ཡབ་ཆེན་གྱི་སྙིང་ཕུལ་སའི་མི་དེ་ཡབ་ཆེན་གྱི་ཚབ་བྱས་ནས་བུ་མོའི་གཉེན་སྟོན་ལ་ཞུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 1 ཚེས 8 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » ཡབ་ཆེན་གྱི་སྙིང་ཕུལ་སའི་མི་དེ་ཡབ་ཆེན་གྱི་ཚབ་བྱས་ནས་བུ་མོའི་
ཡབ་ཆེན་གྱི་སྙིང་ཕུལ་སའི་མི་དེ་ཡབ་ཆེན་གྱི་ཚབ་བྱས་ནས་བུ་མོའི་གཉེན་སྟོན་ལ་ཞུགས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-08-10ལྟ་ཀློག (1983)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡབ་ཆེན་བཀྲོངས་སྐབས་སྙིང་ཕུལ་སའི་མི་དེ་བུ་མོའི་གཉེན་སྟོན་གྱི་མཛད་སྒོར་གདན་འདྲེན་ཞུས་པ།

ཡིག་སྒྱུར་བ་དང་གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།      

  2016/08/09      19:34:19


    རྒྱུན་གཏན་གྱི་གཉེན་སྟོན་མཛད་སྒོ་ནི། ཡབ་ཀྱིས་རང་གི་བུ་མོའི་འགྲོ་རོགས་འོག་ས་གདན་དམར་བོ་བརྒྱུད་དེ་གཉེན་སྟོན་གྱི་མཛད་སྒོ་སྤེལ་བ་དང་། རང་གི་བུ་མོའི་གཉེན་སྟོན་བདེ་ལེགས་འོང་བར་སྨོན་པ་རེད། ཐེ་བན་གྱི་གསར་འགྱུར་སྡེ་ཁག་གིས་སྤེལ་བ་ལྟར་ན། ཉེ་ལམ་ཨ་རིའི་གཉེན་སྟོན་མཛད་སྒོ་ཞིག་ཏུ། བུ་མོས་དཔུང་བར་འཇུས་ཏེ་འགྲོ་རོགས་བྱེད་མཁན་ནི་ཁོ་མོ་དང་ཁྲག་རྒྱུན་གྱི་འབྲེལ་བ་གང་ཡང་མེད་པའི་མི་རྒྱུས་མེད་ཅིག་ཡིན་ལ། དེ་ཡང་མ་གཞི་མི་རྒྱུས་མེད་འདིའི་སྙིང་ནི་བུ་མོ་འདིའི་ཡབ་ཆེན་གྱིས་ཕུལ་བ་ཡིན་ཞིང་། ཁོ་རང་བུ་མོ་འདིའི་ཡབ་ཀྱི་མཚན་ཐོག་ནས་རང་ལ་དྲིན་ཆེ་བའི་མི་བུ་འདིའི་བུ་མོའི་འགྲོ་རོགས་འོག་གཉེན་སྟོན་གྱི་མཛད་སྒོའི་ཚོམས་ཆེན་ལ་ཕེབས་པ་རེད།
    《CBS》གསར་འགྱུར་སྡེ་ཁག་ནས་སྤེལ་བ་ལྟར་ན། ཨ་རིའི་པིན་ཞེ་ཡ་ན་མངའ་སྡེའི་བུ་མོJeni Stepienགྱི་ཡབ་ལགས་ནི་སྤྱི་ལོ2006ལོར་སྟབས་མ་ལེགས་པར་ལྐོག་གསོད་ཐེབས་ཏེ་ཚེ་ལས་འདས། ཁྱིམ་མིས་ཀྱང་ཁོང་གི་སྙིང་གཞན་ལ་འབུལ་བར་སེམས་ཐག་བཅད། སྐབས་དེར་ཉིའུ་ཙི་ཞེས་མངའ་སྡེ་རུ་སྡོད་པའིArthur Thomasལགས་ནི་བུ་མོ་འདིའི་ཡབ་ཀྱི་སྙིང་བརྗེ་སྤོར་བྱས་པ་ལས་གསོན་ཐུབ་སོང་བ་རེད།


    ལོ་ངོ་མང་བོ་ཞིག་གི་རིང་སྙིང་ཕུལ་མཁན་དང་སྙིང་འབུལ་ཡུལ་གྱི་ཁྱིམ་ཚང་འདི་གཉིས་འཕྲིན་ཡིག་དང་ཁ་པར་བརྒྱུད་དེ་འབྲེལ་བ་གནང་ཞིང་། བུ་མོJeni Stepienལགས་ལ་གཉེན་སྟོན་མཛད་སྒོ་སྤེལ་སྐབས་རང་ཉིད་ཀྱིས་རྩ་བ་ནས་མཐོང་མྱོང་མེད་པའི་ཡབ་ཆེན་གྱི་སྙིང་ཕུལ་སའི་མི་དེའི་འགྲོ་རོགས་འོག་ཚོམས་ཆེན་གྱི་ས་གདན་དམར་བོར་གོམ་ཁ་བསྒྱུར། བུ་མོས་བསྟན་དོན། "ཡབ་ཆེན་གྱིས་དངོས་སུ་བདག་གི་གཉེན་སྟོན་མཐོང་ཐུབ་མེད་ནའང་། ཁོང་གི་སྙིང་ཆུང་ད་དུང་ཡང་འདི་རུ་འཕར་ལྡིང་བྱེད་བཞིན་ཡོད་པས། ང་ཚོ་ཁྱིམ་མི་ཡོངས་དང་མཉམ་དུ་ཡོད་པ་མཚོན་ཐུབ"ཟེར།


      རྒྱང་རིང་གི་ཉིའུ་ཙི་ཞིས་མངའ་སྡེའི་སྐུ་ཞབསArthur Thomasལགས་ཀྱིས་ཀྱང་དགའ་སྤྲོའི་ངང་གདན་འདྲེན་འདི་དང་ལེན་བྱས་པ་རེད། ཁོ་རང་གིས་རང་གི་དྲིན་ཅན་གྱི་བུ་མོ་དེ་མི་ཚེའི་དཀྱོགས་མཚམས་གཞན་ཞིག་ལ་སླེབས་པ་མཐོང་བ་དང་། སེམས་འགུལ་ཚད་མེད་ངང་བཤད་དོན། "ང་རང་ལ་མཚོན་ན། འཇིག་རྟེན་འདིར་འདི་ལས་ལྷག་པའི་གཟི་བརྗིད་ལྡན་པའི་བྱ་བ་གཞན་གང་ཡང་མེད"ཟེར།

   བུ་མོJeni Stepienལགས་ཀྱིས་རང་གི"ཡབ"ཀྱི་སྙིང་གར་བྱིལ་བྱིལ་བྱེད་པ།
   བུ་མོJeni Stepienལགས་ཀྱིས་མིག་ཆུ་གཏོང་བ།

   བུ་མོJeni Stepienལགས་ཀྱིས་མིག་ཆུ་གཏོང་བ།

   བུ་མོJeni Stepienལགས་དང་ཁོང་གི་ཕ་མ་ཟུང་།

སྙིང་བརྗེ་སྤོར་བྱེད་སའི་སྐུ་ཞབསArthur Thomasལགས།

  སྐུ་ཞབསArthur Thomasལགས་ཁྱིམ་མི་གང་བོ།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
8994045
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།