བོད་ན་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་དང་དེར་རྟོག་ཞིབ་བྱས་པའི་སྐོར་ཅུང་གླེང་བ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-22 09:34:00 ཀློག་གྲངས།:
        ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གསང་བདག་གིས་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་གྱིས་བསྟན་བཅོས་བྲིས་མ་དག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་ལ། བོད་མི་ལས་ཏཱ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་གྱི་བསྟན་བཅོས་འདི་དག་ལ་ཞིབ་འཇུག་བྱེད་མཁན་ཁོང་གཉིས་ཙམ་དུ་ཟད། ཕངས་པ་ཞིག་ལ་ཁོང་གཉིས་ཀྱིས་བྲིས་ པའི་རྩོམ་དེ་དག་ལས་སྐུ་ཞབས་གསང་བདག་གི་དཔྱད་རྩོམ་རེ་གཉིས་མ་གཏོགས་རྒྱ་ཡིག་གིས་བྲིས་ཡོད། འོན་ཀྱང་བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་གྱི་ཐོག་མ་ཡང་ཁོ་རང་ཉིད་ཡིན། ད་ལྟ་བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་ཡང་མིང་ཙམ་དུ་གྱུར་ཡོད།
        “ད་ལྟ་ལག་སོན་བྱུང་བའི་ཏ་ལའི་ལོ་མའི་བསྟན་བཅོས་ལས་སྔ་ཤོས་ལ་དུས་རབས་བཞི་བའམ་ལྔ་བ་དུས་ཙམ་ལ་བྲིས་པ་དང༌། ཡང་ན་ཐད་ཀར་རྒྱ་གར་དང་བལ་ཡུལ་ནས་གདན་དྲངས་པ་དང༌། ཕྱི་ཤོས་ལ་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་དུས་དེར་ལེགས་པར་བྲིས་པའམ་དྲངས་པ་དག་ཡིནⅡ”“ཏ་ལའི་ལོ་མའི་བསྟན་བཅོས་དེ་དག་ལས་མང་ཆེ་བ་བོད་ཀྱི་ལོ་པཎ་མཁས་གྲུབ་རིན་བྱོན་གྱིས་བསྒྱུར་ནས་བཀའ་འགྱུར་དང་བསྟན་འགྱུར་ནང་དུ་གཏན་འབེབས་བྱས་ཟིན་ཀྱང༌། ད་དུང་བོད་ཡིག་ཏུ་ཡེ་ནས་བསྒྱུར་མེད་པའི་ཕྱི་རོལ་མུ་སྟེགས་པའི་བསྟན་བཅོས་ཡང་ཁ་ཤས་ཡོད་པ་དང༌། མང་ཆེ་བ་ནང་བ་སངས་རྒྱས་པའི་བསྟན་བཅོས་ཡིན། Ⅲ”ནང་དོན་གྱི་ཆ་ནས་སྣ་ཚོགས་ཡོད་ཅིང༌། “དེ་དག་ལེགས་པར་གྲུབ་པའི་དུས་མི་གཅིག་པས་ཡིག་གཟུགས་ཀྱི་ཆ་ནས་འདྲ་མིན་སྣ་ཚོགས་ཡོད་དེ། དཔེར་ན་བྲམ་ཟེའི་ཡི་གེ་དང༌། ཀུཔྟའི་ཡི་གེ དྷ་རི་ཀའི་ཡི་གེ ན་ག་རིའི་ཡི་གེ ཀུ་ཏི་ལའི་ཡི་གེ མ་ག་དྷིའི་ཡི་གེ ས་ར་དའི་ཡི་གེ རཉྫིནའི་ཡི་གེ ནེ་པ་ལའི་ཡི་གེ མཻ་ཐི་ལའི་ཡི་གེ ལཉྫའི་ཡི་གེ ཝརྟུ་ལའི་ཡི་གེ་སོགས་སྣ་ཚོགས་ཡོད། Ⅳ”ད་ལྟ་བོད་དུ་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་དེ་དག་གི་ཡིག་གཟུགས་མི་འདྲ་བ་སྣ་བཅུ་ལྷགⅤཡོད་སྐད།
