2021ལོའི་ནོ་པེར་བྱ་དགའ་བསྟུད་མར་ཁྱབ་བསྒྲགས་བྱས་པ།

2021ལོའི་ནོ་པེར་བྱ་དགའ་ ཟླ10བའི་ཚེས4ཉིན་ནས་ཚེས11ཉིན་བར་ བསྟུད་མར་ཁྱབ་བསྒྲགས་བྱས་ཡོད།

རྩོམ་པ་པོ།   དུས་ཚོད།   2021-10-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


2021ལོའི་ནོ་པེར་བྱ་དགའ། 

★ ནོ་པེར་རྩོམ་རིག་བྱ་དགའ།

          ཟླ་10བའི་ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་7པའི་སྟེང་དུ། 2021ལོའི་ནོ་པེར་རྩོམ་རིག་བྱ་དགའ་སུའེ་ཏེན་ནས་ཁྱབ་བསྒྲགས་བྱས་པ་རེད། ཐན་ཙན་ནི་ཡའི་བརྩམས་སྒྲུང་མཁས་ཅན་ཨ་པུའུ་ཏུའུ་ལེ་ལྷ་ས་ཁེ·ཀུའུ་ནར(Abulrazak Gurnah)ལ་བྱ་དགའ་ཐོབ་ཡོད། བྱ་དགའ་སྤྲོད་པའི་རྒྱུ་མཚན་ནི“ཁོང་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུགས་རྐྱེན་དང་དེ་བཞིན་རིག་གནས་དང་སྐམ་ས་ཆེ་མོའི་འགལ་རྐྱེན་ཆེན་པོའི་ཁྲོད། ཉམ་ཐག་མི་སེར་རྣམས་ཀྱི་ལས་དབང་ལ་འོས་མེད་སྤུ་ཙམ་ཡང་མི་བྱེད་པར་གདུང་སེམས་མཉམ་སྐྱེས་བྱེད་པའི་ཤེས་ཚོར་ཟབ་མོ་ཞིག་ཡོད”ཅེས་བཤད་ཡོད།  

2021ལོའི་ནོ་པེར་བྱ་དགའ། 

★ ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ།

          ཟླ་10པའི་ཚེས་4ཉིན། 2021ལོའི་ནོ་པེར་བྱ་དགའ་དང་པོ་སྟེ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་ཚན་རིག་མཁས་ཅན་གཉིས་ཏེDavid JuliusདངArdem Pataaaaaputannལ་སྤྲད་པ་རེད། ཁོང་གཉིས་ཀྱིས་དྲོད་ཚད་དང་རེག་ཚོར་དབང་པོའི་ཚོར་དབང་རྙེད་པའི་ཐད་ཀྱི་བྱས་རྗེས་ལ་གཟེངས་བསྟོད་བྱས།

2021ལོའི་ནོ་པེར་བྱ་དགའ། 

★ ནོ་པེར་དངོས་ལུགས་རིག་པའི་བྱ་དགའ།

          ཟླ་10པའི་ཚེས་5ཉིན། 2021ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཁྱབ་བསྒྲགས་བྱས་པ་དང་། Syukuro ManabeདངKlaus HasselmannདངOutreach Giorgio Parisiབཅས་ལ་སྤྲད། “ང་ཚོས་རྙོག་འཛིང་ཆེ་བའི་མ་ལག་ལ་ཤེས་རྟོགས་བྱེད་པར་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པར”གཟེངས་བསྟོད་བྱས། 

2021ལོའི་ནོ་པེར་བྱ་དགའ། 

★ ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ།

          ཟླ་10པའི་ཚེས་6ཉིན། པུན་ཅེ་མིང·ལི་སི་ཐེ་དང་ཏ་ཝེ·w·c·མའེ་ཁེ་སྨི་ལུན་གཉིས་ཀྱིས་གནད་ལ་ཁེལ་བའི་ཆ་རྡུལ་གྱིས་ཡོ་བྱད་གསར་པ་བསྐྲུན་པ་སྟེ་སྐྱེ་ལྡན་འགྱུར་སྐུལ་གསར་སྤེལ་བྱས་པས། 2021ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་པ་དང་དེས་སྨན་རྫས་ཞིབ་འཇུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།