འཛམ་གླིང་སྒྱུ་འཕྲུལ་པ་ཏེ་ཨིན་ཀུའུ་ནཱ་སིན་གྱིས་མཚོ་སྔོན་པོའི་འགྲམ་དུ་སྒྱུ་འཕྲུལ་འཁྲབ་སྟོན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-10 11:30:00 ཀློག་གྲངས།:


འཛམ་གླིང་སྒྱུ་འཕྲུལ་པ་ཏེ་ཨིན་ཀུའུ་ནཱ་སིན་འཁྱགས་རོམ་གྱི་མཁར་རྫོང་སྟེང་འགྲེང་བ།

          ཟླ1པོའི་ཚེས8ཉིན།  ཁ་ན་ཏ་ནས་ཡོང་བའི་འཛམ་གླིང་སྒྱུ་འཕྲུལ་པ་ཏེ་ཨིན་ཀུའུ་ནཱ་སིན་གྱི་འཛམ་གླིང་རིམ་པའི“ཚད་འདས་ཐར་བ”ཞེས་པའི་སྒྱུ་འཕྲུལ་འཁྲབ་སྟོན་དེ་མཚོ་སྔོན་པོའི་འགྲམ་དུ་སྤེལ་ཞིང་།  གནས་དེར་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ600ལྷག་དང་མང་ཚོགས་རྣམས་སླེབས་ཏེ་གཟིགས་མོ་གནང་ལ།  མཚོ་སྔོན་ཞིང་ཆེན་ཨུ་ཡོན་གྱི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའི་འགོ་གཙོ་ཅི་ཏེའེ་མཱ་ཅཱ་ཡུལ་དངོས་སུ་སླེབས་ཏེ་འདི་ལྟ་བུའི་བྱ་འགུལ་བརྒྱུད་ནས་འཛམ་གླིང་ཡོངས་ཀྱིས་མཚོ་སྔོན་པོར་རྒྱུས་ལོན་བྱེད་ཐུབ་པ་བསྟན། 
          རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་བྱ་འགུལ་ནི་ན་ནིང་མཚོ་སྔོན་པོའི་འགྲམ་དུ་སྤེལ་པའི“འཁྱགས་རོམ་ལས་མིའི་ཚད་འདས་འགྲན་རྩོད”རྗེས་ཀྱི་འཛམ་གླིང་རིམ་པའི་བྱ་འགུལ་གཞན་ཞིག་དང་།  “དགུན་དུས་ཀྱི་མཚོ་སྔོན་པོ།  ཁྱད་འཕགས་ལྟད་མོ”ཞེས་པའི་བརྗོད་དོན་བྱ་འགུལ་ཞིག་ཀྱང་ཡིན་པ་རེད།
          འཛམ་གླིང་རིམ་པའི་ཐར་བའི་སྒྱུ་འཕྲུལ་པ་ཞིག་ཡིན་པའི་ཆ་ནས།  ཁོ་བོ་ཨ་རིའི་གྲོང་ཁྱེརLas Vegasཡི་མཐོ་ཚད་ལ726×12inchཅན་གྱིHoover Damཞེས་པའི་སྐྱིལ་ཆུའི་སྟེང་ཕྱོགས་ནས་བདེ་བླག་ངང་ཐར་མྱོང་བ་དང་།  བར་སྣང་གནམ་གྲུའི་ལྕགས་སྒྲོམ་ལས་ཐར་མྱོང་བ།  དེ་མིན་བར་ཐག་ཐུང་བའི་ལྡེབས་ངོས་གཡང་གཟར་ལས་བཀྲེས་ལྟོགས་ཀྱི་ཆུ་སྲིན103ལྷག་གི་ཁ་ནས་ཐར་མྱོང་ཞིང་།  ཐེངས་འདིར་མཚོ་སྔོན་པོར་སླེབས་པ་ནི་གཅིག་ན་རང་ཉིད་མུ་མཐུད་དུ་འགྲན་རྩོད་བྱེད་པ་དང་།  གཉིས་ན་མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ཆེད་དུ་ཡིན་པ་རེད།
          ཆུ་ཚོད12:50སྟེང་།  ཁོ་བོ་མཚོ་ངོས་ལས་སྨི་གཉིས་ཀྱིས་མཐོ་བ་དང་ཁ་ཕྱེ་མེད་པའི་འཁྱགས་རོམ་གྱི་མཁར་རྫོང་སྟེང་རང་ཉིད་ཀྱི་ཐར་བའི་སྒྱུ་འཕྲུལ་ལ་བརྟེན་ནས་ཆུ་ཚོད་སྐར100ཡི་ནང་སྟེང་ཕྱོགས་ཀྱི་ལྕི་ཚད་ཏུན10ཅན་གྱི་སྒྲོམ་བུ་ལ་གཟུར་ཐུབ་པ་བྱུང་།  རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་བྱ་འགུལ་སྟེང་བཀོལ་བའི་རྒྱུ་ཆ་རྣམས་ནི་སྐྱེ་ཁམས་སྲུང་སྐྱོང་གི་རྒྱུ་ཆ་རྐྱང་བ་ཡིན་པ་དང་། དེར་བཀོལ་བའི་འཁྱགས་རོམ་དག་མཚོ་སྔོན་པོ་ལས་བླངས་བ་རེད།  མཚོ་སྔོན་བརྙན་འཕྲིན་ཁང་དང་།  དྲ་རྒྱ་སོགས་བརྙན་འཕྲིན་སྨྱན་བྱེད་ལས་རིགས་ཀྱིས་བསྟུད་མར་གསར་འགོད་སྒྲོག་སྤེལ་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།