གངས་རིན་པོ་ཆེའི་གཞན་ཕན་རི་སྐོར་འགྲན་སྡུར་ཟླ8པར་འགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-07-13 09:06:00 ཀློག་གྲངས།:


ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ཀྲོའུ་ཞིང་ཁང་གིས་གཙོ་སྒྲུབ་ལས་ཁུངས་ཀྱི་ཚབ་བྱས་ནས་
གཏམ་བཤད་གནང་བ། (ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པས་པར་རིས་མཁོ་སྤྲོད་བྱས། )

            ཉེ་ལམ། 2011 THE NORTH FACE གངས་རིན་པོ་ཆེའི་གཞན་ཕན་རི་སྐོར་འགྲན་སྡུར་སྐབས་དང་པོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་ཅི་ཏུའུ་ཐི་ཡན་སྤྲོ་སྐྱིད་ཁང་ནས་འཚོགས་ཤིང་། རྒྱལ་ཁབ་ཀྱི་རི་འཛེགས་རུ་ཁག་གི་རུ་དཔོན་ཝང་ཡུང་ཧྥེང་དང་པེ་ཅིང་ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་ཝང་ཆིའུ་དབྱང་། མིང་གྲགས་ཆེ་བའི་འགྲན་ཞུགས་རུ་མི་ལའོ་ལང་སོགས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་མ་ཟད། མཉམ་གཅིག་ཏུ་ཐེངས་འདིའི་གོ་ལ་ཧྲིལ་བོའི་མཚོ་ངོས་ལས་ཆེས་མཐོ་བའི་གཞན་ཕན་འགྲན་སྡུར་གྱི་འགོ་བརྩམས་པ་རེད། 


ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་ཝང་ཆིའུ་དབྱང་གིས་བཅར་འདྲི་དང་ལེན་
བྱེད་བཞིན་པ། (ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པས་པར་རིས་མཁོ་སྤྲོད་བྱས།)

            ཐེངས་འདིའི་གཞན་ཕན་རི་སྐོར་འགྲན་སྡུར་ནི་པེ་ཅིང་ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལུས་རྩལ་ཅུས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་ཞིང་།   ཟླ8པར་མངའ་རིས་ཀྱི་གངས་རིན་པོ་ཆེ་ནས་འགྲན་སྡུར་འགོ་རྩོམ་རྒྱུ་ཡིན་པ་དང་། མི་སྣ་མིང་གྲགས་ཅན་དང་སྒོ་ཕྱིའི་བྱ་འགུལ་ལ་དགའ་མཁན་སོགས་ལས་གྲུབ་པའི་འགྲན་ཞུགས་རུ་ཁག་བཅུ་ཡོད་ཅིང་། ཁོང་ཚོས་ཉིན་གཉིས་ཀྱི་ནང་དུ་རྐང་ཐང་ལ་སྤྱི་ལེ52ཡོད་པའི་རི་སྐོར་ལམ་ཐིག་བརྒྱུད་ཚར་བར་བྱ་དགོས་པ་རེད། 
            ཐེངས་འདིའི་འགྲན་སྡུར་དུ་རི་བསྐོར་ནས་འགྲོ་དགོས་ཤིང་ལམ་ཐག་ཧྲིལ་བོར་མཚོ་ངོས་ལས་མཐོ་ཚད་སྨི4700ནས5640བར་ཡིན་ལ། མཚོ་ངོས་ལས་ཆེས་མཐོ་བའི་རི་སྐོར་འགྲན་སྡུར་ཞིག་ཡིན་ལ། མཚོ་ངོས་ལས་རིང་དུ་འཕགས་པའི་སར་མི་རྣམས་ས་ཆ་འཕྲོད་མིན་གྱི་ཐེག་ཤུགས་ལ་བརྟག་པ་ཞིག་ཀྱང་ཡིན་ཞིང་། འགྲན་སྡུར་གྱི་ལམ་དུ་བསྡོམས་པས་མཁོ་སྤྲོད་བྱེད་ས་དང་སྨན་བཅོས་ཁང་དགུ་བཀོད་སྒྲིག་བྱས་ཡོད་པ་དང་། བོད་ལྗོངས་རི་འཛེགས་སློབ་གྲྭས་མངགས་པའི་མཐོ་སྒང་གི་སྣེ་འཁྲིད་པ་དང་མཚོ་ངོས་ལས་ཆེས་མཐོ་བའི་སྨན་བཅོས་ཚན་ཆུང་གིས་ཐེངས་འདིའི་འགྲན་སྡུར་ལ་ལག་རྩལ་དང་སྨན་བཅོས་ཀྱིས་འགན་ལེན་ཁག་ཐེག་བྱ་རྒྱུ་རེད་ལ། སྒོ་ཕྱིའི་ཚོང་རྫས་ཚོང་རྟགསThe North Face ཡིས་ཐེངས་འདིའི་འགྲན་སྡུར་ལ་སྒྲིག་ཆས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་རེད།  


ཝང་ཡུང་ཧྥེང་དང་ཝང་ཆིའུ་དབྱང་། ལའོ་ལང་བཅས་ཀྱིས་ཕྱག་ཏུ་རུ་དར་བཟུང་ནས་རི་སྐོར་འགྲན་སྡུར་གྱི་འགོ་
བརྩམས་པ། ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པས་པར་རིས་མཁོ་སྤྲོད་བྱས།)

