མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

སྙིང་ཚད།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-03-19  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཆང་རག་བསྟེན་དྲགས་པ་དང་ཆམ་རིམས་དུས་ཡུན་རིང་བོར་གསོ་བཅོས་མ་བྱས་པ་སོགས་ལས་ཚ་བ་སྙིང་ལ་བབས་པའི་ནད་ཅིག་རེད།

གཅིག རྒྱུ་རྐྱེན།

ཆང་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་དྲགས་པ། བསམ་བློ་ཕོག་ཐུག་བྱུང་བ། ཆམ་རིམས་སོགས་རྙིངས་ནས་སྙིང་ལ་ཞེན་པ་སོགས་ཀྱིས་སློང་བ་ཡིན།

གཉིས། ནད་རྟགས།

༡ བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། སྙིང་ལ་ན་ཟུག་གཏོང་བ་དང་མིག་སྤྲིན་དམར་པོ་ཆགས་པ། གདོང་དང་བྲང་ལ་སྲིན་འཐོར་ཡོང་བ།

༢ སྙིང་གཡུགས་པ། ཚིག་པ་ཟ་ལ་གློ་སྙིང་མི་བདེ་ལ་ཤེས་པ་འཚུབ་པ་དང་ག་འགག་ལ་ནུ་མའི་སྟེང་དུ་གཟེར་བ། གཉིད་དང་སྐོམ་དད་ཆེ་ལ་ཟས་ཀྱི་དྲི་མི་ཚོར་བ་བཅས་འབྱུང་བ་ཡིན།

༣ རྩ་རྒྱུད་མགྱོགས་ལ་སྙིང་རྩ་གྲིམས་པ་ཡིན།

༤ ཆུ་དཀར་སེར་ལྦུ་བ་སངས་རྐྱེན་པ་སོགས་ཀྱི་མངོན་ཚུལ་ཡོད།

༥ ལྕེ་ཐུང་ལ་ལྕེ་མཆུ་སྐམ་པ་དང་ལྕེ་གཞུང་ལ་དྲེག་པ་ནག་པོ་ཆགས་པ།

གསུམ། གཞོགས་འདེགས་བརྟག་དཔྱད།

སྙིང་གི་པར་རིས་ལས་གཉིས་ཡན་ཆད་ཀྱི་འདྲེན་འབྲེལ་STདུམ་ཚན་ཆུ་སྙོམས་དབྱིབས་སམའོག་གསེག་རྣམ་པར་འོག་སྤོ>0.05mvཡང་ནSTདུམ་ཚན་རྒྱུན་འགལ་མཐོར་འདེགས་དང་རྒྱུན་འགལQརླངས་མངོན་པ། དངངས་ཁྲག་ལས་སྙིང་ཤའི་ཤ་ཀལ་སྤྲི་དཀར་lདང་ཤ་ཀལ་སྤྲི་དཀར་T། CK-MBམངོན་གསལ་དུ་ཇེ་མཐོ་ཡིན་པ།

སྒྲ་བརྒལ་སྙིང་གི་པར་རིས་ལས་སྙིང་ཁོག་ཇེ་ཆེར་དང་སྙིང་གི་བྱེད་ལས་ཞན་པ་སོགས་མཐོང་ཐུབ།

བཞི། འཁྲུལ་སོ་བསལ་བ།

སྙིང་ཚད་དང་སྙིང་གཟེར༌། གློ་ཚད་ལ་ནོར་ཉེན་ཆེ་སྟེ། སྤྱིར་རོ་སྟོད་གཟེར་ན་ནུ་མའི་སྟེང་དུ་ན་བ་དང༌། གཉིད་དང་སྐོམ་དད་ཆེན་བ། གློ་སྙིང་མི་བདེ་བ་སོགས་མངོན་པས་སྤང་ཡང་ཁྱད་པར་སྙིང་ཚད་བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ།གདོང་དང་བྲང་ལ་སྲིན་འཐོར་ཡོང་བ་སྙིང་གཡུགས་པ་བཅས་ཀྱི་རྟགས་མངོན་པ་དང༌། སྙིང་གཟེར་ནི་མིག་གི་འབུར་ཚིག་བལྟ་ཞིང་དབུགས་རྒོད་ལ་ཞེན་འཁུན་བྱེད་པ་དང་གློ་ཚད་ནི་བྲང་དང་མིད་པའི་གནས་སུ་ཚ་ཙག་བྱེད་པ་དང་ཁྱད་པར་གློ་ལུ་ཞིང་དབུགས་མི་བདེ་བ་སོགས་ཀྱིས་འཁྲུལ་སོ་བསལ་དགོས།

