《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་དབང་ཚེ》ཞེས་པའི་བརྩམས་ཆོས་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-08 12:38:00 ཀློག་གྲངས།:
ཚོགས་ཀྱི་བྱེད་སྒོ་བ། ཁོ་མོས་འབད་བརྩོན་ལྷོད་མེད་ཀྱི་བློ་ཤུགས་དྲག་པོས་དགེ་རྒན་ཨན་ཉི་ཧྲ་ལི་ཝུན་གྱི་རོགས་རམ་འོག་དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་ལྔ་ཡི་སྐད་ཡིག་ཁོངས་སུ་ཆུད་པར་བྱས་ཏེ། ཁོ་མོའི་བརྩམས་ཆོས་རབ་དང་རིམ་པ་ལེགས་གྲུབ་བྱུང་ལ། དབང་བོ་སྐྱོན་ཅན་ལ་དགེ་བ་བསྐྲུན་པ། གཞན་ཕན་ལས་ཁུངས་འཛུགས་པ། ཨ་མེ་རུ་ཁའི་དུས་རབས་གཟའ་འཁོར་རེའི་དུས་དེབ་ཀྱིས་ཨ་རུའི་དཔའ་བོའི་སྣང་བརྙན་ལ་གདེང་འཇོག་བྱས་ཏེ། “ཙུང་ཐུང་རང་དབང་བྱས་རྗེས་གཟེངས་རྟགས”སོགས་ཀྱི་བྱ་དགའ་ཐོབ། བརྩམས་ཆོས་གཙོ་བོ་ལ《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་སྦྱིན་ན》ཞེས་པ་དང་། 《ངའི་འཚོ་བ》།     《ངའི་དགེ་རྒན》སོགས་ཡོད།
          བརྗོད་འོས་པ་ཞིག་ལ། དགེ་རྒན་ཧྲ་ལི་ཝུན་དང་ཧའེ་ལུན་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད་དེ། ཁོ་གཉིས་ཀར་ཆག་སྒོ་བྱུང་བ་དང་། མིག་ལ་སྐྱོན་ཡོད་པ། དེ་མ་ཟད་ཁོ་གཉིས་ཀ་གཉའ་མི་ཆག་པར་ཕམ་ཁ་དང་ལེན་བྱེད་མི་ཐུབ་པ་ཞིག་མ་ཡིན། གཤིས་ཀ་འདི་རིགས་ཀྱིས་ད་གཟོད་ཧའེ་ལུན་དང་ཨན་ཉི་གཉིས་ཀྱི་ཐུན་མོང་གི་ཁྱད་འཕགས་ཀྱི་གྲུབ་འབྲས་བསྐྲུན་པར་བྱས། ཧའེ་ལུན་ནི་བློ་སེམས་བརྟན་པའི་བྱིས་པ་ཆུང་ཆུང་ཞིག་ཡིན་ཏེ། ཁོ་མོས་ཧུར་ཐག་ཆེན་པོའི་སྒོ་ནས་ཕྱི་རོལ་དང་འབྲེལ་གཏུག་བྱེད་རུང་དེར་འདྲེས་མི་རུང་བར། དགེ་རྒན་ཨན་ཉི་ཐོན་བར་དུ་སྒུག  དེའང་ཁོ་མོས་བཤད་པ་ལྟར། “ངས་རྟག་ཏུ‘ང་ལ་འོད་སྣང་སྦྱིན། ང་ལ་འོད་སྣང་སྦྱིན’ཞེས་སྐད་འདོན་སྐབས། བྱམས་བརྩེ་ཡི་ཉི་འོད་ངའི་སྟེང་དུ་ཤར།” ཁོ་མོས་སློབ་སྦྱོང་བྱེད་ཤེས་མ་ཐག་ནས་བཟུང་བཀག་ཀྱང་འགོག་མི་ཐུབ་པར་གྱུར། སྙིང་སྟོབས་འདི་འདྲ་བ་དངོས་གནས་