འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དྲན་སྐུལ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོའི་འཕྲིན་ཕྲན་སྤྱི་སྟེགས་ཀྱི་ཆ་འཕྲིན་ལ་གཞིགས་ན། རྒྱ་གར་གྱི་འཕྲོད་བསྟེན་དང་ཁྱིམ་ཚང་ཕན་བདེ་པུའུ་ཡིས་2022ལོའི་ཟླ་1ཚེས་7ཉིན《རྒྱལ་སྤྱིའི་འགྲུལ་པ་འབྱོར་བའི་ཕྱོགས་སྟོན》གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་ཟླ་1ཚེས་11ཉིན་གྱི་ནམ་གུང་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱ་གར་དུ་བསྐྱོད་མཁན་རྒྱལ་སྤྱིའི་འགྲུལ་པས་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
   གཅིག ལམ་ལ་མ་ཆས་གོང་གཤམ་གསལ་གྲ་སྒྲིག་བྱེད་དགོས། 
(གཅིག)Air Suvidhaདྲ་ཚིགས་(https://www.newdelhiairport.in/airsuvidha/apho-registration) སུ་ཞུགས་ནས། རང་ཉིད་ཀྱི་གསལ་བསྒྲགས་རེའུ་མིག་སྐོང་འབྲི་བྱས་ཏེ། ཆ་འཕྲིན་ཆ་ཚང་ཞིང་བདེན་པ་ཞུ་འབུལ་བྱ་དགོས་ཤིང་། དེའི་ནང་འདས་ཟིན་པའི་ཉིན་14ཡི་ཡུལ་སྐོར་གནས་ཚུལ་ཞིབ་གསལ་ཚུད་ཡོད།
   (གཉིས།)ལམ་ལ་མ་ཆས་གོང་ཆུ་ཚོད་72ནང་གི་RT-PCRཉིང་སྐྱུར་ཞིབ་བཤེར་སྲིབས་གཤིས་ཡིན་པའི་སྙན་ཞུ་འབུལ་དགོས། 
    (གསུམ།)ཞིབ་བཤེར་སྙན་ཞུ་ངོ་མ་ཡིན་པའི་སྐོར་གྱི་གསལ་བསྒྲགས་འབུལ་དགོས། གལ་ཏེ་བདེན་པ་མིན་ན་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ། 
   (བཞི།)དྲ་ཚིགས་དེའི་ཐོག་གམ་ཡང་ན་མཁའ་འགྲུལ་ཀུང་སི་བརྒྱུད་ནས་རྒྱ་གར་གྱི་དམངས་སྤྱོད་མཁའ་འགྲུལ་པུའུ་ལ་གཤམ་གསལ་ཁས་ལེན་བྱ་རྒྱུ་སྟེ། རྒྱ་གར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་དགོས་མཁོར་གཞིགས་ཏེ་ཁྱིམ་སྡོད་བྱེད་པའམ་ཡང་ན་གཅིག་སྡུད་ལོགས་བཀར་བྱེད་པ་དང་། རང་ཉིད་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
    (ལྔ།)Air Suvidhaདྲ་ཚིགས་སུ་རྒྱ་གར་དུ་འབྱོར་རྗེས་ཀྱི་ཉིང་སྐྱུར་ཞིབ་བཤེར་བྱ་རྒྱུ་སྔོན་མངགས་བྱས་ན་ལེགས། 
   (དྲུག)སྤོ་སྒུལ་སྒྲིག་ཆས་ཐོག་Aarogya Setuཉེར་སྤྱོད་གོ་རིམ་ཕབ་ལེན་བྱས་ན་ལེགས། 
   གཉིས། གནམ་གྲུ་འབྱོར་རྗེས་ཡིད་གཟབ་བྱ་རྒྱུ། 
(གཅིག)གནམ་གྲུ་ཐང་གི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་དཔོན་རིགས་ལ་དྲ་ཐོག་ནས་བྲིས་པའི་རང་ཉིད་ཀྱི་གསལ་བསྒྲགས་རེའུ་མིག་སྟོན་དགོས། 
