འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།ཚ་ཁུལ་འདི་རུ་ཉ་ཆེན་ཧྲ་ཡུས་རིགས་གསར་པ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཚ་ཁུལ་འདི་རུ་ཉ་ཆེན་ཧྲ་ཡུས་རིགས་གསར་པ་ཞིག་རྙེད་འདུག
     མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་1ཚེས་20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧྲི་སྨི་སེན་ཚ་ཁུལ་ཞིབ་འཇུག་ཁང་གིས་ཕ་ན་མའི་ཅ་ལེ་པེ་མཚོ་ནས་ཉ་ཆེན་ཧྲ་ཡུས་རིགས་གསར་པ་ཞིག་རྙེད་ཡོད་པ་རེད། ཧྲི་སྨི་སེན་ཚ་ཁུལ་ཞིབ་འཇུག་ཁང་གིས་བཤད་རྒྱུར། སི་ཕེན་གྱི་ཞིང་ལས་ཉ་ལས་ཟས་རིགས་པུའུ་(MAPA)ལ་དྲན་གསོ་བྱ་ཆེད། ཉ་ཆེན་དེ་ལ་Squatina mapaaཞེས་མིང་བཏགས་ཡོད། དངོས་རིགས་དེ་2010ལོ་དང་2011ལོའི་མྱུལ་དཔྱད་ཐེངས་གཉིས་ནང་ཤེས་རྟོགས་བྱུང་བ་མ་ཟད། དཔྱད་རྩོམ་གསར་པ་ཞིག་གི་ནང་རྒྱས་བཤད་བྱས་ཡོད། དཔྱད་རྩོམ་དེ་ནི་ཧྲི་སྨི་སེན་ཚ་ཁུལ་ཞིབ་འཇུག་ཁང་གི་ཚན་རིག་མཁས་ཅན་Ross Robertsonཡིས་བྲིས་པ་ཞིག་ཡིན་པ་མ་ཟད། 2021ལོའི་ཟླ་12ཚེས་29ཉིན《རྒྱ་མཚོའི་ཚན་རིག་ཐེབས་རྩ་ལྷན་ཚོགས་ཀྱི་དུས་དེབ》ཐོག་བཀོད་ཡོད།
༄༅།།ཚ་ཁུལ་འདི་རུ་ཉ་ཆེན་ཧྲ་ཡུས་རིགས་གསར་པ་ཞིག་རྙེད་འདུག
༄༅།།ཚ་ཁུལ་འདི་རུ་ཉ་ཆེན་ཧྲ་ཡུས་རིགས་གསར་པ་ཞིག་རྙེད་འདུག