ཡུན་ནན་ཞིང་ཆེན་གྱིས་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་འཛུགས་རྒྱུ་རེད།

ཚེ་རིང་རྒྱ་མཚོས་བསྒྱུར།    ཞིན་ཧྭ་དྲ་བ།    2012-04-16

ཡུན་ནན་ཞིང་ཆེན་གྱིས་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་འཛུགས་རྒྱུ་རེད།
བྱིས་པ་ཚོས་སྤྲོ་སེམས་འཁོར་བའི་ངང་འཚོ་བཅུད་ལྡན་པའི་ཟ་མ་ལོངས་སུ་སྤྱོད་བཞིན་པ།  ཡུན་ནན་ཞིང་ཆེན་གྱིས་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་འཛུགས་རྒྱུ་རེད།

སློབ་མ་ཞིག་གིས་ཤ་ཚོད་གཉིས་ལྡན་གྱི་ཟ་མ་ལོངས་སུ་སྤྱོད་བཞིན་པ།  ཡུན་ནན་ཞིང་ཆེན་གྱིས་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་འཛུགས་རྒྱུ་རེད།


ཞིང་སྡེའི་བྱིས་པ་ཚོར་འོ་མ་འདོན་སྤྲོད་བྱས་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས1ཉིན་ནས་བཟུང་།  ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི535ཡིས་འཚོ་བཅུད་ལྡན་པའི་ཟ་མ་ལོངས་སུ་སྤྱོད་ཐུབ་པར་བྱུང་།  ཁ་སང་ཕྱི་དྲོར།  ཡུན་ནན་ཞིང་ཆེན་ཡོངས་ཀྱི་སྔར་ལས་ལྷག་པར་ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་བྱ་བའི་བདེ་འཇགས་དོ་དམ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཡུན་ནན་ཞིང་ཆེན་ཁོན་མིན་གྲོང་ཁྱེར་དུ་བསྡུས་ཤིང་།  གྲོས་ཚོགས་ལས་ཤེས་གསལ་བྱུང་བ་ལྟར་ན།  གཟའ་འཁོར་རྗེས་མ་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་ཁུལ་དང་གྲོང་ཁྱེར16གི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་བྱ་བར་ཁྱོན་ཡོངས་སུ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། འཚོ་བཅུད་བདེ་ཐང་སློབ་གསོ་ནི་སློབ་མའི་སློབ་ཁྲིད་སྟེང་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་མ་ཟད།  ཞིང་ཆེན་ཡོངས་ཀྱི་རྫོང་ཁག129དུ་སློབ་མའི་འཚོ་བཅུད་ལྟ་སྐུལ་ལམ་ལུགས་བཙུགས་ཏེ།  སློབ་མའི་བདེ་ཐང་ཡིག་ཚགས་འཛུགས་རྒྱུ་རེད།  །  

 


 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ཟླ་ལྔ་བའི་རྟ་རྒྱུག་འགྲན་ཚོགས་དུས་ཆེན་གྱི་གྲ་སྒྲིག་བྱ་བ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་བསྟུད་མར་ལོ་བརྒྱད་ལ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྲངས་ཇེ་མཐོར་བཏང
  • དོ་སྣང་ཆེ་བའི་རྩོམ།