中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར། >
༄༅།། ཅ་ལི་ཧྥུ་ནི་ཡ་མངའ་ཁོངས་ཀྱི་ནགས་ཚལ་ཞིག་ཏུ་མེ་སྐྱོན་ཤོར་བ།
དུས་ཚོད།2017-10-11 08:54:41     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བ།    ཆུང་། | འབྲིང་། | ཆེ།
   ཟླ10ཚེས8ཉིན་གྱི་དགོང་མོར། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་སན་ཧྥུ་རན་ཞི་སི་ཁོ་(San Francisco)ཁུག་པ་བྱང་རྒྱུད་ཀྱི་ནགས་ཚལ་ཞིག་ཏུ་མེ་སྐྱོན་བྱུང་བ་དང་། ཚེས9ཉིན་གྱི་སྔ་དྲོར། ཉེ་འཁོར་གྱི་སྡོད་ཁང་མང་པོ་ཞིག་མེས་འཚིག་ཡོད་ལ། མི་སྟོང་ཕྲག་ལྷག་ཉེན་གཡོལ་བྱས་ནས་གཞུང་ལམ་མང་པོ་ཞིག་བཀག་སྡོམ་བྱས།
  ཚེས9ཉིན། མངའ་སྡེ་ཡི་འགོ་འཛིན་པུ་རཱང་གིས་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་བྱང་རྒྱུད་ཀྱི་རྫོང་གསུམ་ནི་ཛ་དྲག་ཆེ་བའི་གནས་སུ་འཁོད་ཡོད་ཅེས་བསྒྲགས་པ་རེད།
  ཚེས་8ཉིན་གྱི་དགོང་མོ་དང་ཚེས9ཉིན་གྱི་སྔ་དྲོ་བར། མེ་སྐྱོན་ནི་རླུང་ཤུགས་ལ་བརྟེན་ནས་ཇེ་ཆེར་ཁྱབ་ལ། ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ན་ཕཱ་རྫོང་དང་སའོ་ནོ་རྫོང་། ཡིའུ་པཱ་རྫོང་གསུམ་གྱི་གནོད་འཚེ་ཐེབས་ཚད་ནི་ཆེས་ཚབས་ཆེན་ཡིན་པ་རེད།
  ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་མེ་གསོད་མེ་འགོག་སྡེ་ཁག་གི་ནུས་ཤུགས་ཡོད་རྒུ་སྒྲིག་འཛུགས་བྱས་ཏེ་མེ་གསོད་པ་རེད།
  ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུས་ཀྱི་སྔོན་དཔག་བྱས་པར་གཞིགས་ན། སན་ཧྥུ་རན་ཞི་སི་ཁོ་(San Francisco)ཁུག་པ་ཡི་ཚེས9ཉིན་རླུང་ཤུགས་ཇེ་ཆུང་ལ་འགྲོ་རྒྱུ་ཡིན་པས། མེ་སྐྱོན་གསོད་པར་ཕན་པ་ཡོད།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།