བོད་ཀྱི་གློག་བརྙན《ཧི་མ་ལ་ཡའི་རྒྱལ་སྲས》ཞེས་པ་ཨ་རི་ནས་ཐེངས་དང་པོར་བསྟན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-29 09:17:00 ཀློག་གྲངས།:


《ཧི་མ་ལ་ཡའི་རྒྱལ་སྲས》ཞེས་པའི་འགྲེམ་སྤེལ་པར་རིས།

  ཟླ12བའི་ཚེས25ཉིན་ནས2012ལོའི་ཟླ1པའི་ཚེས15ཉིན་བར་དུ། ཧྲང་ཧེ་གློག་བརྙན་སྒྲིག་བཟོ་ཁང་གིས་ཕབ་སྐྲུན་བྱས་པའི《ཧི་མ་ལ་ཡའི་རྒྱལ་སྲས》(Prince of the Himalayas) ཞེས་པ་ཨ་རིའི་རཱོ་པིན་སྒྱུ་རྩལ་བཤམས་སྟོན་ཁང(Rubin Museum of Art)ནས་སྟོན་རྒྱུ་རེད། རཱོ་པིན་སྒྱུ་རྩལ་ཁང་ནི་མཱན་ཧཱ་ཏིན་གྲོང་ཁྱེར་དུ་མངའ་བའི་མདོ་དབུས་མཐོ་སྒང་གི་རིག་གནས་ལོ་རྒྱུས་ཁྱད་ཆོས་སུ་བྱས་པའི་འགྲེམ་སྟོན་ཁང་ཞིག་ཡིན།
  《ཧི་མ་ལ་ཡའི་རྒྱལ་སྲས》ཞེས་པའི་གློག་བརྙན་འདི་ནི་མཚན་སྙན་ཆེ་བའི་ཀྲུང་གོའི་འཁྲབ་ཁྲིད་པ་ཧུའུ་ཞུའེ་ཧྭས་བརྙན་ཕབ་བྱས་པ་དང་། གློག་བརྙན་འདིའི་འཁྲབ་སྟོན་པ་ཐམས་ཅད་བོད་རིགས་རྐྱང་རྐྱང་ཡིན། གཟི་ཉམས་ལྡན་ཞིང་མདོ་དབུས་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱེད་པའི་སྣང་བརྙན་གྱིས་ལྟད་མོ་བ་དང་གློག་བརྙན་དཔྱད་བརྗོད་པ་མང་པོའི་གདེང་འཇོག་མི་དམན་པ་ཐོབ་ཅིང་། འདི་ནི《ཧི་མ་ལ་ཡའི་རྒྱལ་སྲས》ཞེས་པའི་གློག་བརྙན་ཨ་མེ་རི་ཁ་ནས་ཐེངས་དང་པོར་བསྟན་པ་རེད།
  གློག་བརྙན་འདིའི་ཁྲོད་གནའ་རབས་ཀྱི་དུས་ཤིག་ལ་བོད་ཡུལ་གྱི་རྒྱལ་པོ་གློ་བུར་དུ་སྐུ་གཤེགས་པས་རྒྱལ་སྲས་ལྷ་མོ་བློ་ལྡན(ཕུར་བ་སྐྱབས་ཀྱིས་འཁྲབ་སྟོན་བྱས)སྟག་གཟིག་ནས་ཕྱིར་རང་ཡུལ་དུ་ལོག་ནས་ཡབ་རྗེ་ལ་འདས་ཆོས་སྒྲུབ་པའི་མོད་ལ། ཁོང་གི་ཡུམ་དང་གསར་དུ་སྲིད་ཁྲི་ལ་བཀོད་པའི་རྒྱལ་པོ་སྟེ་ཁོང་གི་ཨ་ཁུ་གཉིས་གཉེན་སྒྲིག་བྱས། མཚན་གུང་དུ་ཡབ་རྗེའི་རྣམ་ཤེས་ཀྱིས་ལྷ་མོ་བློ་ལྡན་ལ་རང་ཉིད་ཀྱི་ནུ་བོས་ཁོང་བགྲོངས་པ་ཡིན་ཞེས་བཤད་པས་རྒྱལ་སྲས་འདིས་ཡབ་ལ་དགྲ་ཤ་ལེན་པའི་ཚུལ་བརྗོད་བྱར་བྱས་ནས་གཏམ་རྒྱུད་ཀྱི་བྱུང་བ་ཡོངས་ཕྲེང་རྡོག་རེ་རེ་ཕྲེང་བའི་རྒྱུན་ཐག་ཏུ་བསྟར་པ་ཇི་བཞིན་རིམ་གྱིས་སྤེལ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།