ང་ཚོ་མི་དཀྱུས་མ་འདི་དག་གིས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ཡིན་ཡང་། དཀའ་སྡུག་གིས་ངོ་མ་མི་འཇོན་ཐང་ཅན་བཞེངས་སྐྲུན་བྱེད་ཐུབ་སྟེ། ཨན་ཉི་ཧྲ་ལི་ཝུན་གྱི་དེ་སྔའི་མྱོང་བ་ནི་དེ་བཞིན་ཏུ་ཉམ་ཐག་པ་ཡིན་ཏེ། གནོད་བྱོལ་ཁང་དུ་བསྐྱེལ་བ་ནས་ནུ་བོ་འདས་བའི་བར་དང་། མིག་ཡོངས་སུ་ཞར་བ་ནས་རྣ་ཕྱེད་འོན་པ། ཐེངས་རེ་རེའི་དཀའ་སྡུག་ནི་མེ་དཔུང་དྲག་པོ་ཇི་བཞིན་ཨུ་ཚུགས་ཅན་གྱི་བུད་མེད་འདི་སྦྱོང་བརྡར་བྱེད་བཞིན་མཆིས། སྡུག་མྱོང་བའི་མི་དག་མཉམ་ཏུ་འཛོམས་ནས་བཀྲ་ཤིས་བར་འགྱུར།   ཧྲ་ལི་ཝུན་གྱི་དབང་གིས་ཧའེ་ལུན་གྱིས་འཇིག་རྟེན་འདི་རྟོགས་པ་དང་རྒྱུས་ལོན་བྱུང་།  ཡང་ཧའེ་ལུན་གྱི་རྐྱེན་གྱིས་ཧྲ་ལི་ཝུན་གྲགས་སྙན་སྐལ་བརྒྱར་ཁྱབ་ཐུབ་པར་བྱུང་།
          ཨན་ཉི་ཧྲ་ལི་ཝུན། 1866ལོའི་ཟླ4བར་ཨ་རུའི་མ་ས་ཀྲུའུ་སའེ་ཁུལ་ཏུ་སྐྱེས། ལོ་ལྔའི་སྐབས་ལ་མིག་ནད་ཞིག་གི་རྐྱེན་གྱིས་མིག་ཤེད་མང་ཆེ་བ་ཉམས། 1880ལོའི་ཟླ10བར་ཕ་ཅིན་སུ་ལོང་བའི་སློབ་གྲྭར་འགྲིམས། དེའི་སྐབས་ཐེངས་གཉིས་ལ་མིག་བཤག་བཅོས་བྱས་པ་བརྒྱུད་ཨན་ཉི་ཡི་མིག་ཤེད་ཆ་ཤས་ཙམ་སླར་གསོ་བྱེད་ཐུབ་བྱུང་། ཕ་ཅིན་སུ་ལོང་བའི་སློབ་གྲྭ་ནས་མཐར་ཕྱིན་རྗེས། 1887ལོའི་ཟླ3པར། ཨན་ཉི་ཧའེ་ལུན་ཁའེ་ལེ་ཚང་ལ་ཁྱིམ་ཚང་དགེ་རྒན་བྱེད་དུ་འོང་། ཁོ་མོས་ཆེས་ཆེ་བའི་བརྩེ་སེམས་དང་། བཟོད་སེམས། སེམས་ཤུགས་ཀྱིས་སློབ་གསོའི་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག   བྱིས་པའི་རང་གཤིས་ལ་བརྩི་འཇོག་བྱེད་པ་དང་། བྱིས་པའི་སྤྲོ་སྣང་ཁྲིད་སྟོན་བྱེད་པ་ནས་བཟུང་འགོ་བརྩམས་ཏེ། ཚོད་བགམ་གྱི་ཁྲོད་ནས་ཧའེ་ལུན་དེ་སེམས་རྒྱ་བསྐྱེད་མེད་པ་དང་། རང་གཤིས་གྱོང་བའི་བྱིས་པ་ཆུང་ཆུང་ཞིག་ནས་གུས་ལུགས་ལྡན་ལ་ཤེས་ཡོན་ཐོགས་པ་མེད་པའི་གཞོན་ནུ་མ་ཞིག་ཏུ་གསོ་སྐྱོང་བྱས་ཏེ། སློབ་གྲ་ཆེན་མོར་འགྲིམ་བར་ཏུ། 1936ལོའི་ཟླ10བའི་ཚེས19ཉིན། སེམས་ཤུགས་ཡོངས་རྫོགས་ཀྱིས་དུས་རབས20བའི་ཉམས་པ་མེད་པའི་ཧའེ་ལུན་ཁའེ་ལེ་གསོ་སྐྱོང་བྱས་བའི་ངོ་མཚར་བུད་མེད་ཨན་ཉི་ཧྲ་ལི་ཝུན་མི་རྣམས་ཀྱི་ཕངས་བའི་ཕྲོད་ཚེ་ལས་འདས་བའོ།།

