སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཉེར་བཞི་བསད། 
2021.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉེར་བཞི་བསད་ཟེར། 

སྲིད་གཞུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་ནང་བཤད་རྒྱུར། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཐེངས་གསུམ་ལ་དམག་དོན་རྟེན་གཞི་དེར་འཇབ་རྒོལ་བྱེད་རྩིས་བཡས་པར་སྲིད་གཞུང་དམག་དཔུང་གིས་མཐར་སྐྲོད་བཏང་། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་ཉེར་བཞི་བསད་པ་དང་མཚོན་ཆ་གཞུང་བཞེས་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་རྒྱལ་ཁབ་དེའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།