འོལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-03 08:14:00 ཀློག་གྲངས།:

འོལ་བ་ནི་ཤ་ཟ་བའི་འདབ་ཆགས་ཆེ་གྲས་ཀྱི་རིགས་ཡིན།

འོལ་བ།  鸢 Black Kite

གཟུགས་གཞིའི་ཁྱད་ཆོས།
     འོལ་བའི་ལུས་ཀྱི་རིང་ཚད་ལ་ལི་སྨིས60ཙམ་ཡོད་ཅིང་། རྔ་མ་ཉིས་ཚེབ་དང་མཆུ་ནག་པོ། ལུས་སྟོད་ཁམ་མདོག་ཡིན། མགོ་ཡི་སྒྲོ་སྤུའི་སྤུ་མདོག་ནག་པོ་དང་དེའི་སྟེང་ན་ཐིག་རིས་འཐེན་ཡོད། གཤོག་པ་རིང་ཞིང་གཤོག་རྩེ་ལྡན་པ་ཞིག་ཡིན་པས། གཤོག་པ་མར་ཕབ་རྗེས་གཤོག་སྣེས་རྔ་སྒྲོ་ཁེབ་ཙམ་བྱས་འདུག  རྔ་སྒྲོ་རིང་ཞིང་རྔ་སྒྲོའི་སྣེ་མོ་ན་ཁུགས་སོ་ཞིག་ཡོད་པས། བལྟས་པ་ཙམ་གྱིས་ཉིས་ཚེབ་ཅིག་དང་མཚུངས། དཀར་སྐྱ་ཡིན་པའི་མགྲིན་པའི་ངོས་སུ་ཐིག་རིས་ནག་པོ་ཁྱབ་འདུག བྲང་ངོས་དང་གསུས་ངོས་ཁམ་མདོག་ཡིན་ལ་དེའི་སྟེང་དུ་ཁམ་ནག་གི་ཐིག་རིས་མངོན་འདུག གཤོག་འོག་ན་དཀར་ཐིག་ཆེན་པོ་རེ་ཡོད། བྱ་རྐང་དཀར་བོ་ཡིན་པ་དང་སྡེར་མོ་ནག་པོ་ཡིན།
ཁྱབ་ཡུལ།
     འོལ་བ་ནི་རང་རྒྱལ་གྱི་ས་ཆ་ཕལ་མོ་ཆེ་ན་ཁྱབ་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     འོལ་བའི་སྐྱེ་འཕེལ་བྱེད་ས་ནི་མཚོ་ངོས་ལས་སྨིས3000ནས་སྨིས4500ཡི་བར་ཡིན་ལ། མཚོ་ངོས་ལས་སྨིས5200ཡོད་ས་རུའང་འོལ་བ་མཐོང་རྒྱུ་ཡོད། འོལ་བ་ཕལ་ཆེར་ས་སྟོང་དང་རི་སྒང་། ཡང་ན་ལུང་ཁོག་གི་མཁའ་དབྱིངས་ན་ཆ་དང་ཁྱུ་བྱས་ནས་འཕུར་གྱིན་ཡོད་ལ། བྱ་སྐད་རྣ་ལམ་དུ་ཟུག་ཡོང་བ་ཞིག་ཡིན། འོལ་བས་སྡོང་བོ་ཆེན་པོའི་སྟེང་དུ་བྱ་ཚང་བཟོ་བ་ཡིན། ལོ་རེའི་ཟླ4བ་ནས་ཟླ5བའི་ནང་དུ་སྒོ་ང་གཏོང་བ་ཡིན། སྒོ་ང་ནི་འཇོང་ནར་ཞིག་ཡིན་ལ། སྔོ་སྐྱ་ཡིན་པའི་སྒོ་ངའི་སྟེང་དུ་ཁམ་ནག་གམ་ཁམ་དམར། ཡང་ན་དམར་སྨུག་གི་ཁྲ་ཐིག་བབས་འདུག  སྒོ་ང་རུམ་ཐེངས་རེར2ནས3རུམ་པ་དང་། མོ་བྱས་སྒོ་ང་རུམ་སྐབས་ཕོ་བྱས་སོ་སྲུང་བྱེད་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     འོལ་བའི་ཁ་ཟས་ནི་བྱི་བའི་རིགས་དང་ཤི་ཤ་རུལ་བ་ཡིན་པས། བྱི་གནོད་སྔོན་འགོག་དང་སྲོག་ཆགས་ཤི་བའི་རོ་ཟས་ཏེ་ཁོར་ཡུག་གཙང་སྦྲ་བྱེད་པར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། འོལ་བ་ནི་ཤ་ཟ་བའི་འདབ་ཆགས་ཆེ་གྲས་ཀྱི་རིགས་ཡིན་སྟབས། སྐྱེ་དངོས་དོ་མཉམ་ཡོང་བར་མེད་དུ་མི་རུང་བའི་འདབ་ཆགས་གོ་ཆོད་ཅིག་ཡིན།
ད་ཡོད་གནས་བབ།
     འོལ་བའི་གྲངས་ཀ་ཉུང་ཞིང་ཁྱབ་རྒྱ་ཆུང་བར་མ་ཟད། མི་རྣམས་ཀྱིས་བྱི་དུག་འཕངས་ཏེ་བྱི་བ་བསད་པ་ན། འོལ་བ་དག་གིས་དུག་གྲིར་ཤི་བའི་བྱི་བའི་རིགས་ཟོས་ཏེ་རང་སྲོག་གཅོད་བཞིན་ཡོད།
     འོལ་བ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།