(གཉིས།)གནམ་གྲུ་ཐང་གི་གཟུགས་པོའི་དྲོད་ཚད་འདེམས་བཤེར་དང་ལེན་ཞུ་དགོས་ཤིང་། གལ་ཏེ་འབྲེལ་ཡོད་ནད་རྟགས་ཐོན་ཚེ་འཕྲལ་མར་ལོགས་སུ་བཀར་ནས་སྨན་བཅོས་ཚན་པར་སྐྱེལ་དགོས།  
 (གསུམ།) གནམ་གྲུ་ཐང་དུ་རང་གྲོན་བཏང་ནས་ཉིང་སྐྱུར་ཞིབ་བཤེར་བྱེད་དགོས། མཇུག་འབྲས་བྱུང་རྗེས་ད་གཟོད་གནམ་གྲུ་ཐང་ནས་ཁ་བྲལ་བའམ་ཡང་ན་གནམ་གྲུ་བརྗེ་ཆོག 
   (བཞི།)གལ་ཏེ་ཉིང་སྐྱུར་ཞིབ་བཤེར་གྱི་མཇུག་འབྲས་ནི་སྲིབས་གཤིས་ཡིན་ན། ངེས་པར་དུ་ཁྱིམ་དུ་ལོགས་བཀར་ཉིན་7བྱེད་དགོས་ཤིང་། རྒྱ་གར་ལ་འབྱོར་རྗེས་ཀྱི་ཉིན8པར་ཡང་བསྐྱར་ཉིང་སྐྱུར་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་གྱི་མཇུག་འབྲས་ནི་Air Suvidha དྲ་ཚིགས་སུ་བསྐུར་དགོས།
    (ལྔ།)རྒྱལ་ནང་དུ་འབྱོར་ནས་ཉིན8པའི་ཉིང་སྐྱུར་ཞིབ་བཤེར་གྱི་མཇུག་འབྲས་ནི་སྲིབས་གཤིས་ཡིན་ན། ངེས་པར་དུ་ཉིན7གྱི་རིང་ལ་རང་ཉིད་ཀྱི་བདེ་ཐང་ལ་ལྟ་ཞིབ་བྱེད་དགོས།
    (དྲུག)གལ་ཏེ་ཉིང་སྐྱུར་ཞིབ་བཤེར་གྱི་མཇུག་འབྲས་ནི་གདགས་གཤིས་ཡིན་ན། ཞིབ་བཤེར་མ་དཔེ་དེ་INSCOGདངོས་བཤེར་ཁང་གི་དྲ་བར་སྐྱེལ་ནས་རྒྱུད་རྒྱུ་ཚོ་ལ་ཚོད་ལྟ་བྱ་དགོས། གདགས་གཤིས་མི་སྣ་ངེས་པར་དུ་གཅིག་བསྡུས་སྒོས་སོ་སོར་ལོགས་བཀར་དགོས་པ་མ་ཟད། དེ་དང་འགྲོགས་མཁན་ལ་རྗེས་འདེད་བརྟག་དཔྱད་བྱེད་དགོས། གདགས་གཤིས་མི་སྣ་དང་འབྲེལ་འདྲིས་བྱེད་མྱོང་མཁན(གནམ་གྲུ་གཅིག་པའི་སྔ་རྗེས་སྟར་པ་3ནང་གི་འགྲུལ་པ་དང་། འབྲེལ་ཡོད་གནམ་གྲུའི་ལས་སྒྲུབ་མི་སྣ)ངེས་པར་དུ་ཁྱིམ་དུ་ལོགས་བཀར་བྱ་དགོས་པ་མ་ཟད་སྲིད་གཞུང་གི་ལྟ་སྐུལ་དང་ལེན་བྱེད་དགོས། གདགས་གཤིས་མི་སྣ་ཁྱིམ་དུ་ལོགས་བཀར་བྱེད་པའི་རིང་ལ་འབྲེལ་འདྲེས་བྱེད་མཁན་གྱིས་ངེས་པར་དུ་ཁྱིམ་སྡོད་ཉིན་14བྱ་དགོས་པ་མ་ཟད། རྒྱ་གར་གྱི་གསོ་རིག་ཞིབ་འཇུག་ལས་འཛིན་ལྷན་ཚོགས(ICMR)ཀྱི་གཏན་འབེབས་ལྟར་ཞིབ་དཔྱད་ཚད་ལེན་བྱེད་དགོས།
    (བདུན།)ཁྱིམ་དུ་ལོགས་བཀར་བྱེད་པའམ་ཡང་ན་རང་ཉིད་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་མཁན་ལ། གལ་ཏེ་ཏོག་གསར་གློ་ཚད་འགོས་ནད་ཀྱི་ནད་རྟགས་ཐོན་པ་དང་ཞིབ་དཔྱད་ཚད་ལེན་བྱས་འབྲས་དེ་གདགས་གཤིས་ཡིན་ན། ངེས་པར་དུ་འཕྲལ་མར་རང་ཉིད་ལོགས་བཀར་བྱེད་དགོས་པ་མ་ཟད་ཉེ་འགྲམ་གྱི་འཕྲོད་བསྟེན་ཚན་པར་སྙན་སེང་ཞུ་དགོས་པའམ་ཡང་ན་རྒྱལ་ཡོངས་རོགས་སྐྱོར་ཐད་སྦྲེལ་ཁ་པར (1075)དང་ས་གནས་ཁག་གི་རོགས་སྐྱོར་ཁ་པར་བཏང་ནས་སྙན་སེང་ཞུ་དགོས།