ལེའུ་གསུམ་པ། བརྩམས་ཆོས་འདིས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།

          ཧེ་ལུན•ཨར་ཏེམ་སི•ཁའེ་ལི〔Helen Adams Keller〕ནི་ཨ་མེ་རི་ཁའི་དབང་བོ་སྐྱོན་ཅན་གྱི་སློབ་གསོ་པ་ཞིག་ཡིན། ཁོ་མོ་ཨ་མེ་རི་ཁའི་གླིང་ཡཱ་ལ་པཱ་མ་རུ་སྐུ་འཁྲུངས། ཨ་ཕ་ཡཱ་སི་ནི་ལྷོ་ཕྱོགས་མཉམ་འབྲེལ་གྱི་དམག་རྒན་ཞིག་ཡིན། ཁོ་མོ་ཟླ19ལ་སོན་དུས་ཚ་བ་ཆེན་པོ་ཕོག་པ་དང་བཅས་མིག་ལོང་བ་དང་རྣ་འོན་པར་གྱུར། རྗེས་ནས་ཁོ་མོ་རང་གི་མཛུབ་སྟོན་དགེ་རྒན་ཨེན•ཧྲ་ལིས་ཝུན〔Anne Sullivan〕གྱི་ཧུར་བརྩོན་འོག་མོས་སྐད་ཆ་བཤད་ཤེས་པ་དང་། མི་གཞན་ལ་འབྲེལ་བ་བྱེད་འགོ་ཚུགས། 1898ལོར། ཧེ་ལུན•ཁའེ་ལི་ཧའ་ཧྥུ་སློབ་ཆེན་གྱི་ཁོངས་གཏོགས་བུད་མེད་གཙུག་ལག་སློབ་གྲྭར་རྒྱུགས་འཕྲོད། 1900ལོའི་སྟོན་ཀར། ཡང་བསྐྱར་ཧའ་ཧྥུའི་ལེ་ཏིས་ཁུ་ལི་ཧྥུ་སློབ་གླིང་དུ་རྒྱུགས་འཕྲོད་པ་འདི་ལོང་བ་དང་འོན་པ་ཞིག་ལ་མཚོན་ན་ངོ་མ་ཡིད་ཆེས་དཀའ་མོ་ཞིག་རེད་ཅེས་བཤད་ཆོག་ལ། མཇུག་མཐར1904ལོར་ཧེ་ལུན•ཁའེ་ལི་ཡིས་རྒྱལ་ཁའི་ངང་ཤེས་རམས་པའི་དཔང་རྟགས་ཐོབ་པར་མ་ཟད། རྒྱུགས་འབྲས་ཕུལ་དུ་བྱུང་བ་ལོན། ལོ་འདི་དག་རིང་ལ་དགེ་རྒན་ཧྲ་ལིས་ཝུན་དུས་རྒྱུན་དུ་ཧེ་ལུན•ཁའེ་ལིའི་གམ་དུ་བསྡད་པ་མ་ཟད། བསླབ་བྱ་དང་སློབ་ཁྲིད་ཀྱི་ནང་དོན་སོགས་ཁོ་མོའི་ལག་མཐིལ་དུ་བྲིས་ནས་ཁོ་མོར་རྟོགས་སུ་བཅུག་པས་ཁོ་མོ་ནམ་ཡང་ཧེ་ལུན•ཁའེ་ལི་དང་འབྲལ་ཐབས་མེད་ཅེས་བཤད་ཆོག   དེ་བས་ཧེ་ལུན•ཁའེ་ལི་ལྷག་བསམ་འཁོར་པའི་ངང་དགེ་རྒན་ལ་བཀའ་དྲིན་ཞུས་ཡོང་། 1902ལོའི་ཟླ4ནས་མགོ་བརྩམ་སྟེ་དགེ་རྒན་ཧྲ་ལིས་ཝུན་གྱི་རོགས་སྐྱོར་འོག་ཨ་མེ་རི་ཁའི་དུས་དེབ་ཅིག་གི་སྟེང《ང་ཡི་མི་ཚེ》(ངའི་འཚོ་བའི་གཏམ་རྒྱུད)(The Story of My