བཀྲ་ཤིས་དོན་འགྲུབ་སོགས་བོད་རིགས་གཞས་བ་དག་གྲངས་ཉུང་མི་རིགས་ཀྱི་གཞས་ཚོགས་སྟེང་ཞུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-01 10:39:00 ཀློག་གྲངས།:

          ཟླ12བའི་ཚེས26ཉིན།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚད་ལྡན་ཡུལ་སྲོལ་གླུ་གཞས་ཆེད་ཚོགས་ཏེ《ཡུལ་སྲོལ་གཞས་དབྱངས》ཞེས་པ་པེ་ཅིང་དུ་སྤེལ་ཞིང་།   དེ་ནི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་གཙོ་སྒྲུབ་གནང་ཡིན་ཞིང་།  2012ལོའི་ཟླ1པོའི་ཚེས7དང་ཚེས8ལ་པེ་ཀྲམ་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་རེད། 
          ཐང་ཀི་ཨར་དང་།  བོད་རིགས་གླུ་བ་བཀྲ་ཤིས་དོན་འགྲུབ།  ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ངག་དབང་བློ་བཟང་དོན་འགྲུབ།  ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་དབྱངས་ཅན།  དེ་མིན་གྲངས་ཉུང་མི་རིགས་མི་རིགས་གཞན་པའི་གླུ་བ་མང་གང་ཐེངས་འདིའི་ཆེད་ཚོགས་སྟེང་ཞུགས་པ་དང་།  གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གླུ་གཞས་ངོ་བོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། hip-hopདང་།  R&B། rock། jazzསོགས་གླུ་གཞས་ཀྱི་རྣམ་པ་སྤྱད་ཅིང་།  སྲོལ་རྒྱུན་དང་དེང་རབས་གཉིས་འཛོམས་ཀྱི་ཆ་ལྡན་པའི་གླུ་གཞས་ཀྱི་རྣམ་པ་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།