            ཝང་ཡུང་ཧྥེང་གིས་ཚོགས་ཐོག་ནས་“ཐེངས་འདིའི་རི་སྐོར་འགྲན་སྡུར་གྱི་ཐུན་མོང་མ་ཡིན་པའི་བྱེད་ཐབས་ཤིག་ནི་ཀྲུང་གོའི་གཞན་ཕན་ལས་དོན་དང་ཀྲུང་གོའི་སྒོ་ཕྱིའི་ལས་འགུལ་གཉིས་མཉམ་དུ་སྦྲེལ་ཞིང་། གཞན་ཕན་གྱི་བྱ་བ་སྒྲུབ་མཁན་དག་གིས་སྒོ་ཕྱིར་སྔར་བས་ཀྱང་ཆ་རྒྱུས་ལོན་པ་དང་། སྒོ་ཕྱིའི་མི་རྣམས་ཀྱིས་ཀྱང་གཞན་ཕན་གྱི་བྱ་བར་སྔར་བས་ཆ་རྒྱུས་ལོན་པ་བྱས་ནས། འཛམ་གླིང་གིས་བྱ་འགུལ་འདི་གཉིས་པོར་སྔར་བས་ཆ་རྒྱུས་ལོན་དུ་འཇུག་རྒྱུ་ཡིན”ཞེས་གསུངས། 
            ཐེངས་འདིའི་རི་སྐོར་འགྲན་སྡུར་གྱིས་ཐེངས་དང་པོར་སྒོ་ཕྱིའི་བྱ་འགུལ་དང་གཞན་ཕན་ལས་དོན་གཉིས་མཉམ་སྦྲེལ་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྤྱི་ཕན་བྱ་འགུལ་གྱི་ཁྲོད་དུ་ཁྱབ་པར་བྱས་པ་རེད། 
            ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ཀྲོའུ་ཞིང་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། འགྲན་ཞུགས་མི་སྣས་འགྲན་སྡུར་གྱི་ལམ་ནས་བསྡུས་པའི་གད་སྙིགས་ཀྱི་སྤྱིའི་ལྗིད་ཚད་དུས་ཚོད་དུ་ཕབ་རྩིས་བྱས་ཏེ་སྤྱིའི་སྐར་གྲངས་སུ་སྣོན་རྒྱུ་ཡིན་ཞིང་། ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པས་འགྲན་སྡུར་བྱེད་སའི་ལམ་གྱི་གད་སྙིགས་ཁྱབ་པའི་གནས་ཚུལ་ལ་གཞིགས་ཏེ། དེ་སྔོན་བཞག་པའི་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་ཤིང་ལེབ་དང་གད་སྙིགས་ཕྱིར་ལེན་ས་ཚུགས་ཀྱི་སྟེང་དུ་གད་སྙིགས་ཕྱིར་ལེན་ས་ཚུགས་ཆེན་པོ་ཁ་ཤས་འཛུགས་རྒྱུ་ཡིན། དེ་མིན་གཞན་ད་དུང་ཀུ་ཤུ་གཞན་ཕན་ཐེབས་རྩ་ཚོགས་པས་འགྲན་སྡུར་གྱི་དུས་སུ་མངའ་རིས་ཀྱི་གཞི་རིམ་སྨན་བཅོས་ཁང་དུ་སྨན་སྟེར་རྒྱུ་ཡིན་ལ། མི་བྱམས་སེམས་ཅན་གཅིག་འགྲན་སྡུར་དུ་ཞུགས་པའི་མིང་ཐོ་བཀོད་ཚེ་ཀུ་ཤུ་ཐེབས་རྩ་ཚོགས་པས་མངའ་རིས་ཀྱི་གཞི་རིམ་སྨན་བཅོས་ཁང་ལ་སྨན་དམངས་སྒོར1000གི་རིན་སྟེར་རྒྱུ་ཡིན་ཞིང་། བྱམས་སེམས་ཅན་གྱི་ཚོང་ལས་རུ་ཁག་ཅིག་འགྲན་སྡུར་དུ་ཞུགས་ཚེ་སྨན་དམངས་སྒོར12000གི་རིན་སྟེར་རྒྱུ་ཡིན། དེ་དང་དུས་མཚུངས་སུ། འགྲན་ཞུགས་པ་རྣམས་མངའ་རིས་སུ་ཡོད་དུས“ཀུ་ཤུའི་ཞིང་གྲོང་སྨན་བཅོས་ཁང”དང“ཀུ་ཤུའི་སྨན་པ་རྐང་རྗེན”སོགས་སྤྱི་ཕན་རྣམ་གྲངས་ཡོད་སར་ལྟ་སྐོར་བྱ་རྒྱུ་རེད།
            ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ལ་མིང་ཐོ་འགོད་བཞིན་པའི་སྒང་ཡིན་ལ། གཙོ་སྒྲུབ་ལས་ཁུངས་ཀྱིས་མིང་ཐོ་འགོད་མཁན་གྱི་ལུས་ཁམས་དང་ས་མཐོ་སར་འགྲོ་ཆོག་མིན་སོགས་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།