ལྔ། གསོ་ཐབས།

༡ གསོ་ཚུལ། སྟོབས་ཆེན་དར་དྲག་ཐོག་བབས་བསད་པ་དང་སྟོབས་ཆུང་འཇམ་ལ་ཞི་བས་བཅོས་བསྟེན་དགོས།

༢ བཅོས་ཐབས།

(༡)ཟས། གསར་བཅུད་ཟས་དང་ཆུ་གྲང་བསྟེན་དགོས་ཚ་སྐྱུར་དང་ཆང་ལ་འཛེམ་དགོས།

(༢)སྤྱོད་ལམ། བསིལ་སར་དལ་བར་འདུག་པ་དང་ཆམ་རིམས་སོགས་ལ་འཛེམ་དགོས།

(༣)སྨན། ཏང་ཀུན་བརྒྱད་པ། (ནད་འདི་གཉན་དང་མ་འདྲེས་བའི་ཚ་རྐྱང་ཆེར་མི་འབྱུང་བས་ག་བུར་དང་གཏར་ག་གཟབ་དགོས)དང་སླེ་ཏྲེས་བདུན་ཐང༌། བི་མ་ལ་དང་ཚན་དན་སུམ་ཐང་ལྟག་སྤྲོད་བྱེད་པ། དེང་དུས་ཚད་པར་གཉན་གྱི་ འཁྲི་ཆེ་བས་བསིལ་བ་དེད་མི་དྲགས་པར་སྤང་རྩི་བཅུ་གཉིས་དང་ཁྱུང་ལྔ་སོགས་དང་དེ་མིན་རྒྱུད་དང་ཉམས་ཡིག་གཞན་ནས་བསྟན་པའི་འབྲེལ་ཡོད་སྨན་སྦྱོར་དང་ཡང་ན་རང་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཅོས་བར་བྱའོ།

(༤)དཔྱད། ལྕེ་རྩ་དང་སྒང་རྩ་གཏར་བ་དང་སོང་མོ་བཅུའི་རྩེ་གཏར་བ་བཅས་བྱེད་དགོས།

དྲུག ཕན་འབྲས་ཚད་གཞི།

༡ སངས་དྲགས། གོང་གསལ་གྱི་ནད་རྟགས་ཐམས་ཅད་མེད་པར་གྱུར་ཏེ་སངས་དྲགས་སུ་སོང་བ།

༢ སྐྱེད་ཆེ། བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། སྙིང་ལ་ཟུག་གཏོང་བ་དང་མིག་སྤྲིན་དམར་པི་ཆགས་པ། གདོང་དང་བྲང་ལ་སྲིན་འཐོར་ཡོང་བ་སོགས་ཀྱི་སྣང་ཚུལ་འཇགས་པ་སོགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང༌། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་ མལ་དུ་ཚུད་པ།

༣ སྐྱེད་ཆུང༌། ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

༤ ཕན་མེད། གོང་གསལ་གྱི་ནད་རྟགས་རྣམས་ལ་འགྱུར་ལྡོག་ཅི་ཡང་མ་བྱུང་བར་སྔོན་ལྟར་ཡིན་པའང་ཡང་ན་ཇེ་སྡུག་ཏུ་ཕྱིན་པ།

འཚོལ་བསྡུ་བ། བདེ་སྐྱིད་སྒྲོལ་མ།

གོང་མ།:རྨི་ལམ་མང་བའི་མི་དེ་ཚེ་ཐག་རིང༌།

ཞོལ་མ།:ཅི་ཞིག་ལ་ཟས་རིགས་རྟགས་བྱང་ཟེར།ཟས་རིགས་རྟགས་བྱང་ལ་ཅི་ལྟར་བལྟ་དགོས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235