        དགེ་འདུན་ཆོས་འཕེལ་གྱིས། “རྒྱ་དཔེ་འདི་དག་འགངས་ཆེ་བར་མ་ཟད། ཡུལ་ཀྱང་རང་རེའི་ཡུལ་དུ་ཡོད་པས་ཕན་ཆེ་ཞིང་རྙེད་སླ་བར་དགོངསⅥ”གསུངས་མོད་ད་ལྟ་བོད་ཀྱི་མཁས་པ་མང་ཆེ་བ་ཞིག་ལ་རྒྱུས་མེད་དུ་གྱུར་ཡོད། ཡིན་ན་ཡང༌། “རྒྱ་དཔེ་འདི་འདྲ་བ་དག་བ་ཞིག་གི་འགྱུར་ཚིག་མཁྲེགས་པོ་རེ་ཡིན་ཀྱང་གོ་པའི་ས་ཨེ་ཆོད་བལྟས་ནས་དཀའ་བ་སླ་བར་གཏོང་བའི་ཐབས་ཤིག་ལ་འབད་ན་གོ་མ་ཆོད་ཀྱང་ངོ་གནོང་མི་དགོས་པར་བསམⅦ”
        འདི་དག་ནི་བོད་ཀྱི་རིན་པོ་ཆེ་ཞིག་ཡིན་པ་མ་ཟད། དེང་སང་འཛམ་གླིང་གི་རིན་པོ་ཆེ་ཞིག་ཀྱང་རེད། ད་ལྟ་བོད་དུ་སིང་ཀྲི་ཏའི་སྐད་ཤེས་པ་ཉུང་ཞིང་ལྷག་པར་ཞིབ་འཇུག་བྱེད་མཁན་ཉུང་ཞིང༌། ད་ལྟ་ཐོར་བཀོད་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོད426དང་དེ་དག་ལ་བསྡོམས་པའི་ཤོག་གྲངས4300ཙམ་ཡོད། ད་དུང་བོད་ཀྱི་ས་གནས་སོ་སོ་ན་ལེགས་སྦྱར་གྱི་བསྟན་བཅོས་མང་ཙམ་ཡོད་ངེས་པས་དོན་གཉེར་ཅན་དག་གིས་འཚོལ་བ་དང་ཞིབ་འཇུག་བྱེད་པའི་སླད་དུ་ཁོ་བོས་ཆེད་དུ་ཡིག་རིགས་གཞན་པས་ངོ་སྤྲོད་བྱས་པ་སྐོར་ཞིག་ལ་དཔྱད་པ་གཏོང་ཁུལ་གྱིས་རང་རེའི་འབྲེལ་ཡོད་ཡིག་ཆ་དང་མཐོང་ཐོས་དག་གིས་ཁ་སྣོན་བརྒྱབས་ཏེ་བོད་རིག་ན་གཞོན་དག་ལ་ངོ་འཕྲོད་ཙམ་དུ་ཕུལ་བ་ལགས་སོ།།
མཆན་འགྲེལ།
①《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་   ཁང༌། དེབ་དང་བོ། ཤ34
②རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》མི་རིགས་དཔེ་སྐྲུན་ཁང། ཤ 84
③ར་ཧུ་ལས་དཔེ་རྙིང་འཚོལ་དུས་བསམ་ཡས་ནས་དཔེ་ཆ་གཅིག་ཀྱང་རྙེད་མི་འདུག་སྟེ། དགེ་འདུན་ཆོས་འཕེལ་གྱིས་དགོན་པ་འདི་དག་ལས་རྒྱ་དཔེ་ལ་རེ་བ་ཆེ་ས་ནི་བསམ་ཡས་ཡིན་མོད། འགའ་ཞིག་གིས་དེ་ན་ཅི་ཡང་མེད་ཟེར་བ་བདེན་མཆིས་ཞེས་གསུངས་ཡོད།
④《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་   ཁང༌། དེབ་དང་བོ། ཤ13
⑤ཧོ་ཏིག་ཞུང་ནི་བལ་བོར་སྡོད་པའི་དབྱིན་ཇིའི་ཕོ་ཉ་ཡིན་ལ1819-1843བར་དུ་དབྱིན་ཇིའི་སྲིད་གཞུང་གི་མངགས་པ་བཞིན་བལ་བོར་ཡོང་ནས་གཞུང་དོན་སྒྲུབ། 1843ལོར་ཁོང་གི་ཕྱག་ཏུ་ལེགས་སྦྱར་གྱི་བསྟན་བཅོས་བྲིས་པའི་བམ་པོ381སྟེ་དཔེ་མི་འདྲ་བ300ལྷག་ཉར་ཚགས་བྱས། རྗེས་སུ་ཁོང་གི་བསྡུས་བའི་རྒྱ་དཔེ་འདི་དག་དབྱིན་ཇི་དང་ཧྥ་རན་སི་རྒྱ་གར་བཅས་སུ་ཉར་ཚགས་བྱས་ཡོད། 1881ལོར་ཧང་ཐེར(W.W.hunter)གྱིས་བསྒྲིགས་པའི《ཧོ་ཏིག་ཞུང་གིས་ཉར་ཚགས་བྱས་པའི་བྲིས་མའི་ཆ་ཚང་གི་དཀར་ཆག》པར་དུ་བསྐྲུན། ཁོང་གིས་ཉར་ཚགས་བྱས་པའི་རྒྱ་དཔེ་ནང་གི་སྐོར་ཞིག་བོད་ནས་རྙེད་པ་ཡིན་པ་ཡང་དོན་དངོས་ཡིན་ཞེས་མཁས་པ་དག་གིས་གླེང༌།
