མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-07-17 11:01

                        བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་བསྡུས་པ།

       བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་བསྡུས་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་དང་ཧ་ཧྥོ་ཡན་ཅིན་སློབ་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་དུས་རབས7པ་ནས་དུས་རབས17པའི་བར་གྱི་བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད་དང་། ཆོས་ལུགས་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་དེ་ཁྲིན་ཏུའུ་རུ་བསྡུས་པ་རེད། ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྥན་ཏི་ཁཱང(Prof.Leonard.J.van der Kuijp)ལགས་དང་། བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་ཀྱི་ཆེད་མཁས་ཨ་མེ་ཧེ་ལུར(Dr.Amy Heller)ལགས། བོད་ལྗོངས་ཡིག་ཚགས་ཁང་བསྒྱུར་སྒྲིག་ཞིབ་འཇུག་ཁང་གི་རྡོ་སྦིས་ཚེ་རིང་རྒྱལ་ལགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆོས་ལུགས་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་སོགས་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཆེད་མཁས་མང་པོ་གདན་ཞུ་ལྟར་དཔྱད་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

                     ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྥན་ཏི་ཁཱང་ལགས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

  ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་གླེང་གཞི་ལ་རིམ་པ་ལྔ་རུ་བགོས་ཡོད་པ་སྟེ། གཅིག་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དང་། རྟོག་དཔྱོད། སྒྱུ་རྩལ། གཉིས་ནི་བོད་ལྗོངས་ནུབ་རྒྱུད་ས་ཁུལ་གྱི་ལོ་རྒྱུས་དང་སྒྱུ་རྩལ། གསུམ་ནི་ཉེ་བའི་ལོ་ནང་གསར་དུ་བྱུང་བའི་ཡིག་རྙིང་དང་ལེགས་སྦྱར་སྐད་ཀྱི་བྲིས་མའི་ཞིབ་འཇུག བཞི་ནི་བོད་སིལ་བུའི་སྐབས་ནས་གཙང་པ་རྒྱལ་པོའི་དུས་སྐབས་ཀྱི་རྒྱ་བོད་ནང་བསྟན་རིག་གནས་འབྲེལ་འདྲིས། ལྔ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་མཚན་ཉིད་རིག་པའི་ཞིབ་འཇུག་བཅས་སོ། །

  དུས་རབས་བདུན་པ་ནས་དུས་རབས་བཅུ་བདུན་བའི་བར་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་གལ་ཆེ་བའི་དུས་རིམ་ཞིག་ཡིན་ཞིང་། བཙན་པོའི་རྒྱལ་རབས་ལ་ཆགས་འཇིག་དར་རྒུད་བྱུང་བ་དང་། བསྟན་པ་ཕྱི་དར་དང་སྔ་དར། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་བྱུང་འཕེལ་སོགས་ལོ་རྒྱུས་ཀྱི་འགྱུར་བ་མང་པོ་ཞིག་བྱུང་མྱུང་བས། དུས་རབས་དེའི་བར་གྱི་ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་པ་རྣམས་ཀྱི་ཞིབ་འཇུག་གི་དང་བ་དྲངས་དང་འདྲེན་བཞིན་མཆིས། དེ་བས་ཐེངས་འདིའི་ཞིབ་འཇུག་གི་དམིགས་འབེན་དང་དགོངས་སྙིང་ནི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཤེས་ཡོན་པ་རྣམས་ཀྱིས་བགྲོ་གླེང་རྒྱ་ཆེན་པོ་སྤེལ་ནས།རིག་ཚན་ནམ་ཁྱབ་ཁོངས་ཐ་དད་པའི་གསར་བྱུང་གི་དཔྱད་འབྲས་ཐུན་མོང་གིས་ལོངས་སུ་སྤྱོད་རྒྱུ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག