རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཝ་དམར་ཁྱུང་མཆུ་ཨ་མོ་ནས་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨ་མོ་ཤང་དགུན་སའི་ཉེ་འགྲམ་དུ། ཝ་དམར་འགུལ་སྐྱོད་བྱེད་པའི་རྣམ་པ་གསལ་བོ་ཞིག་བརྙན་ལེན་ཐུབ་པ་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། ཝ་དམར་སྤྱིར་ན་སའི་གོ་ལའི་བྱང་ཕྱེད་མར་ཁྱབ་རྒྱ་ཆེ་ཙམ་ཡོད་ཀྱང་། དེའི་རྣ་ཤེས་དང་སྣ་ཤེས་རྣོ་ལ། འགུལ་སྐྱོད་འཁྱུག་པོ་ཡོད་པ་མ་ཟད། མཚན་མོ་ཁེར་རྐྱང་དུ་རྒྱུ་བར་དགའ་བས། ཐག་ཉེ་ས་ནས་བརྙན་ལེན་ཐུབ་པ་ནི་ལས་སླ་པོ་ཞིག་མིན། འདྲ་པར་ངོས་ཀྱི་ཝ་དམར་ནི་དར་ལ་བབས་ཤིང་། སྤུ་མདོག་དམར་སེར་དང་། རྐང་ལག་བཞི་བོ་ཐུང་ལ་རྔ་མ་ཆེ་བས། རྒྱུག་པའི་ཚེ་སྙིང་རྗེ་བོ་ཞིག་རེད། ཤེས་གསལ་བྱུང་བ་ལྟར་ན། རྩྭ་ཐང་གི་ཝ་དམར་རྒྱུག་ན་མགྱོགས་ལ། གཙོ་བོ་འཕྱི་བ་དང་བྱི་བའི་རིགས་བཟའ་བས་རྩྭ་ཐང་གི་གཟན་ཕྲེང་དོ་སྙོམས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།