མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

ཇི་ལྟར་བྱས་ན་ཡིད་མུག་པའི་ནད་ལས་ཐར་ཐུབ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2014-11-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

གཅིག རང་ཉིད་ཀྱི་འཚོ་བའི་གོ་རིམ་ལ་ཇུས་འགོད་བཟང་པོ་བྱ་དགོས།

1.རང་ཉིད་ཀྱིས་འགྲུབ་མི་ཐུབ་པའི་དམིགས་འབེན་མི་འགོད་པར། རང་ཉིད་ཀྱི་ད་ལྟའི་གནས་ཚུལ་ལ་ངོས་འཛིན་གང་ལེགས་བྱེད་པ་ལས། དོན་དག་མང་པོ་ཞིག་ཁས་ལེན་བྱ་མི་རུང་། འཆར་གཞི་མང་པོ་བཀོད་ནས་འགྲུབ་མ་ཐུབ་ན་སེམས་ཕམ་འགྲོ་བས་རང་ཉིད་ཀྱིས་བསྒྲུབ་ཐུབ་པ་དག་བསྒྲུབ་པ་ལས་རང་རློམ་གཏན་ནས་བྱེད་མི་རུང་།

2.མི་མང་པོར་འབྲེལ་འདྲིས་དང་ཕར་འགྲོ་ཚུར་འོང་བྱེད་པ་ལས་ཁེར་འགྲོ་ཁེར་འདུག་བྱེད་མི་རུང་། བྱ་འགུལ་དང་སྦྱོང་རྡར་མང་པོའི་ནང་ཞུགས་ནས། རང་ཉིད་ཀྱི་དགའ་ཕྱོགས་ཇེ་མང་དུ་གཏོང་དགོས། ཡིན་ནའང་ཚད་ལས་བརྒལ་མི་རུང་། ཕག་ནས་མི་གཞན་པའི་གནས་ཚུལ་གླེང་མོལ་མི་བྱེད་པ་དང་གཞན་གྱིས་རང་ལ་ལྟ་སྟངས་ག་འདྲ་འཛིན་པར་ཡང་ཁ་ཡ་བྱེད་མི་དགོས།

3.དོན་དག་གང་ཡང་མྱུར་དུ་འགྲུབ་དཀའ་བ་དང་རང་ཉིད་ཀྱི་ནད་ཀྱང་བྲེལ་མི་རུང་བར་དལ་མོར་གསོ་བཅོས་བྱེད་པའི་གྲ་སྒྲིག་ཡོད་དགོས།

4.རྨོངས་ཚོད་ཀྱིས་དོན་དག་ཆེན་པོ་ཐག་གཅོད་བྱ་མི་རུང་བ་སྟེ། དཔེར་ན། བྱ་བའི་ལས་འགན་བསྒྱུར་བ་དང་། གཉེན་སྒྲིག་པའམ་བཟའ་ཚང་འཐོར་བ་སོགས་ལྟ་བུ་ཁྱིམ་མི་དང་གཉེན་ཉེ་གྲོགས་པོ་མང་པོར་གྲོས་བྱས་རྗེས་ཐག་གིས་བཅད་ན་བཟང་།

5.རང་ཉིད་ཀྱི་ཚོར་བ་དེ་བཤད་མི་ཐུབ་པའི་དུས་སུ་ཡིག་ཐོག་ཏུ་བྲིས་ནས། གང་ཞིག་ཐལ་དྲགས་པ་དེ་བཙལ་རྗེས་དེ་ལས་ཐར་ཐབས་བྱ་དགོས། ཧུར་ཐག་གིས་རང་སེམས་རང་གིས་གསོས་ཏེ། འཚོ་བའི་ཁྲོད་དེ་ལྟ་བུའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པར་བཟང་ཞིང་འོས་འཚམ་ཡིན་པའི་ཤེས་རྒྱ་ཞིག་སྐྱེད་སྲིང་བྱས་ནས། འཚོ་བའི་ཁྲོད་ཀྱི་དགའ་སྣང་དང་བརྩོན་སེམས་སྲུང་འཛིན་བྱ་དགོས།

