པདྨ་ཚེ་བརྟན་ལ“ཨེ་ཤ་ཡའི་སྐར་ཆེན། ཁྱད་དུ་འཕགས་ལ་མིག་རྒྱང་རིང་བའི་འཁྲབ་ཁྲིད་པ”ཞེས་པའི་བྱ་དགའ་ཐོབ།

  ཟླ10ཚེས4ཉིན་གྱི་དགོང་མོར།ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“ཨེ་ཤ་ཡའི་སྐར་ཆེན།”ཞེས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་ཚོགས།པདྨ་ཚེ་བརྟན་ལ“ཨེ་ཤ་ཡའི་སྐར་ཆེན། ཁྱད་དུ་འཕགས་ལ་མིག་རྒྱང་རིང་བའི་འཁྲབ་ཁྲིད་པ”ཞེས་པའི་བྱ་དགའ་ཐོབ་ཅིང་། ཧྥེས་ལི་པེན་གྱི་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་པུ་ལི་ལན་ཐེ·མན་ཏེན་སཱ་ལགས་ཀྱིས་པདྨ་ཚེ་བརྟན་ལ་བྱ་དགའ་སྤྲད།

  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཀའ་དྲིན་ཞུ་ཚིག་ཏུ།

  «ཅཱ་རུན»དུས་དེབ་དང་ཧྥོ་ཧྲན་གློག་བརྙན་དུས་སྟོན་གྱིས་གནང་བའི་མཚན་སྙན་འདི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞིང་། ཧྥོ་ཧྲན་གློག་བརྙན་དུས་སྟོན་གྱི་སྐབས་སུ་མཚན་སྙན་འདི་འདྲ་ཞིག་ཐོབ་པར་ང་རང་ཧ་ཅང་དགའ་བོ་བྱུང་ཡོད། གློག་བརྙན་ནི་ངའི་མི་ཚེའི་ཆ་ཤས་སུ་གྲུབ་ཡོད་ལ། གློག་བརྙན་གྱིས་ང་ལ་གནང་བའི་ཡོད་ཚད་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ང་ལ་ནམ་ཡང་རྒྱབ་སྐྱོར་དང་རོགས་རམ་གནང་བའི་གཉེན་ཉེ་དང་གྲོགས་པོ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  རྒྱུས་ལོན་བྱུང་བར་གཞིགས་ན།ཨེ་ཤ་ཡའི་སྐར་ཆེན(BIFF with Marie Claire Asia Star Awards)ཞེས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་འདི་ནི་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང«ཅ་རུན»དུས་དེབ་ཀྱིས་མཉམ་དུ་བསྒྲུབས་པ་ཡིན་ལ།དམིགས་ཡུལ་ནི་ཨེ་ཤ་ཡ་ས་ཁུལ་གྱི་གློག་བརྙན་ཕུལ་བྱུང་མི་སྣའི་ཁྱད་འཕགས་གསར་རྩོམ་ལ་གཟེངས་བསྟོད་བྱེད་རྒྱུ་དེ་ཡིན།

དཔྱད་མཆན་ཡོད།