ལས་གཞི240ལ་ལོ་འཁོར་གྱི་འཆར་གཞི་མ་དངུལ་སྒོར་དུང་ཕྱུར311འཇོག་རྒྱུ།

ལྷ་འཛོམས་ཀྱིས་བྲིས།        2021-05-31

ཉེ་ཆར། སྨྱུག་འཛིན་པས་ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི2021ལོའི་གཙོ་གནད་ལས་གཞི་དངོས་སུ་བཏོན་ནས2021ལོའི་རང་ཁུལ་གྱི་གཙོ་གནད་ལས་གཞི240གཏན་འཁེལ་བྱས་ཤིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར4052གཏང་རྒྱུའི་ནང་ད་ལོར་མ་དངུལ་སྒོར་དུང་ཕྱུར310གཏང་རྒྱུ་རེད། དེའི་ནང་མཐུད་སྐྲུན་ལས་གཞི140དང་ལོ་འཁོར་གྱི་འཆར་གཞི་ནི་མ་དངུལ་སྒོར་དུང་ཕྱུར223འཇོག་རྒྱུ་དང་གསར་དུ་ལས་མགོ་ཚུགས་པའི་ལས་གཞི100ཡོད་པ་དང་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར74གཏང་རྩིས་ཡོད། ལས་གཞི་དེ་དག་གི་དམིགས་ཡུལ་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱ་དགོས་པ་དང་གཅིག དགེ་མཚན་ལྡན་པའི་ཐོན་ལས་རྒྱ་སྐྱེད་མངོན་གསལ་གཏང་དགོས་པ་དང་གཉིས། སྤྱི་ཚོགས་དང་དམངས་འཚོའི་འཕེལ་རྒྱས་མངོན་གསལ་ཡོང་བ་བྱ་དགོས་པ་དང་གསུམ། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་འབུར་ཐོན་ཡོང་བ་བྱ་དགོས་པ་དང་བཞི། གལ་ཆེའི་ནང་གི་འགངས་ཆེན་གྱི་ལས་གཞི་མངོན་གསལ་དོད་པོ་ཡོང་བ་བྱ་དགོས་པ་དང་ལྔ་བཅས་ཡིན་ནོ།།



  • ལེ་ཚན་སྔོན་མ།:བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།
  • ལེ་ཚན་རྗེས་མ།:ཟླ་བ་དང་པོ་ནས་བཞི་པའི་བར་རང་ཁུལ་གྱི་གཙོ་གནད་ལས་གཞིར་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར70.07གྲུབ།
  • དོ་སྣང་ཆེ་བའི་རྩོམ།