གཉིས། བཟའ་བཏུང་དང་སྙོམས་སྒྲིག

1.བཟའ་བཏུང་གི་ཆོས་ཉིད་ཀྱིས་ཁྱོད་ཀྱི་ཁྲག་མངར་བརྟན་འཇགས་ཡིན་པར་སྲུང་འཛིན་བྱེད་ཐུབ་པས། སེམས་ཁམས་ཡང་བརྟན་པོ་ཡིན་པ་སྲུང་འཛིན་བྱེད་ཐུབ།

2.ཡུན་རིང་བོར་སེམས་ཁམས་བཟང་པོ་སྲུང་འཛིན་བྱེད་འདོད་ན། འབྲུ་རྩིང་གི་རིགས་དང་སྤྲི་དཀར་མང་བ། ཚི་སྣ་མང་བའི་ཟས་རིགས་མང་དུ་ཟོས་ན་བཟང་།

3.གཟའ་འཁོར་གཅིག་ལ་ཉ་ཤ་ཐེངས་གཅིག་ལའང་མི་ཟ་བའི་མི་ལ་རྒྱུན་པར་ཉ་ཤ་ཟ་བའི་མི་ལས་ཡིད་མུག་པའི་ནད་ཡང་མོའམ་ཅུང་ཙམ་ལྗིད་མོ་འབྱུང་ཚད་ལྡབ་གསུམ་གྱིས་མང་བ་དང་། ཉ་རིགས་ནང་དུ་ཚད་མ་ལོངས་པའི་ཚིལ་སྐྱུརOmega-3མང་པོ་འདུས་པ་དང་། ཚད་མ་ལོངས་པའི་ཚིལ་སྐྱུར་དེ་དག་ལ་ཡིད་མུག་པ་འགོག་པར་ནུས་པ་ངེས་ཅན་ཞིག་ཡོད་པ་ཞིབ་འཇུག་ལས་ར་སྤྲོད་བྱུང་ཡོད།

4.ཡིད་མུག་པའི་ནད་བྱུང་བའི་ལུས་སྟེང་གི་ལོ་མའི་སྐྱུར་རྒྱུ་ཅུང་ཉུང་བ་དང་། དུས་མཉམ་དུ་ལུས་སྟེང་གི་ལོ་མའི་སྐྱུར་རྒྱུ་ཉུང་བའི་སྐབས་སུ་ཡིད་མུག་པའི་འགོག་པའི་སྨན་གྱི་ནུས་པ་ཐོན་མི་ཐུབ་པས་ལྗང་མདོག་གི་སྔོ་ཚོད་མང་པོ་ཟོས་ན་བཟང་། དཔེར་ན། པའི་ཚལ་དང་ཀན་ལན། སྲན་ལེབ། སྲན་རིལ་སོགས་ལྟ་བུ།

5.ནུས་ཚོད་ཀྱིས་ཆང་ཉུང་འཐུང་བྱས་ན་བཟང་།

6.གཉིད་ཀྱིས་འདང་དགོས་པ་དང་འཚོ་བར་གོ་རིམ་ཡོད་དགོས། དངོས་གནས་གཉིད་མི་ཁུགས་ན་རྩ་སྨན་བསྡེབས་ནས་འཐུང་ན་ཡིད་མུག་པ་སྙོམས་སྒྲིག་བྱེད་པར་ཕན་ངེས།

