ནས་མངོན་ཐུབ། དེ་བཞིན་ང་ཚོས་སྤྱད་པའིMuLBSTAསྐར་ རྒྱག་ཚད་གཞི་ནི་ནད་དུག་གློ་ཚད་ཀྱི་འཆི་ཚད་སྔོན་ དཔག་བྱེད་པའི་ཉེན་གཏོང་རྣམ་པ(early warn⁃ing model预警模型)ཞིག་ཡིན་པས་དོན་དངོས་ ཀྱི་འགྱུར་ལྡོག་ལ་འགན་སྲུང་བྱེད་ཐུབ། སྤྱིར་ནད་འདི་ས་སི་པྲོག་དབྱིབས་ནད་དུག་དང་ངོ་བོ་གཅིག་མཚུངས་ཀྱི་རྣམ་པ་མངོན་གསལ་ ཆེ་ན་ཡང་། ས་སི་པྲོག་དབྱིབས་ནད་དུག་དང་།མར་སི་པྲོག་དབྱིབས་ནད་དུག ། དུས་ཚིགས་ཆམ་རིམས་བཅས་དང་བསྡུར་ན་ནད་ཐོག་ཁྱད་ཆོས་མི་ འདྲ་བ་འགའ་རེ་ཡོད་པ་སྒོ་བསྟེན་དང་ནད་ཁང་གི་ དབུགས་ལམ་ནད་པའི་ཁྲོད་མཐོང་མང་བ་ཡིན།

ང་ཚོའི་ཞིབ་འཇུག་འདིར་ཚད་བཀག་དམིགས་བསལ་ཅན་འགའ་རེ་བྱུང་ཡོད་དེ། དང་ པོ་ནི་ལས་འདིར་ཞུགས་མཁན་ས་གནས་མི་འདྲ་བ་མང་བ་དང་། གཞི་གྲངས་བསྡུ་ལེན་གྱི་དུས་ ཚོད་ཚད་བཀག་བྲེལ་འཚུབ་ཆེ་བའི་དབང་གིས་གློག་རྡུལ་གཞི་གྲངས་མཛོད་ཀྱི་གྲུབ་ཆར་འགྱུར་བ་ བྱུང་སྟེ་ནད་དཔེ་འགའ་རེར་འབྲེལ་གཏུག་ལོ་རྒྱུས་ དང་། ནད་རྟགས། ཚོད་ལྟ་ཁང་གི་བརྟག་འབྲས་བཅས་ཆ་མི་ཚང་བ་དང་། ནད་དཔེ་འགའ་རེ་སྒོ་ བསྟེན་སྨན་ཁང་དུ་ནད་ངོས་བཟུང་སྐབས་ནད་ཐོ་ཏོག་གསར་གློ་ཚད་སྐོར་གྱི་ཆེད་སྒྲིག མདོར་བསྡུས་བྲིས་པ་དང་ཚོད་ལྟ་ཁང་གི་བརྟག་ དཔྱད་ཆ་ཚང་བ་བྱས་མེད། དེ་བཞིན་ཆེད་ལས་ཚན་ཁག་མིན་པའི་སྨན་ཁང་གི་རྨང་གཞིའི་སྒྲིག་ ཆས་དང་སྨན་དོན་མི་སྣའི་ཟབ་སྦྱོང་ཞན་པ་མ་ཟད་ནད་དཔེ་འབོར་ཆེན་ཞིག་བྱུང་བའི་དབང་ གིས་ལས་གནས་དེའི་སྨན་དོན་མི་སྣ་ངལ་བས་ མནར་ཏེ་ཉེན་ཁའི་གནས་སུ་ལྷུང་ཡོད། གཉིས་པ་ནི་ནད་པ་མང་པོ་ཞིག་ད་དུང་ནད་ཁང་ནང་ཡོད་ པས་ཕྱོགས་བསྡུས་མཐའ་སྣེའི(composite end⁃point复合重点)ཉིན༢༨ཀྱི་ཚད་དེ་བསྡུར་བ་བྱས་མེད་ཅིང་། མི་མངོན་པའི་ཕྱོགས་ལྷུང་མི་ ཡོང་བའི་ཆེད་དུ་རྩོད་ལེན་ཉེན་ཁའི་རྣམ་པར (competing - risk model 竞 争 风 险 模型)བརྟེན་ནས་དབྱེ་ཞིབ་བྱས་ཡོད། གསུམ་པ་ ནི་རང་ཁྱིམ་དུ་ཡོད་པའི་ནད་རྟགས་མེད་པའི་ ནད་པ་དང་། ནད་ཚབས་ཡང་བའི་རིགས་ རྣམས་ཚུད་མེད་པས་ང་ཚོའི་ཞིབ་འཇུག་གི་ འབྲས་བུ་འདི་ནི༢༠༡༩པྲོག་དབྱིབས་དབུགས་ ལམ་དོས་དྲག་ནད་གཞིའི་ཅུང་ཚབས་ཆེ་བའི་ གནས་ལ་སླེབས་པའི་ནད་པ་རྣམས་ཀྱི་གནས་ ཚུལ་མཚོན་པར་སྙམ། འོན་ཀྱང་། ནད་པ་ཉུང་ ཤས་ཤིག་གི་འཕྲོ་འགྱེད་རིག་པའི་བརྟག་འབྲས་ རྒྱུན་ལྡན་ཡིན་པས་ནད་གཞིའི་ཐོག་མའི་དུས་ སྐབས་ཀྱི་ནད་པའང་ཚུད་ཡོད། མཇུག་ཏུ། ང་ཚོས་འཛམ་གླིང་གི་ཁས་ལེན་ཚད་གཞིའི་དབང་ གིས་ད་ཡོད་རྒྱལ་སྤྱིའི་མཛུབ་སྟོན་ལ་དཔྱད་གཞི་བྱས་ཏེ༢༠༡༩པྲོག་དབྱིབས་ནད་དུག་གསར་ པའི་ཉེན་ཚབས་ཆེ་ཆུང་དབྱེ་བའོ། །