བོད་ལྗོངས་དམངས་ཁྲོད་རིན་ཆེན་ནོར་རྫས་འགྲེམ་སྟོན་འགོ་ཚུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-31 09:31:00 ཀློག་གྲངས།:


གཟིགས་མོ་བས་ནོར་རྫས་ལ་མྱོང་གཟིགས་བྱེད་བཞིན་པ།


མང་རྒྱལ་རབས་སྐབས་ཀྱི་རྡོ་རྗེ་བྱང་ཆུབ་སེམས་དཔའ་རྒྱལ་སྟོང་བ།

         ཟླ5བའི་ཚེས28ཉིན།  བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་བརྗོད་བྱ་བྱས་པའི་བོད་ལྗོངས་དམངས་ཁྲོད་རིན་ཆེན་ནོར་རྫས་འགྲེམ་སྟོན་དེ་ཧྲང་ཧེའིSIGMAགློག་བརྙན་ཁང་དུ་བསྡུས།  འགྲེམ་སྟོན་དེར་བོད་ཀྱི་དམངས་ཁྲོད་འཚོ་བའི་རྣམ་པ་སྟུག་ཅིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་འཚོ་བའི་ཡོ་བྱད་སོགས་ཏེ། གནའ་བོའི་རྫ་ཆས་དང་། ཟངས་ཆས། ལྕགས་ཆས། དངུལ་ཆས། གསེར་ཆས། དེ་མིན་བོད་ཀྱི་ཤིང་བརྐོས་ཁྱིམ་ཆས་སོགས་དང་།  བོད་རྒྱུད་ནང་བསྟན་དགོན་པའི་ཁྲོད་ཀྱི་ཆོས་ལུགས་ཡོ་ཆས་ཏེ། ལག་བྲིས་ཐང་ག་དང་།  ཟངས་དངུལ་སོགས་ལས་བཞེངས་བའི་ལྷ་སྐུ་སོགས་འདུས།  ད་དུང་མཚོ་བོད་མཐོ་སྒང་ན་ཁྱད་དུ་འཕགས་པའི་སྲོག་ཆགས་ཀྱི་དངོས་དཔེ་སྟེ་རྭའི་བར་སྨི་གཅིག་ཅན་གྱི་གཡག་གི་རྭ་ཅོ་དང་།  རྭའི་བར་ལ་ལི་སྨི60ཅན་གྱི་ལུག་གི་རྭ་ཅོ། གཙོད་ཀྱི་རྭ་སོགས་གང་མང་ཡོད། དེ་ལས་མང་ཆེ་བ་ནི་ལོ་ངོ་ཆིག་སྟོང་ལྷག་ཉེ་བའི་རིན་ཆེན་ནོར་བུ་དག་ཡིན་པ་དང་། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཆ་དོད་པོ་ལྡན།


ཐང་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ཕྱག་ན་རྡོ་རྗེ།

         འགྲེམ་སྟོན་འདི་ནི་བོད་ལྗོངས་ཀྱི་མིང་གྲགས་ནོར་རྫས་སྡུད་ཉར་པ་བརྟན་འཛིན་དང་ཧྲང་ཧེ་ལུས་རྩལ་པར་མཁན་གསར་འགོད་པ་ཡཱན་ཡཱན་ཏིག་གཉིས་ཀྱིས་བློ་བཏོན་ཞིང་། ཧྲང་ཧེའིSIGMAགློག་བརྙན་ཁང་དུ་ཡུན་རིང་བོར་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།