གསུམ། སྦྱོར་རྡར་རྒྱུན་འཁྱོངས་བྱེད་པ་ནི་སེམས་ཁམས་རིག་པའི་ཟུར་ཚད་ནས་བལྟས་ན། འགུལ་སྐྱོད་བྱེད་པ་ནི་ཡིད་མུག་པ་གསོ་བཅོས་བྱེད་པའི་ཐབས་ནུས་ལྡན་ཞིག་ཡིན། སྦྱོང་རྡར་བྱས་ན་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པ་དང་། སེམས་ཁྲལ་བྱེད་པའི་འདུ་ཤེས་དང་ཡིད་མུག་པ་བསལ་ནས། ཡིད་ཆེས་ཇེ་ཆེར་འགྲོ་བ་དང་གཉིད་ཁུགས་ངེས། ལུས་པོའི་སྦྱོང་རྡར་ཅི་ཞིག་བྱས་ནའང་ཡིད་མུག་པ་སེལ་བར་ཕན། སྦྱོར་རྡར་བྱེད་པའི་སྐབས་སུ་ལུས་སྟེང་དུ་ནེ་ཧྥེ་ཐའེ་ཟེར་བའི་འདྲེས་སྦྱོར་དངོས་པོ་ཞིག་ཡོད་ལ། དེས་ཀླད་པར་ནུས་པ་ཐོན་ནས་ན་ཟུག་ཇེ་ཉུང་དུ་གཏོང་ཐུབ། ནེ་ཧྥེ་ཐའེ་ཡིས་ད་དུང་ལུས་སྟེང་དུ་དགའ་སྣང་སྐྱེད་ཐུབ་པ་མ་ཧྥེ་ཡི་ནུས་པ་དང་འདྲ་ལ། སྤྱིར་བཏང་དུ་དགའ་སྣང་ཞིག་ཡོད་པ་དེས་མི་རྣམས་འཚོ་བ་ལ་དགའ་སྣང་སྐྱེ་སྲིད། མང་ཆེ་ཤོས་ལ་མཚོན་ནས་བཤད་ན། སྦྱོང་རྡར་མ་བྱས་གོང་སྨན་པར་ཆེད་དུ་འདྲི་དགོས་དོན་མེད། གལ་ཏེ་ཁྱོད་ཀྱིས་དུས་ཡུན་རིང་བོ་ཞིག་ལ་སྦྱོང་རྡར་མ་བྱས་པའམ་ཡང་ན་ལོ་ན་ལྔ་བཅུ་ལས་བརྒལ་བ། ཡང་ན་གཅིག་སྙིའམ་སྙིང་ནད་ལྟ་བུའི་ནད་ཡོད་ན། སྦྱོང་རྡར་མ་བྱས་གོང་རང་གི་སྨན་པར་བློ་འདྲི་ཞིག་བྱས་ན་བཟང་།

ཡིད་མུག་པའི་ནད་ནི་དར་ཁྱབ་ཆེ་བའི་ནད་ཅིག་ཡིན་ནའང་དེར་སྐྲག་དགོས་དོན་མེད། གནད་དོན་ནི་ཡིད་མུག་པའི་ནད་མ་བྱུང་གོང་དེའི་ནད་རྟགས་འདྲ་ཡོད་ན། དེ་ལ་དོ་སྣང་བྱས་ནས་ཧུར་ཐག་གིས་ལེགས་སྒྲིག་བྱེད་པ་དང་། དུས་ཐོག་ཏུ་ཆེད་ལས་སྡེ་ཁག་ཏུ་སོང་ནས་བློ་འདྲི་བྱས་ཏེ། དེ་ལས་རྒྱལ་བའི་སྤོབས་པ་དང་ཡིད་ཆེས་ཡོད་དགོས། མཇུག་མཐར་གསལ་འདེབས་བྱ་རྒྱུ་ཞིག་ནི། ཡིད་མུག་པའི་ནད་སྔོན་འགོག་བྱེད་ན་བྲེལ་བསྟུན་ནུས་པ་ཇེ་མཐོར་གཏོང་བ་དང་སེམས་ཁམས་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས་པ་དེ་ཡིན།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི«མཐོ་སྒང་དང་ལུས་ཁམས་བདེ་ཐང་»ཞེས་པའི་དེབ་ཆུང་ལས་བཤུས།

གོང་མ།:ཨེ་ཙིའི་ནད་རིགས་ཀྱི་རྒྱུུན་ཤེས་ཁག་ཅིག

ཞོལ་མ།:ལ་གཞས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235