⑥1937ལོར་ར་ཧུ་ལ་ཨུ་རུ་སི་ནས་ཕྱིར་སླེབས་རྗེས་ཐེངས་བཞི་བར་བོད་དུ་བསྐྱོད་པའི་གྲ་སྒྲིག་བྱས།     (1938.5.4-----1938.9.25)པི་ཧར་དང་ཡོ་ལི་ས་ཞིབ་འཇུག་ཚོགས་པའི་ཊམ་ཀ6000ཁོང་གི་ལམ་དངུལ་དུ་བྱིན་ཞིང༌། ད་དུང་དབྱིན་ཇིའི་སྲིད་གཞུང་གིས་ཁོ་བོད་ནས་ཕྱིར་སླེབས་དུས་ཊམ་ཀ4000ཁོས་འདྲ་པར་དཔར་བའི་ཡོན་དུ་གཏོང་བར་ཁས་བླངས། ཁོ་ལ་སྒོར་དེ་དག་ཐོབ་རྗེས་དགེ་འདུན་ཆོས་འཕེལ་དང་པར་ལེན་མཁན་ཕད་ནི་མོ་ཁར་ཅི(Phenimoukherji)པྲཀྲིཏའི་སྐད་ཀྱི་ཆེད་མཁས་པ་སིང་ག་ལའི་མཁས་པ་ཨ་བྷྱ་ སིང་གྷཔྲར(Abaya singhparera)ཁེན་བ་ལ་ཁ་ར་ཤི་ན(Kanwalkrishna)བཅས་ཡོད་ཅིང༌། ར་ཧུ་ལ་དང་མོ་ཁར་ཅི་གཉིས་ཀྱིས་གནས་ཚུལ་ཕྲ་ཞིབ་ཀྱིས་བཀོད་ཅིང༌། ར་ཧུ་ལས་ཉིན་ཐོ་བྲིས། མོ་ཁར་ཅིས1963ལོའི་ཟླ་དྲུག་པ་ནས1964ལོའི་ཟླ་བདུན་པའི་བར་དབྱངས་ཅན་མའི་དུས་དེབ་སྟེང་འདིའི་སྐོར་གྱི་རྩོམ་ཡིག་བཅུ་བཞི་དང༌། 《པི་ཧར་དང་ཡོ་ལི་ས་ཞིབ་འཇུག་ཚོགས་པའི་རིག་གཞུང་དུས་དེབ》སྟེང་རྟོག་ཞིབ་ཀྱི་སྙན་ཞུ་བཀོད།
⑦李四龙 《欧洲佛教学术史》 北京大学出版社 དཔེ་ཆ་འདིར་ཁོང་བོད་ལ་རྟོག་ཞིབ་ཡོང་བའི་ལོ1928---1943བར་བཀོད་ཡོད་མོད་དེ་ནི་ཡིག་ནོར་ཡིན་པར་མཐོང་སྟེ། གསེར་གྱི་ཐང་མ་ན་སྟག་གི་ལོ་ཡང་རྟོག་ཞིབ་ཏུ་   ཕེབས་པར་གསུངས་པས1938ལ་བབས་པས་སོ།།
⑧གནས་དེ་དག་ཏུ་རྙེད་པའི་དཔེ་ཆའི་ཐོ་ཡིག་ཞིབ་ཏུ་དགེ་འདུན་ཆོས་འཕེལ་གྱི《གསེར་གྱི་ཐང་མ》ན་བཀོད་ཡོད།
⑨《འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག》དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང༌། མི་རིགས་དཔེ་སྐྲུན་ཁང༌། ཤ7
⑩དགེ་འདུན་ཆོས་འཕེལ་གྱིས་སྔ་ཕྱི་གཉིས་ཀར་རྟོག་ཞིབ་བྱས་པའི་ལེགས་སྦྱར་གྱི་བསྟན་བཅོས་དག་གི་དཀར་ཆག《གསེར་གྱི་ཐང་མ》ན་བཀོད་ཅིང་ཁོ་ཚོས་ཐེངས་དང་བོའི་རྟོག་ཞིབ་ཀྱི་གནས་ཚུལ་ཅུང་ཕྲ་ཞིང་ཞིབ་པར་བཀོད་ཡོད།
⑾李四龙 《欧洲佛教学术史》北京大学出版社 2009年 P 46
⑿李四龙《欧洲佛教学术史》北京大学出版社 2009年  46
⒀ ཏུའུ་ཆི་ལགས(1894---1984)ནི་དབྱི་ཏ་ལིར་སྐྱེས་ཤིང༌། འཛམ་གླིང་དུ་གྲགས་པ་ཆེ་བའི་བོད་རིག་པའི་མཁས་པ་ཞིག་ཡིན་ལ། བོད་རིག་པར་བྱས་རྗེས་ཤིན་ཏུ་ཆེ་བའི་ནུབ་ཕྱོགས་ཀྱི་མཁས་པ་ཞིག་ཀྱང་ཡིན། 1921—1924བར་དུ་ཁོང་ཐེངས་བརྒྱད་ལ་བོད་དུ་ཡོང༌། བོད་རིག་པའི་སྐོར་གྱི་དཔེ་ཆ་བཅུ་དང་དཔྱད་རྩོམ་  བརྒྱ་ལྷག་ཡོད།
⒁李四龙《欧洲佛教学术史》北京大学出版社 2009年  45
