Android 6.0རུ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་ནང་འཇུག་བྱས་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-22 11:25:00 ཀློག་གྲངས།:

Android 6.0རུ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་ནང་འཇུག་བྱས་ཡོད་པ།

     ཉེ་སྔོན། འབྲུག་ཡུལ་གྱི་རྫོང་ཁ་འཕེལ་རྒྱས་མཐུན་ཚོགས་དྲ་བའི་སྟེངAndroid 6.0རུ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་ནང་འཇུག་བྱས་ཡོད་པའི་གསར་འགྱུར་བཀོད་ཡོད་པ་རེད།
     རྒྱུས་ལོན་པ་ལྟར་ན། སཱན་ཞིནGalaxyལག་འཁྱེར་ཁ་པར་དེ་སང་ལོརAndroid 6.0ཡི་གཅིག་མཐུན་རིམ་སྤར་བྱེད་རྒྱུ་ཡིན་ལ། Galaxy S6དངGalaxy Noteསོགས་ཀྱང་སང་ལོའི་དུས་ཚིགས་དང་པོར་རིམ་སྤར་བྱེད་པའི་རེ་ལྟོས་ཆེ་བར་བརྗོད།
     མིག་སྔར། འཛམ་གླིང་ལག་འཁྱེར་ཁ་པར་གྱི་མ་ལག་ཆེ་གྲས་གསུམ་ཏེ་ཀུ་ཤུIOSདང་ཀུའུ་ཀུAndroid། Windows Mobile 10བཅས་ལ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་མ་གཞི་ནས་ནང་འཇུག་བྱས་ཡོད་ཅིང་། མ་ལག་འདི་གསུམ་གྱིས་འཛམ་གླིང་ལག་འཁྱེར་ཁ་པར་ཚོང་རའི99.3%ཟིན་ལ། རྒྱལ་ནང་གི་ཧྭ་ཝེ་དང་ཞའོ་སྨི། SmartisanT1། མེ་ཙུའུ། དབྱི་ཅཱ། ཁུའུ་ཕའེ་སོགས་ལག་འཁྱེར་དང་། རྒྱལ་སྤྱིའི་སཱན་ཞིན་དང་སུའོ་ནའེ་སོགས་རིག་ལྡན་ལག་འཁྱེར80%ནིAndroidམ་ལག་ཡིན་པས། Android 6.0རུ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་ནང་འཇུག་བྱས་ཡོད་པ་ནི་བོད་ཡིག་ཆ་འཕྲིན་ཅན་ལམ་བུའི་རྟགས་མཚན་ཞིག་ཏུ་ངེས་ལ།  རྗེས་ཕྱོགས་བོད་རིགས་འཛད་སྤྱོད་པ་རྣམས་ཀྱིས་ཨན་ཀྲུའོ་ལག་འཁྱེར་ཁ་པར་ཉོ་དུས་བོད་ཡིག་ནང་འཇུག་བྱས་མེད་པར་སེམས་འཁུར་བྱེད་མི་དགོས་པ་རེད།
གསལ་འདེབས།
     རྗེས་ཕྱོགས་བོད་ཡིག་ནང་འཇུག་བྱས་ཡོད་པའི་ལག་འཁྱེར་ཁ་པར་ཉོ་ན། སྔོན་དུ་འཛད་སྤྱོད་པས་ལག་འཁྱེར་ཁ་པར་ནང་གི་མ་ལག་པར་གཞི་ལ་ཞིབ་ལྟ་བྱེད་དགོས་ཏེ། གལ་སྲིདAndroid 6.0ཡི་བསྐྱར་འདོན་ཡིན་ན་བོད་ཡིག་ཡིག་གཟུགས་མ་ལག་ཏུ་རང་འཇུག་བྱས་ཡོད་ངེས་ལ། བོད་ཡིག་གཏག་ཐབས་ནི་བེད་སྤྱོད་ཚོང་ར་མཉེན་ཆས་སུ་ཕབ་ལེན་བྱས་ཆོག་པ་རེད།

ལྷ་མོ་ཚེ་སྐྱིད་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ་ལས་བཤུས་ཏེ་བསྒྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།