ཨ་རིའི་ཡུན་ཏེ་ཨན་ནཱ་སློབ་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་འགྲེམ་གཏོང་བྱས་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-10-08

ཨ་རིའི་ཡུན་ཏེ་ཨན་ནཱ་སློབ་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་འགྲེམ་གཏོང་བྱས་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཨ་རིའི་ཡུན་ཏེ་ཨན་ནཱ་སློབ་ཆེན་དུ་བོད་ལྗོངས་ཀྱི་རྦ་རླབས་གསར་བ་ཞེས་པ་བརྗོད་དོན་དུ་བཟུང་སྟེ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཡོངས་འགྲེམ་གཏོང་བྱས་ཤིང་། པདྨ་ཚེ་བརྟན་གདན་འདྲེན་ཞུས་པ་ལྟར་གློག་བརྙན་འགྲེམ་གཏོང་དང་འབྲེལ་འདྲིས་བྱ་འགུལ་ལ་ཞུགས། ཆེད་ལས་སོ་སོའི་ཁྱབ་ཁོངས་ནས་ཕེབས་པའི་གཟིགས་མོ་བ་རྣམས་ཀྱིས་གློག་བརྙན་རང་སྟེང་ནས་གཏིང་ཟབ་ཅིང་ཞིབ་ཕྲའི་སྒོ་ནས་དབྱེ་ཞིབ་དང་གྲོས་བསྡུར་མཛད།

པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་མི་འགྱངས་པར་ཡེའེ་ལི་སློབ་ཆེན(Yale University)དང་། ཧྲིན་ལོའོ་ལུན་སི་སློབ་ཆེན(St. Lawrence University)། ཁཱང་ནེའུ་ཨར་སློབ་ཆེན(Cornell University)། ཉིག་ཡོ་སློབ་ཆེན(New York Universityཡང་ནNYU)སོགས་ཨ་རིའི་མཐོ་རིམ་སློབ་ཆེན་མང་པོ་རུ་སྐོར་བསྐྱོད་འགྲེམ་གཏོང་བྱ་རྒྱུ་ཡིན་པ་རེད།  ། 

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་རིག་པ་མཁས་ཅན་དང་བླ་སྤྲུལ་འཐུས་མི་ཚོགས་པས་མོང་གོལ་ལ་འཚམས་འདྲི་ཞུས་པ
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་སྒེར་གཉེར་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།