འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་སུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་300
    ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་2500ལྷག་ཙམ་རྨས་སྐྱོན་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་རན་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་སུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་300
ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་2500ལྷག་ཙམ་རྨས་སྐྱོན་ཕོག་ཡོད་པ།
         མི་དམངས་དྲ་བའི་འཕྲིན། དབྱི་རན་རྒྱལ་ཁབ་(Islamic Republic of Iran)ཀྱི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་ཟླ་11ཚེས་13ཉིན་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་སུ་གསལ་བ་ལྟར་ན། ཚེས་12ཉིན་གྱི་དགོང་མོར་དབྱི་རན་དང་དབྱི་རག་རྒྱལ་ཁབ་(Republic of Iraq)གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་དྲག་པོ་བརྒྱབ་སྟེ་དབྱི་རན་དུ་ཉུང་མཐར་ཡང་མི་328རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་2500ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         དབྱི་རག་རྒྱལ་ཁབ་ཕྱོགས་ཀྱིས་གྲོངས་མཁན་མི་གྲངས་བསྡོམས་རྩིས་བརྒྱབ་པ་ལྟར་ན། ཐེངས་འདིའི་ས་ཡོམ་དྲག་པོ་འདིའི་འོག་རྐྱེན་ལམ་དུ་ཤོར་མཁན་མི་གྲངས་330ལས་བརྒལ་ཡོད་པ་རེད།
        རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བ་ལྟར་ན། ས་ཡོམ་གྱི་རྗེས་སུ་རི་ཉིལ་དང་གློག་ཆད་པའི་ཞོར་སྐྱོན་བྱུང་སྟེ་མྱུར་སྐྱོབ་བྱེད་པར་རྐྱེན་ངན་ཐེབས་འདུག་ཅེས་བསྟན་ཡོད་པ་རེད། 
        ཨ་རིའི་ས་གཤིས་འཚོལ་ཞིབ་ཅུད་ས་ཡོམ་བརྡ་འཕྲིན་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། དབྱི་རག་རྒྱལ་ཁབ་སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་གྱི་ཧ་ལའེ་ཕུ་ཅེ་ས་ཁུལ་ལྷོ་ནུབ་ཀྱི་སྤྱི་ལེ་32མཚམས་སུ། པེ་ཅིང་དུས་ཚོད་ཚེས་13ཉིན་གྱི་ཆུ་ཚོད་2དང་སྐར་མ་18ཐོག་ས་ཡོམ་རིམ་པ་7.2བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་33.9ཡོད་པ་རེད།
        ཚེས་13ཉིན། དབྱི་རན་རྒྱལ་ཁབ་གློག་འཕྲིན་ལས་ཁུངས་ཀྱིས་ས་ཡོམ་འོག་ཏུ་དབྱི་རན་ཕྱོགས་སུ་ཉུང་མཐར་ཡང་མི་214རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་མི་25004ལ་རྨས་ཕོག་ཡོད་ཚུལ་སྤེལ་བ་རེད།  ཅུང་ཙམ་འཕྱི་དུས། དབྱི་རན་སློབ་མའི་གསར་འགྱུར་ཁང་གིས་རྐྱེན་ལམ་དུ་ཤོར་མཁན་མི་གྲངས་328བར་འཕར་ཡོད་པ་དང་། ད་དུང་མང་དུ་འགྲོ་ཉེན་འདུག་ཅེས་སྤེལ་ཡོད་པ་རེད།
        དབྱི་རག་ཀྲུང་དབྱང་སྲིད་གཞུང་ཕྱོགས་ཀྱིས་ས་ཡོམ་འོག་ཏུ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་མེད་ཀྱང་། ཁུར་ཏེ་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་པོས་ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པར་ཉུང་མཐར་ཡང་མི་4རྐྱེན་ལམ་དུ་ཤོར་ཡོད་པ་དང་། ད་དུང་ཉུང་མཐར་ཡང་མི་50ལ་རྨས་ཕོག་ཡོད་ཚུལ་བསྟན་པ་རེད། གཞན་ཧྥ་རན་སེའི་གསར་འགྱུར་ཁང་གིས་ས་ཡོམ་ལས་དབྱི་རག་རྒྱལ་ཁབ་བྱང་རྒྱུད་དུ་ཡོད་ལ། ཁུར་ཏེ་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་དུ་མི་6རྐྱེན་ལམ་དུ་ཤོར་ཡོད་པ། མི་150ཙམ་ལ་རྨས་སྐྱོན་ཕོག་ཡོད་ཚུལ་གྱི་གནས་འཕྲིན་སྤེལ་ཡོད་པ་རེད། དབྱི་རག་དམར་གསར་ཟླ་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་ཀ་ལྟར་ན། ས་ཡོམ་ལས་དབྱི་རག་རྒྱལ་ཁབ་ཀྱི་མི་8རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཉུང་མཐར་ཡང་མི་420ལ་རྨས་སྐྱོན་ཕོག་ཡོད་ཚུལ་བསྟན་ཡོད་པ་རེད།
         ལུའུ་ཐུའུ་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། དབྱི་རག་གི་གནོད་འཚེ་ཕོག་ཁུལ་ཚབས་ཆེ་ཤོས་ནི་ཏར་པན་ཏི་ཧན་གྲོང་རྡལ་ཡིན་པ་དང་། གྲོང་རྡལ་དེ་ནི་སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་སུའུ་ལའེ་མན་ནི་ཡཱའི་ཤར་ཕྱོགས་ཀྱི་སྤྱི་ལེ་75ཡི་མཚམས་ན་ཡོད་པ་རེད། ཁུར་ཏེ་རང་སྐྱོང་ལྗོངས་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་ལའེ་ཁའོ་ཐི་•ཧ་མཱ་•ལཱ་ཞི་ཏེ་ཡིས་ས་གནས་དེ་གའི་མི་30ལྷག་ཙམ་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་འདུག་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།