འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་ཏུ"རུལ་སུངས་ལ་རྒོལ་བའི་རླུང་འཚུབ"འཕྱུར་བ་ལས་རྒྱལ་སྤྱིའི་སྣུམ་གོང་
    འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན·པུན·ཨ་ཕུ་ཏུའུ་ལེ-ཨ་ཆི་ཙི·ཨ་ལེ་(Salman bin Abdul-aziz Al Saud)ཡིས་སོ་ཏི་ཨ་རབ་ཏུ“རུལ་སུངས་ལ་རྒོལ་བའི་རླུང་འཚུབ” འཕྱུར་བ་བྱས་རྗེས། རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་རིན་གོང་ཚེས་6ཉིན་ཟོམ་རེར་ཨ་སྒོར་64ཡིན་པ་ལས་བརྒལ་ཞིང་། ལོ་གཉིས་རིང་གི་གོང་མཐོ་ཤོས་བཏོད་པ་རེད།
         དབྱིན་ཇིའི་པེ་ཧའེ་པུའུ་ལུན་ཐེའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་རིན་གོང་ཉིན་དེར་ཟོམ་རེར་ཨ་སྒོར་64.27རུ་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ཟླ་བ་6པ་ནས་བཟུང་འཕར་ཚད་40%ལས་བརྒལ་བ་རེད།
         སོ་ཏི་ཨ་རབ་ཏུ“རུལ་སུང་ལ་རྒོལ་བའི་རླུང་འཚུབ”འཕྱུར་བའི་རྗེས་སུ། རྒྱལ་སྤྱིའི་སྣུམ་གོང་རྒྱུན་མཐུད་དུ་འཕར་བ་རེད། སོ་ཏི་ཨ་རབ་ནི་རྡོ་སྣུམ་ཕྱིར་བཏང་རྒྱལ་ཁབ་ཀྱི་རྩ་འཛུགས(ཡོ་རོབ་ཕེ་ཁེ)ཀྱི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་ཡིན་ཞིང་། དབྱིན་ཇིའི་《དངུལ་རྩའི་སྐབས་དོན་ཚགས་པར་》ཀྱི་གཞི་གྲངས་ལ་གཞིགས་ན། འཛམ་གླིང་ཡོངས་སུ་རྡོ་སྣུམ་ཐོན་སྐྱེད་ཟོམ་9བྱས་པའི་ནང་དུ་ཟོམ་1སོ་ཏི་ཨ་རབ་ནས་ཐོན་སྐྱེད་བྱས་པ་རེད། ཉེ་ཆར་སོ་ཏི་ཨ་རབ་ཏུ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་ཉོ་ཚོང་པས་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།