འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་2གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་2གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་གྱི་སྔ་དྲོར། ཨ་རིའི་ཐེ་ཁུ་སཱ་སི་(Texas)མངའ་སྡེའི་བྱང་རྒྱུད་ཀྱི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མེ་མདའ་རྒྱག་མཁན་ཚུད་པའི་མི་2གྲོངས་པ་རེད།
           ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཐི་ཐིར་(Twitter)དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་དུ། མེ་མདའ་བརྒྱབ་པའི་དོན་རྐྱེན་འདི་ནི་ཨིར་ཝིང་(Irving)གྲོང་ཁྱེར་སློབ་ལོ་གཉིས་ལམ་ལུགས་ཀྱི་མཚོ་བྱང་སློབ་ཆེན་(North Lake College)དུ་བྱུང་ཞིང་། མེ་མདའ་རྒྱག་མཁན་གྱིས་མི་གཅིག་བསད་རྗེས། རང་སྲོག་ལྕེབས་པ་ཡིན་པར་འདོད། མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་སྔར་བས་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།
           སློབ་གྲྭས་ཉིན་དེའི་སྔ་དྲོར། སློབ་མ་ཚོར་འཕྲལ་མར་བརྡ་ཐོ་བཏང་སྟེ་སློབ་གྲྭས་མེ་མདའ་རྒྱག་མཁན་ཞིག་ཡོད་པ་ཤེས་ཚོར་བྱུང་ཞེས་གསལ་བརྡ་བཏང་བ་རེད། མེ་མདའ་རྒྱག་མཁན་མཐོང་མཁན་གྱིས། བརྡ་ཐོ་འབྱོར་རྗེས། སློབ་མ་ཚོ་སློབ་གྲྭའི་འཛུགས་སྐྲུན་ཁང་ནས་དོན་ཡོང་བ་དང་། འཕྲལ་མར་ཁ་གྲམ་ནས་གཡོ་ཐབས་བྱས་ཚུལ་བསྟན། ཕྲག་པར་མེ་མདའ་ཁུར་ཅིང་རྐེད་པར་མདེལ་ཤུབས་དཀྲིས་པའི་ཉེན་རྟོག་པ་མང་པོ་ཞིག་སློབ་གྲྭའི་འཛུགས་སྐྲུན་ཞིག་ཁང་ཞིག་ཏུ་རྒྱུག་པ་རེད། དོན་རྐྱེན་བྱུང་རྗེས་སུ། ཉེན་རྟོག་ཕྱོགས་ཀྱིས་བེམ་རོ་གཉིས་རྙེད་པ་རེད།
           འདི་ནི་ཐེ་ཁུ་སཱ་སི་མངའ་སྡེའི་སློབ་རར་བྱུང་བའི་དྲག་ཤུགས་ཀྱི་དོན་རྐྱེན་ཐེངས་གཉིས་པ་ཡིན་ཞིང་། མངའ་སྡེའི་ལྟེ་བ་ཨུ་སི་ཐིན་གྲོང་ཁྱེར་གྱི་ཐེ་ཁུ་སཱ་སི་ཕྱོགས་བསྡུས་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ཨུ་སི་ཐིན་(University of Texas at Austin)དུ། ཚེས་1ཉིན་སློབ་ར་རུ་གྲིས་བསྣུབས་པའི་དོན་རྐྱེན་བྱུང་ནས། མི་གཅིག་གྲོངས་པ་དང་། མི་གསུམ་ལ་རྨས་ཕོག་པ་རེད། ད་ལྟ་དོགས་ཡོད་ཉེན་ཅན་འཛིན་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།