བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-27 16:39:00 ཀློག་གྲངས།:

བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།
བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།
བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

         དཔངས་ལ་སྨི70དང་ཞེང་ལ་སྨི50། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3500ཡོད་པའི་གཙག་དྲུབས་ཀྱི་ཞལ་ཐང་ཆེན་མོ་དེ་ནི་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས2010ལོར་ཡུལ་ཤུལ་ལ་ས་ཡོམ་བྱུང་བའི་ལོ་དེ་ནས་བཞེངས་འགོ་བརྩམས་ཤིང་ད་ལྟ་གྲུབ་ཚར་ཡོད། ཁོ་རང་ནས་གང་མགྱོགས་ཀྱིས་ཞལ་ཐང་ཆེན་མོ་འདི་ཡུལ་ཤུལ་འདམ་དཀར་དགོན་བཀྲིས་སྒང་དུ་སྐྱེལ་ཏེ་རབ་གནས་མཛད་ཀྱི་ཡིན་པ་དང་། དེ་མིན་ད་དུང་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་བསྔོ་སྨོན་ཡང་རྒྱ་ཆེན་པོ་གནང་རྗེས་ཞལ་ཐང་ཆེན་མོ་གནང་སྦྱིན་མཛད་དེ་ལོ་རེར4.14རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་མྱ་ངན་ཞུ་དུས་ཡུལ་ཤུལ་མི་དམངས་ལ་བར་ཆད་མི་ཡོང་བའི་སྐྱབས་འཇུག་ཡོད་པ་ཞུ་སའི་ལྷ་རྟེན་དུ་བྱེད་ཀྱི་རེད།

བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།
བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

         ཞལ་ཐང་འདིའི་གཙོ་སྐུ་ནི་འཕགས་མཆོག་སྤྱན་རས་གཟིགས་དང་དེའི་མཐའ་རུ་ཐུབ་པའི་སྟོན་པ་ཤཱཀྱ་མུ་ནེ་དང་གསང་བདག་ཕྱག་ན་རྡོ་རྗེ། དེ་མིན་ས་དགེ་བཀའ་རྙིང་གི་མཁས་གྲུབ་མང་པོ་དང་རིག་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ་དང་དེ་བཞིན་གཤེགས་པ། སངས་རྒྱས་འོད་དཔག་མེད་ལ་སོགས་པའི་འདྲ་རིས30ཡོད་པ་དང་དེའི་འོག་ཏུ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་འདས་པོ་དག་གི་མིང་དང་བསྔོ་ཡིག་བྲིས་ཡོད།

བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།
བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

         བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་གསུང་དོན། “ཞལ་ཐང་འདི་གཙག་དོན་གཞན་གྱིས་མངག་བཅོལ་དང་ཁེ་སྤོགས་ལ་བསམ་པ་མ་ཡིན་པར་ང་རང་སྦྱིན་བདག་བྱས་ནས་ས་ཡོམ་ལས་རྐྱེན་ལམ་དུ་གྱུར་བའི་འདས་པོ་དག་ལ་བསྔོ་བ་བྱེད་ཆེད་བཞེངས་པ་ཡིན། དགེ་རྩ་འདིས་འགྲོ་བ་མིའི་རིགས་ཡོངས་དང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བདེ་སྐྱིད་དར་ཞིང་ཆོས་དང་བཀྲ་ཤིས་འཕེལ་བའི་སྨོན་འདུན་ཞུ”ཞེས་ཟེར།


བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།


བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ལས་རྐྱེན་ལམ་
དུ་ཤོར་བའི་སྤུན་ཟླར་ཞལ་ཐང་ཆེན་མོ་བཞེངས་པ།

སྦྱིན་བདག་ངོ་སྤྲོད།

         བརྩོན་འགྲུས་རབ་རྒྱས་ལགས་ནི་མཐོ་རིམ་བཟོ་རིག་མཛེས་རྩལ་པ་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་འཛམ་གླིང་གྷི་ཎི་སིའི(The Guinness book of World Records)རྩེ་གྲས་སུ་ཚུད་པའི་དྲིལ་རིས་ཆེན་མོ《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི》གསར་གཏོད་པ་ཡིན།

གསལ་འདེབས་ཞུ་རྒྱུ་ལ་འདས་པོའི་མིང་བྲི་དགོས་ན་གཤམ་གྱི་སྦྲག་སྒམ་དང་ཁ་པར་བརྒྱུད་ནས་འབྲེལ་གཏུགས་བྱས་ཆོག
གློག་རྡུལ་ཡིག་ཟམ།
djrqing@yahoo.con.cn 
འབྲེལ་གཏུག་ཁ་པར། 0971——6118690དང་། ཡང་ན13997039254


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།