ངང་ལག་གི་ཕྱི་ཤུན་གྱིས་མིའི་སྐྱི་པགས་སྐྲན་ནད་ལ་བརྟག་དཔྱད་བྱ་ཐུབ།

  ངང་ལག་གི་ཕྱི་ངོས་སུ་ནག་ཐིག་ལྷུང་བ་ནི་ལའོ་ཨཱན་སྐྱུར་མེ་ཡོད་པའི་རྐྱེན་ཡིན་པ་ནང་བཞིན་དུ་མིའི་སྐྱི་པགས་ཀྱི་སྐྲན་ནད་དེའང་ངང་ལག་བཞིན་ལའོ་ཨཱན་སྐྱུར་མེ་ལས་གྲུབ་པ་ཡིན་པ་ཉེ་སྔོན་ཚན་རིག་པས་ཞིབ་འཇུག་བྱུང་ལ། ཁོང་ཚོས་ཐུན་མོང་གི་ཆ་དེར་གཞིགས་ནས་སྐྱི་པགས་སྐྲན་ནད་ལ་བརྟག་ཐུབ་པའི་བཤེར་ཆས་ཞིག་བཟོ་རྒྱུ་བྱས་ཡོད།

  ལྷག་པར་དུ་ངང་ལག་ཕྱི་ངོས་ཀྱི་ནག་ཐིག་དེས་མིའི་རིགས་ཀྱི་སྐྱི་པགས་ནད་འཕྲལ་མར་བརྟག་ཐུབ་པ་མ་ཟད། སྐྱི་པགས་ནད་ཀྱི་བཅོས་ཐབས་ལ་ཕན་ཐོགས་ཐུབ་པ་རེད། ཤེས་གསལ་ལྟར་ན། མིའི་སྐྱི་པགས་ཀྱང་ངང་ལག་བཞིན་དུ་ལའོ་ཨཱན་སྐྱུར་མེ་ཉར་ཡོད་པས། མིའི་གདོང་ལ་ཤ་རྨེན་མང་པོ་བྱུང་བ་ནི་ལའོ་ཨཱན་སྐྱུར་མེ་ཇེ་མང་དུ་སོང་བའི་འབྲས་རྟགས་སུ་མངོན་ལ། དེ་ནི་ལུས་གསང་དུ་འཐིམ་ཡོད་པའི་སྐྱི་པགས་སྐྲན་ནད་རིགས་ཅིག་རེད།ཨ་རིའི་སྐྲན་ནད་རིག་པའི་སློབ་ཚོགས་ལྟར་ན། གལ་ཏེ་སྐྱི་པགས་སྐྲན་ནད་ཕོག་པའི་དུས་དང་པོར་ལའོ་ཨཱིན་སྐྱུར་མེ་ཡོད་པ་བརྟག་དཔྱད་ཐུབ་ན་དུས་ཐོག་ཏུ་བཅོས་ཐབས་ཡོད་ལ། ནད་ལས་ཐར་ཚད་95%ཡིན། གལ་ཏེ་སྐྱི་པགས་སྐྲན་ནད་དེ་ཕོག་ནས་དུས་བར་མའི་ནང་ལའོ་ཨཱིན་སྐྱུར་མེ་ཡོད་པ་བརྟག་དཔྱད་ཐོབ་ཚེ། ནད་ལས་ཐར་ཚད་43%ཡིན་ཟེར།

  ལོ་ཙཱ་བ། ཁོན་ཐར་འཚོ།