བྱིའུ་ཁྲ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-08 09:51:00 ཀློག་གྲངས།:

བྱིའུ་ཁྲ།

བྱིའུ་ཁྲ། 雀鹰  Sparrow

གཟུགས་གཞིའི་ཁྱད་ཆོས།
     བྱིའུ་ཁྲའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས31ནས40དང་། ལུས་བོངས་ལྗིད་ཚད་ལ་ཁེ290ཙམ་ཡོད། བྱིའུ་ཁྲའི་ལུས་སྟོད་ནག་སྐྱ་ཡིན་ལ། སྤྱི་གཙུག་དང་སྐེ་རྒྱབ་ནག་པོ་ཡིན། རྔ་མ་རིང་བ་དང་། རྔ་མའི་སྟེང་ན་འཕྲེད་བཅད་ཡིན་པའི་ཐིག་ལེ་ནག་པོ་བསྟར་ཕྲེང4ནས5ཡོད། གཤོག་སྣེ་ཐུང་ཞིང་སྒོར་བ་དང་། གཤོག་རིམ3ན། 4བ། 5བ་བཅས་ཀྱི་བྱ་སྒྲོ་ནི་ཆེས་རིང་བ་ཞིག་ཡིན། མིག་མཐའ་དཀར་བོ་ཡིན། མགྲིན་པ་དཀར་ཞིང་དེའི་སྟེང་ན་སེར་ཞད་འདྲེས་པའི་ཁྲ་ཐིག་ཡོད། བྲང་ངོས་དང་གསུས་ངོས་དཀར་བོ་ཡིན་ལ། དེའི་སྟེང་ན་སེར་ཐིག་ཁྱབ་འདུག རྔ་སྒྲོའི་ནང་ངོས་དཀར་བོ་དཀར་རྐྱང་ཡིན། མཆུ་ཏོ་ལྗང་སྐྱ་དང་མཆུ་སྣེ་ནག་པོ་ཡིན། སྡེར་སུག་དཀར་སྐྱ་དང་སེན་མོ་ནག་པོ་ཡིན། ཕོ་བྱ་དང་མོ་བྱ་གཉིས་ཀྱི་གཟུགས་གཞི་ལ་ཁྱད་པར་མེད།
ཁྱབ་ཡུལ།
     བྱིའུ་ཁྲ་ནི་མདོ་དབུས་མཐོ་སྒང་ན་ཡོད་པར་མ་ཟད། རང་རྒྱལ་གྱི་ས་ཆ་གཞན་དག་ནའང་ཡོད་དོ།།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     བྱིའུ་ཁྲ་ནི་ནགས་ཚལ་ན་གནས་པ་དང་། དབྱར་དཔྱིད་གཉིས་ཀར་རི་མགོ་དང་དགུན་ཐོག་རི་འདབས་སམ་ཐང་ཡངས་ན་ཁེར་འདུག་བྱས་ཡོད། གཟན་རྔོན་སྐབས་རྫུབས་མཐུག་སའི་ཡལ་གའི་གསེང་ནས་སྦས་ཏེ་གློ་བུར་དུ་བརྔན་བྱའི་བྱིའུ་དག་གི་སྟེང་ལ་མཆོངས་ཏེ་གསོད་པ་ཡིན། བྱིའུ་ཁྲའི་ཁ་ཟས་གཙོ་བོ་ནི་བྱིའུ་དང་དེ་ཕྲུག  གོང་ཕྲུག་སོགས་འདབ་ཆགས་ཆུང་གྲས་ཀྱི་རིགས་ཡིན། ཟླ4བ་ནས་ཟླ6པའི་བར་དུ་སྐྱེ་འཕེལ་བྱེད་པ་ཡིན། བྱིའུ་ཁྲའི་ཁྲ་ཚང་སྡོང་མགོ་ན་བཅོས་ཡོད། (བྱིའུ་ཁྲའི་ཁྲ་ཚང་ཕལ་ཆེར་ཁྭ་ཏ་དང་འདབ་ཆགས་གཞན་དག་གི་བྱ་ཚང་རྙིང་བའི་ནང་དུ་བཅོས་ཡོད)  སྒོ་ང4ནས6བཏང་རྗེས་བྱ་སྒོང་རུམ་པ་ཡིན་ལ། བྱ་སྒོང་གི་སྟེང་ན་སེར་ཐིག་ཡོད། བྱ་སྒོང་རུམ་ཡུན་ནི་ཉིན30ནས31ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བྱིའུ་ཁྲ་ནི་བྱ་བྱིའུ་རྔོན་རྩལ་ཆེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པས། སྐྱེ་དངོས་དོ་མཉམ་ཡོང་བའི་ཐད་ལ་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པར་མ་ཟད། རི་དྭགས་ཁང་སོགས་སུ་འགྲེམ་སྟོན་བྱེད་པའི་འདབ་ཆགས་ཡག་པོ་ཞིག་ཀྱང་ཡིན།
ད་ཡོད་གནས་བབ།
       དེང་སང་བྱིའུ་ཁྲ་ནི་མཐོང་བར་དཀོན་པའི་འདབ་ཆགས་སུ་གྱུར་ཡོད་པས། རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།