ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས།

གློག་བརྙན་གྱི་གཏམ་རྒྱུད་ཀྱི་མདོར་བསྡུས།
  སྤྱི་ལོ1912ལོའི་ཟླ4ཚེས10ཉིན། མི་གྲངས་སྟོང་ཕྲག་གཉིས་ལྷག་སྡོད་པའི“འཛམ་གླིང་བཟོ་ལས་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ཅན”ཞེས་པའི་ཐྲཱ་ཐྲེ་ནེ་ཁུ་རྟགས་ཅན་གྱི་གྲུ་གཟིངས་ཆེས་ཐོག་མར་དབྱིན་ཇིའི་ནན་འཎ་ཕུ་ཏོན་ནས་ཨ་རིའི་ཉིག་ཡོག་གྲོང་ཁྱེར་དུ་བསྐྱོད་མགོ་ཚུགས། སྟབས་མ་ལེགས་པར། སྤྱི་ལོ1912ལོའི་ཟླ4ཚེས14དགུང་མོར་གྲུ་གཟིངས་དར་སྒང་ལ་གདོང་ཐུག་བརྒྱབ་དེ། མཚོ་ནང་དུ་ནུབ།

ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  དོན་རྐྱེན་འདི་གཏམ་རྒྱུད་ཀྱི་སྲོག་ཤིང་དུ་བཅོས་ནས་གློག་བརྙན་ཕབ་སྐྲུན་བྱས་པ་ལ། འབྱོར་ལྡན་ཁྱིམ་ཚང་ཞིག་གི་བུ་མོ་རའོ་ཟི 露丝དང་མོའི་ཨ་མ། གཞན་ཁྱིམ་མིས་བསྐོས་པའི་མ་འོངས་པའི་མག་པ་ཁ་ཨར 卡尔སོགས་ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་གྲུ་ཤག་དང་པོར་头等舱བསྡད་པ་དང་། ན་གཞོན་རི་མོ་བ་ཅེའེ་ཁུ 杰克སོགས་གཞན་མི་གྲངས་སྟོང་ཕྲག་གཉིས་ལྷག་གྲུ་ཤག་འོག་མར་下等舱བསྡད་དེ་ཨ་རིའི་ཉིག་ཡོག་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད་མགོ་ཚུགས།

ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  འབྱོར་ལྡན་ཁྱིམ་ཚང་གི་བུ་མོ་རའོ་ཟི་སྤྱི་ཚོགས་མཐོ་གྲས་ཀྱི་གཡོ་ཟོལ་དང་བཅོས་མའི་འཚོ་བ་ལ་ཡི་ཆད་བྱུང་སྟེ། མ་འོངས་པའི་བཟའ་ཟླ་ཁ་ཨར་དང་གཉེན་སྒྲིག་བྱ་མ་འདོད་པར། མཚོ་ནང་དུ་ལྕེབས་པར་རྩོམ་དུས་ན་གཞོན་རི་མོ་བ་ཅེའེ་ཁུ་ཡིས་མཚོ་ནང་ལ་མཆོང་དུ་མ་བཅུག་པར་སྲོག་བསྐྱབས། ཁ་ཨར་གྱིས་ཁོའི་བཟའ་ཟླའི་སྲོག་བསྐྱབས་པར་བཀའ་དྲིན་མཚོན་བྱེད་དུ་ཅེའེ་ཁུ་ལ་ཟས་མགྲོན་རྒྱ་ཆེར་བྱ་ཞོར་དམའ་འབེབས་བྱེད་བསམ་མོད་ཀྱང་། ཅེའེ་ཁུའི་ཟོལ་མེད་ཀྱི་སྐད་ཆས་ཁ་ཨར་བསམ་ཡིད་ལས་འདས་པར་བྱས་པ་དང་། དེ་ནས་བཟུང་། བུ་མོ་རའོ་ཟི་དང་ཅེའེ་ཁུ་གཉིས་ཀྱིས་དགའ་དུངས་ཀྱི་མིག་ཞགས་ཕན་ཚུན་གྱི་གདོང་ལ་ཡང་ཡང་འཕེན་པར་བྱས་བྱུང་།

  ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  རའོ་ཟི་ཡིས་སྤྱི་ཚོགས་མཐོ་གྲས་ཀྱི་གཡོ་ཟོལ་དང་བཅོས་མའི་འཚོ་བའི་ཁྲོད་དུ་ནང་སེམས་ཀྱི་བདེ་སྐྱིད་ངོ་མ་ཉུང་ཚུལ་དང་སྐྱོ་ངལ་མང་ཚུལ་སོགས་ཡི་ཆད་ཀྱི་འཚོ་བ་སྡུག་པོའི་གནས་ཚུལ་ཅེའེ་ཁུ་ལ་བཤད་པར། ཅེའེ་ཁུ་ཡི་འབྲལ་མེད་ཀྱི་བརྩེ་བས་རའོ་ཟི་ལ་ཡང་བསྐྱར་བདེ་སྐྱིད་ཀྱི་སེམས་ཁམས་ཤིག་བསྐྲུན་མགོ་ཚུགས། ཁ་ཨར་གྱིས་རའོ་ཟི་ལ་རིན་ཐང་ཤིན་ཏུ་ཆེ་བའི་རྡོ་རྗེ་ཕ་ལམ་གྱི་མགུལ་རྒྱན་ཞིག་གནང་ཏེ།རའོ་ཟིའི་ཡིད་སེམས་འགུག་རྩིས་བྱས་མོད་ཀྱང་།རའོ་ཟི་ཡིས་ཁ་ཨར་ནི་རྒྱུ་ངོ་རྐྱང་བ་ནས་དོན་དག་སྒྲུབ་མཁན་ཞིག་ཏུ་འདོད།

  ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  ཁ་ཨར་དང་ཨ་མ་གཉིས་ཀྱི་གནོན་ཤུགས་ཀྱི་འོག་ཏུ་རའོ་ཟི་ཡིས་ཅེའེ་ཁུའི་ཕྱོགས་སུ་ཤོར་བའི་སེམས་པ་ཕྱིར་མི་བསྡུ་ཐུ་མེད་བྱུང་སོང་། ཡིན་ཅང་། མལ་ཁང་དུ་རའོ་ཟི་ཡིས་ཅེའེ་ཁུ་ལ་རང་ཉིད་ཀྱི་གཅེར་གཟུགས་རི་མོར་འགོད་དུ་བཅུག་པ་ནས། ཅེའེ་ཁུ་དང་གཏན་དུ་མི་འབྲལ་བའི་སེམས་ཐག་བཅད་དེ། མཚོ་གྲུ་ལས་བབས་ཏེ་ཅེའེ་ཁུ་དང་ལྷན་ཏུ་ལྐོག་སྡེབ་དུ་འབྲོ་རྒྱུ་བྱས།

  ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  མཚན་མོ། ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་དར་སྒང་ལ་གདོང་ཕུག་བརྒྱབ་སྟེ་རིམ་གྱིས་མཚོ་ནང་དུ་ནུབ་མགོ་བརྩམས། ཁ་ཨར་གྱིས་ཅེའེ་ཁུ་ཡིས་རང་གི་མ་འོངས་པའི་ཆུང་མར་གནང་བའི་རྡོ་རྗེ་ཕ་ལམ་གྱི་མགུལ་རྒྱན་རྐུས་སོང་ཞེས་མ་ཉེས་ཁག་གཡོག་བྱས་ཏེ། གྲུ་ཤག་ཆེས་འོག་མ་དེ་རུ་བཀག་ཉར་བྱས།རའོ་ཟི་མི་གཞན་དག་དང་ལྷན་ཏུ་སྲོག་སྐྱོབ་མགྱོགས་གྲུ་ལ་སྒུག་སྡོད་དུས། སྔར་བཞིན་ཅེའེ་ཁུ་ཡིས་དོན་དེ་རིགས་སྒྲུབ་མི་སྲིད་པར་ཡིད་ཆེས་བྱུང་དེ། ཕྱིར་ཅེའེ་ཁུ་བཀག་ཉར་བྱེད་སའི་གྲུ་ཤག་འོག་མར་ཐོན་དེ་ཅེའེ་ཁུ་ཡི་སྲོག་བསྐྱབས་པར་བྱས། ཅེའེ་ཁུ་ཡིས་རའོ་ཟི་སྲོག་སྐྱོབ་མགྱོགས་གྲུར་སྡོད་དུ་བཅུག་ནས་མི་གཞན་དག་དང་ལྷན་ཏུ་འགྲོ་རུ་བཅུག་མོད། ཡིན་ཅང་། མཇུག་མཐར་རའོ་ཟི་ཕྱིར་མཚོ་ནང་དུ་ནུབ་བཞིན་པའི་གྲུ་གཟིངས་ཀྱི་སྟེང་དུ་བུད་དེ་ཅེའེ་ཁུ་དང་ལྷན་ཏུ་བསྡད།

                                                                                                         ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  མཇུག་མཐར། ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཡོངས་སུ་མཚོ་ནང་དུ་ནུབ། ཅེའེ་ཁུ་ཡིས་མཛའ་མོ་རའོ་ཟི་ཤིང་ལེབ་ཅིག་གི་སྟེང་དུ་བཞག་སྟེ། རང་ཉིད་ཀྱིས་ཆུ་ནང་དུ་མཛའ་མོ་རའོ་ཟི་བསྐྱོར་ནས་བསྡད། སྲོག་སྐྱོབ་མགྱོགས་གྲུ་ཕྱིར་མཚོ་ནང་དུ་ནུབ་པའི་གྲུ་གཟིངས་ཀྱི་འགྲམ་དུ་ཐོན་དུས། ཅེའེ་ཁུ་ཡོངས་སུ་ཆུ་ནང་དུ་ནུབ།རའོ་ཟི་ཡིས་རང་གི་མཛའ་བོ་ཅེའེ་ཁུ་ལ་བཞག་པའི་དམ་བཅར་བརྩི་སྲུང་བྱས་ཏེ་ལོ་གྲངས་བརྒྱད་ཅུ་གྱ་བཞིའི་སྟེང་སྔར་གྲུ་གཟིངས་ནུབ་ས་དེར་ཐོན་ནས་སྔོན་ཆད་ཁྱིམ་མིས་བསྐོས་པའི་བཟའ་ཟླས་བྱིན་པའི་མགུལ་རྒྱན་ཆུ་ནང་དུ་འཕངས་ཏེ། ཅེའེ་ཁུ་དང་ཡོངས་སུ་གྱེས་ཕྱག་ཕུལ།

                                                                                                                                 ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  གློག་བརྙན་འདི་ནི་ཁ་ན་ཏའི་འཁྲབ་ཁྲིད་པ་སྐད་གྲགས་ཅན་ལྗམ་སི·ཁ་མེ་ལོམ་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་གྲགས་ཅན་ཞིག་སྟེ། 1997ལོའི་ཟླ12ཚེས19ཉིན་ཨ་རིའི་གློག་བརྙན་ཁང་སོ་སོ་ནས་འགྲེམ་སྟོན་བྱས་ཤིང་། 1998ལོའི་ཟླ4ཚེས3ཉིན་ཀྲུང་གོའི་གློག་བརྙན་ཁང་སོ་སོ་ནས་འགྲེམ་སྟོན་བྱས་པ་དང་། 2012ལོའི་ཟླ4ཚེས10ཉིན་ཡང་བསྐྱར་ཀྲུང་གོའི་གློག་བརྙན་ཁང་སོ་སོ་ནས3Dཔར་གཞི་འགྲེམ་སྟོན་བྱས།

  ​​​​​​​ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས་ཀྱི་བརྙན་པར།

  གློག་བརྙན་འདི་ལ་1993ལོའི་ཟླ3ཚེས23ཉིན། སྐབས་70བའི་ཨོ་ཟི་ཁ་གསེར་གྱི་རྟགས་མའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ་སོགས་དུས་སྟོན་དེ་གའི་བྱ་དགའ་བཅུ་གཅིག་ཐོབ་པ་དང་། 1998ལོའི་ཟླ1ཚེས18ཉིན་གསེར་གྱི་སྤོ་ལོ་རྟགས་མའི་འཁྲབ་ཁྲིད་པ་རྩེ་གྲ་དང་གཏམ་རྒྱུད་གློག་བརྙན་རྩེ་གྲ་སོགས་ཐོབ་མྱོང་བ་མ་ཟད། ཨ་སྒོར་དུང་ཕྱུར18ལྷག་གི་གློག་བརྙན་པ་སེ་བཙོང་ཟིན་འདུག

  འཁྲབ་ཁྲིད་པ་མདོར་བསྡུས་ངོ་སྤྲོད།
  འཁྲབ་ཁྲིད་པ་ལྗམ་སི·ཁ་མེ་ལོམ་ནི་སྤྱི་ལོ1954ལོའི་ཟླ8ཚེས16ལ་ཁ་ན་ཏའི་འན་ཏའ་ལའོ་ནས་སྐུ་འཁྲུངས། མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། 1981ལོ་ནས་གློག་བརྙན་ཕབ་སྐྲུན་གྱི་མགོ་ཚུགས་ཤིང་། སྔ་རྗེས་སུ་གློག་བརྙན«མཇུག་བསྡུ་མཁན»«终结者»དང་«ཐྲཱ་ཐྲེ་ནེ་ཁུ་གྲུ་གཟིངས»«泰坦尼克号»«འཕོ་བ་གྲོངས་འཇུག»«阿凡达»སོགས་གློག་བརྙན་གྲགས་ཅན་མང་པོ་ཕབ་སྐྲུན་བྱས་མྱོང་། 2005ལོར། དབྱིན་ཇིའི་དུས་དེབ་བཙན་རྒྱལ«empire»ཞེས་པའི་འཛམ་གླིང་གི་རླབས་ཆེན་གྱི་འཁྲབ་ཁྲིད་པ་ཉི་ཤུ་ཡི་ཁྲོད་དུ་བདམས། གློག་བརྙན«ཨ་ཧྥན་ཏའ»ལ་གློག་བརྙན་པ་སེ་དུང་ཕྱུར་27ལྷག་བརྒལ། ཨོ་ཟི་ཁ་གསེར་གྱི་རྟགས་མའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་དང་གསེར་གྱི་སྤོ་ལོའི་གློག་བརྙན་བྱ་དགའ་སོགས་ཐོབ་མྱོང་།

དཔྱད་མཆན་ཡོད།