    གསུམ། ངེས་བྱ་གཞན་དག 
   (གཅིག)ལོ་5མན་གྱི་བྱིས་པ་རྒྱལ་ཁོངས་སུ་མ་འཛུལ་གོང་དང་རྒྱལ་ཁོངས་སུ་འཛུལ་རྗེས་ཀྱི་ཞིབ་དཔྱད་བྱེད་མི་དགོས། གལ་ཏེ་རྒྱལ་ནང་དུ་འབྱོར་རྗེས་སམ་ཁྱིམ་སྡོད་ལོག་བཀར་བྱེད་སྐབས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་ཚེ་གཏན་འབེབས་ལྟར་ཞིབ་དཔྱད་ཚད་ལེན་དང་སྨན་བཅོས་བྱེད་དགོས།
   (གཉིས།)གོང་གསལ་སྒྲིག་སྲོལ་ནི་མཚོ་ཐོག་སྐྱེལ་འདྲེན་དང་སྐམ་སའི་འགག་སྒོ་ནས་རྒྱ་གར་དུ་འབྱོར་བའི་རྒྱལ་སྤྱིའི་འགྲུལ་པ་ཀུན་ལ་སྤྱད་འཐུས་ཀྱང་། མིག་སྔར་འགྲུལ་པ་དེ་རིགས་ལ་སྤྱད་འཐུས་པའི་དྲ་ཚིགས་མེད་པས། ངེས་པར་དུ་རྒྱལ་ནང་དུ་འཛུལ་རྗེས་མཚོ་ཐོག་སྐྱེལ་འདྲེན་དང་སྐམ་སའི་འགག་སྒོའི་འབྲེལ་ཡོད་སྡེ་ཁག་ལ་རང་ཉིད་ཀྱི་གསལ་བསྒྲགས་རེའུ་མིག་འབུལ་དགོས།
   རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་རྒྱ་གར་དུ་སྐྱོད་མཁན་ཀྲུང་གོའི་སྤྱི་དམངས་ལ“དགོས་པ་མེད་པ་དང་འཕྲལ་མཁོ་མིན་ན་ཡུལ་སྐོར་དུ་མི་ཡོང”བའི་དྲན་སྐུལ་བཏང་ཡོད། གལ་སྲིད་ངེས་པར་དུ་འགྲོ་དགོས་ཚེ། བཀོད་སྒྲིག་ལུགས་མཐུན་བྱས་ནས་རང་ངོས་ཀྱི་བདེ་འཇགས་འགོག་སྲུང་ལ་གཟབ་གཟབ་བྱེད་པ་དང་། རྒྱ་གར་གྱི་མངའ་ཁོངས་ནང་གི་ནད་ཡམས་སྔོན་འགོག་གི་གཏན་འབེབས་གསར་པར་དོ་ཁུར་དམ་ཟབ་དང་བརྩི་སྲུང་ཞུས་ཏེ། སྟབས་མི་བདེ་བ་བཟོ་བ་དང་དཔལ་འབྱོར་གྱོང་གུན་སོགས་གཡོལ་ཐབས་བྱེད་དགོས།
    ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་འབོད་གཏོང་ལྟེ་གནས་ཀྱི་ཁ་པར།(ཆུ་ཚོད་24)+86-10-12308ཡང་ན+86-10-59913991
རྒྱ་གར་དུ་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོའི་གཞུང་ཚབ་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར། +91-11-26112343
འབོམ་འབེལ་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་སྲུང་སྐྱོང་ལས་ཤག་གི་གཞུང་ཚབ་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར།+91-9769581336
ཅར་ཀ་ཏར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་སྲུང་སྐྱོང་ལས་ཤག་གི་གཞུང་ཚབ་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར། +91-9163390711