གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

ཤེས་བྱས་བསྒྱུར། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༦ཚེས་༡༧ཉིན།

ཨེལ་ནེ་ནོ་སྣང་ཚུལ་དྲག་པོས་གོ་ལ་ཧྲིལ་པོའི་གནམ་གཤིས་དཀྲུགས་པ།

  ཨེལ་ནེ་ནོ་སྣང་ཚུལ་ནི་ཞི་བདེ་རྒྱ་མཚོའི་ཐིག་དམར་མཚོ་ཁུལ་གྱི་ཆུའི་དྲོད་ཚད་ནམ་རྒྱུན་དང་མི་འདྲ་བར་ཇེ་མཐོར་གྱུར་ནས་བྱུང་བའི་རྒྱུན་ལྡན་མིན་པའི་ནམ་ཟླའི་སྣང་ཚུལ་ཞིག་ཡིན། དེས་རྒྱུན་དུ་གོ་ལ་ཧྲིལ་པོའི་ས་ཁུལ་མང་ཆེ་བའི་གནམ་གཤིས་ལ་འགྱུར་ལྡོག་གཏོང་སྲིད་དེ། ས་ཁུལ་ལ་ལར་རྒྱུན་དུ་དྲག་ཆར་བབ་ནས་ཆུའི་དགྲ་འབྱུང་བ་དང་། ས་ཁུལ་ལ་ལར་ཆར་ཆུ་དཀོན་ཞིང་ཐན་པ་འབྱུང་ངེས།

  ཐེངས་འདིའི་ཨེལ་ནེ་ནོ་སྣང་ཚུལ་ནི་2014ལོའི་ཟླ་9པ་ནས་བཟུང་ད་ལོའི་ཟླ་5པའི་བར་རྒྱུན་མཐུད་དེ་བྱུང་བ་རེད། དེའི་དུས་ཀྱི་ཡུན་ཚད་དང་ཡང་ན་རིམ་བསགས་དྲག་ཚད་དམ་རྩེར་སོན་དྲག་ཚད་སོགས་ཕྱོགས་གང་ནས་བལྟས་ཀྱང་མིའི་རིགས་ཀྱིས་1951ལོར་འདིའི་སྐོར་ཟིན་ཐོར་བཀོད་པ་ནས་བཟུང་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད།
  རླུང་ཁམས་ཆེན་པོའི་འཁོར་རྒྱུག་གིས་རྒྱ་མཚོའི་འགྱུར་ལྡོག་ལ་ཐེབས་པའི་ཤུགས་རྐྱེན་གྱིས་ཨེལ་ནེ་ནོ་སྣང་ཚུལ་ལས་ཐོན་པའི་ཤུགས་རྐྱེན་ད་དུང་མུ་མཐུད་དུ་ཟླ་འགར་རྒྱུན་བསྲིང་སྲིད། ཕྱོགས་གཅིག་ནས་འཛམ་གླིང་གི་ས་ཆ་སོ་སོར་རྒྱུན་ལྡན་དུ་བྱུང་བའི་ཐལ་ཆེ་བའི་གནམ་གཤིས་སྣང་ཚུལ་མང་ཆེ་བ་ཨེལ་ནེ་ནོ་སྣང་ཚུལ་དུ་གཏོགས་པ་དང་། ཕྱོགས་གཞན་ཞིག་ནས་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་འཛམ་གླིང་གི་གནམ་གཤིས་ཇེ་དྲོར་བཏང་བ་སོགས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་། ཨེལ་ནེ་ནོ་སྣང་ཚུལ་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། ཨེལ་ནེ་ནོ་སྣང་ཚུལ་གྱིས་གོ་ལ་ཧྲིལ་པོར་མནར་གཅོད་གཏོང་བའི་རམ་འདེགས་སུ་གྱུར།
  སྤྱི་ཟླ་6པའི་ཚེས་5ཉིན་ནི་འཛམ་གླིང་གི་ཁོར་ཡུག་ཉིན་མོ་ཡིན། ཁོར་ཡུག་གི་ཆགས་གྲུབ་དང་འགྱུར་ལྡོག་ལ་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་ཤུགས་རྐྱེན་ཐེབས་པ་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཐེངས་འདིའི་ཨེལ་ནེ་ནོ་སྣང་ཚུལ་དྲག་པོས་ཡང་བསྐྱར་ང་ཚོ་ལ་དྲན་སྐུལ་གྱི་ཅོང་བརྡ་ཞིག་བཏང་བ་རེད།།
 
   

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1