དགེ་རྒན་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

རྩོམ་པ་པོ།:སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-29 10:40:00 ཀློག་གྲངས།:


དགེ་རྒན་ལྕགས་ཐར་ཚེ་རིང་གིས་འཆད་ཁྲིད་ཀྱི་མདོ་འཛིན་གནང་བཞིན་པ།

         ཉེ་ལམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྣ་འཛོམས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ། དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་མཆོག་གིས་ཁ་བྱང་ལ་རྟེན་འབྲེལ་གཏན་ཚིགས་ལས་འཕྲོས་ཏེ་བོད་ཀྱི་རིག་གཞུང་གི་དོན་སྙིང་དང་གནས་བབ་གླེང་བ་ཞེས་པའི་རིག་གཞུང་འཆད་ཁྲིད་ཅིག་གནང་ཞིང་།  རྒན་ལྕགས་ཐར་ཚེ་རིང་གིས་འཆད་ཁྲིད་ལ་མདོ་འཛིན་མཛད།


དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་མཆོག་གིས་འཆད་ཁྲིད་གནང་བཞིན་པ།


སློབ་མ་འབྲུག་བྱམས་མཁར་གྱིས་དྲི་བ་འདྲི་བཞིན་པ།

         ཁོང་གི་འཆད་ཁྲིད་ཀྱི་ནང་དོན་གཙོ་བོར་ནང་པ་སངས་རྒྱས་པའི་རྟེན་འབྲེལ་གཏན་ཚིགས་ལས་འཕྲོས་ཏེ། ལུང་རིགས་གཉིས་ལས་རིགས་པ་གཙོ།  མངོན་རྗེས་གཉིས་ལས་རྗེས་དཔག་གཙོ། བསླབ་པ་རིགས་རུས་གཉིས་ལས་རིགས་རུས་གཙོ་ཞེས་གཙོ་བོ་གསུམ་གྱི་རྣམ་བཞག་དང་འབྲེལ་ཏེ་སློབ་མ་རྣམས་ཀྱིས་སློབ་གཉེར་ཇི་ལྟར་བྱ་ཚུལ་སྐོར་ནས་དུས་ཐོག་ཆར་པ་ལྟ་བུའི་རིག་གཞུང་སློབ་གསོའི་འཆད་ཁྲིད་རིན་ཐང་ལྡན་པ་ཞིག་གནང་བྱུང་།


རིག་གཞུང་སྙན་ཞུ་ཁང་གི་ཚོགས་རའི་ཟུར་ཞིག

         མཇུག་ཏུ་སློབ་མ་རྣམས་ཀྱི་དྲི་བར་ལན་ཞིབ་རྒྱས་གནང་རྗེས་ཁོང་ཉིད་ལ་གུས་བཀུར་ཞུ་བར་ཚོགས་ཞུགས་དགེ་སློབ་ཡོངས་འདུག་སྟེགས་ལས་བཞེངས་ཏེ་དགའ་བསུའི་མཐེབ་སྒྲའི་ཁྲོད་ནས་རིག་གཞུང་འཆད་ཁྲིད་དེ་ཡོངས་སུ་མཇུག་སྒྲིལ།

དྲ་གནས་འདིར་བརྒྱུད་དེ་གསན་ཆོག  http://www.songtaste.com/song/3062176/


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།