⒂གསང་བདག སྒྲ་རིག་པའི་ཀུན་བཤད་བཏགས་མིང་ལ་ཚངས་སྲས་དགྱེས་པའི་ལང་ཚོའམ་ཚངས་སྲས་དགྱེས་པའི་བློ་གྲོས་ཟེར། མདོ་སྨད་མཚོ་ལྷོའི་བྱ་མདོ་ཡུལ་དུ་སྐྱེས། སྤྱི་ལོ1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་ནས་མཐར་ཕྱིན་རྗེས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་  བྱས། 1975ལོ་ནས1977ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའིབོད་གནའ་རབས་སྐད་ཡིག་གི་ཞིབ་  འཇུག་སློབ་མའི་ཧྲོ་ཧྲིའི་ཐོབ་ཐང་བླངས། སྤྱི་ལོ1977ལོ་ནས་ད་ལྟའི་བར་པེ་ཅིན་དུ་བོད་ཀྱི་ཤེས་རིག་ཞིབ་   འཇུག་ལྟེ་གནས་སུ་ལས་ཀ་བྱེད་བཞིན་ཡོད། 
⒃ཏོན་ཆིང༌།《པེ་ཅིན་སློབ་ཆེན་གྱིས་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེར་ཞིབ་འཇུག་གནང་ཚུལ་སྐོར།》《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས》
⒄ཏོན་ཆིང༌།《པེ་ཅིན་སློབ་ཆེན་གྱིས་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེར་ཞིབ་འཇུག་གནང་ཚུལ་སྐོར།》《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས》
⒅ཏོན་ཆིང༌།《པེ་ཅིན་སློབ་ཆེན་གྱིས་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེར་ཞིབ་འཇུག་གནང་ཚུལ་སྐོར།》《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས》
⒆གསར་བརྗེ་ནི་སྤྱི་ལོ2005ལོར་པེ་ཅིན་སློབ་གྲྭ་ཆེན་མོ་ཐོན་རྗེས་སློབ་ཆེན་དེ་རང་དུ་དགེ་རྒན་དུ་ཉར་   བའི་བོད་རིགས་ན་གཞོན་ཞིག་ཡིན་ཞིང༌། ཁོང་གིས་ད་ཆ་པེ་ཅིང་སློབ་གྲྭ་ཆེན་མོར་ལེགས་སྦྱར་སྐད་ཡིག་དང་བོད་ཡིག་སློབ་ཚན་ཁྲིད་བཞིན་ཡོད།
⒇李四龙《欧洲佛教学术史》北京大学出版社 2009年  45
Ⅰ ཏོན་ཆིང༌།《པེ་ཅིན་སློབ་ཆེན་གྱིས་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེར་ཞིབ་འཇུག་གནང་ཚུལ་སྐོར།》《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས》
Ⅱགསང་བདག  《ཏ་ལའི་ལོ་མར་བྲིས་པའི་ས་སྐྲི་ཏའི་ཡི་གེ་དང་བོད་ཀྱི་ཤེས་རིག》《 ཀྲུང་གོའི་བོད་རིག་པ། 》1996དེབ6པ། ཤ90
Ⅲ གསང་བདག  《ཏ་ལའི་ལོ་མར་བྲིས་པའི་ས་སྐྲི་ཏའི་ཡི་གེ་དང་བོད་ཀྱི་ཤེས་རིག 》《ཀྲུང་གོའི་བོད་རིག་པ།》 1996དེབ6པ། ཤ90
Ⅳགསང་བདག《ཏ་ལའི་ལོ་མར་བྲིས་པའི་ས་སྐྲི་ཏའི་ཡི་གེ་དང་བོད་ཀྱི་ཤེས་རིག 》《ཀྲུང་གོའི་བོད་རིག་པ།》 1996དེབ6པ། ཤ91
Ⅴ 桑德《略论古印度梵语文对藏族传统文化的影响》《中国藏学》2005.4  p92
Ⅵ《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། དེབ་དང་བོ། ཤ35
Ⅶ《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། དེབ་དང་བོ། ཤ35

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།