Life)ཞེས་པ་བཀོད་པ་ཕྱི་ལོར་པར་བསྐྲུན་བྱས་རྗེས་ཨ་རིའི་རྩོམ་རིག་ཚོགས་ཁག་དེ་ཧ་ལས་སུ་བཅུག    ཐ་ན1902ལོའི་འཛམ་གླིང་གི་རྩོམ་རིག་ཏུ་མཛད་ཆེན་གལ་ཆེ་ཤོས་ཀྱི་གྲས་སུ་བདམས། ཧེ་ལུན•ཁའེ་ལིའི་བརྩམ་ཆོས་ལ་ད་དུང1908-1913ལོར《ངའི་འཇིག་རྟེན》《རྡོ་རྩིག་གི་གླུ་དབྱངས》《མིན་ནག་ལས་བུད་པ》སོགས་བརྩམས།1929ལོར《ངའི་ཚེ་མཇུག》བརྩམས། 1953ལོར་ཨ་རིས་ཧེ་ལུན•ཁའེ་ལིའི་འཚོ་བ་དང་བྱ་བའི་བརྙན་དུམ《ཕམ་མི་ཐུབ་པའི་མི》ཞེས་པ་བཟོས། 1955ལོར《དགེ་རྒན། ཨེན•ཧྲ་ལིས་ཝུན•མེ་ཤེས》ཞེས་པ་བརྩམས། ལོ10ཅན་གྱི་ཧེ་ལུན་གྱིས་ལོ5ཅན་གྱི་འོན་ལོང་བྱིས་པ་ཞིག་གི་ལོ་གཉིས་ཀྱི་སློབ་ཡོན་སྤྲོད་ཐུབ་པ་བྱུང་། ཕལ་ཆེར་དུས་དེ་ནས་བཟུང་། ཁོ་མོས་འཇིག་རྟེན་སྟེང་གི་ཁོ་མོ་དང་འདྲ་བའི་རོགས་རམ་མཁོ་བའི་མི་རྣམས་ལ་རོགས་སྐྱོར་བྱེད་རྒྱུའི་དམ་བཅའ་ཡང་བཞག ཁོ་མོས་འཇིག་རྟེན་ལ་བྱམས་བརྩེ་གནང་བས་འཇིག་རྟེན་གྱིས་ཀྱང་ཁོ་མོར་མཚན་སྙན་གནང་། 1919ལོར། རང་ཉིད་འཁྲབ་སྟོན་པ་གཙོ་བོ་བྱས་པའི《ཧེ་ལུན་གྱི་གཏམ་རྒྱུད》ཞེས་པ་དེ་ཧའོ་ལན་ཝུའུ་ནས་འཁྲབ་སྟོན་བྱས། 1933ལོར་ཐན་ཕུའུ་ཨར་སློབ་ཆེན་གྱི་མཚན་སྙན་མིང་རྟགས་བྱ་དགའ་ཐོབ། 1955ལོར་ཁོ་མོས་ཧའ་ཧྥུ་སློབ་ཆེན་གྱི་བྱ་དགའ་ཐོབ་པ་དེས་ལོ་རྒྱུས་སྟེང་ཐེངས་པོར་ཁྱད་འཕགས་བྱ་དགའ་ཐོབ་མཁན་གྱི་བུད་མེད་ཏུ་གྱུར། མར་ཁི•ཐུ་ཝིན་གྱིས་ནཱ་ཕོ་ལུན་དང་ཧེ་ལུན•ཁའེ་ལིན་ནི་དུས་རབས19པའི་ཁྱད་འཕགས་ཀྱི་མི་སྣ་གཉིས་ཡིན་ཞེས་གསུངས་ཡོད།
          ཁོ་མོ་བྱིས་དུས་ནས་བཟུང་། ཨ་རིའི་ཙུང་ཐུང་རེ་རེས་ཁོ་མོ་ཕོ་བྲང་དཀར་པོར་མགྲོན་དུ་གདན་འདྲེན་བྱས་ལ། སྲིད་གཞུང་གིས་ཀྱང་ཨ་རིའི་གསར་བརྗེ་འབུར་ཐོན་གྱི་དཔའ་བོ་སུམ་བཅུའི་གྲས་སུ་བདམས་ཡོད། 1964ལོར་ཨ་རིའི་ཙུང་ཐུང་གིས་དངོས་སུ་གནང་བའི་རང་དབང་བྱ་དགའ་ཐོབ་པ་མ་ཟད་ཨ་རིའི་ཚད་མཐོ་སྤྱི་དམངས་གྱི་མཚན་སྙན་ཐོབ། 1959ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་མོའི་མིང་གཞིར་བྱས་ཏེ“ཧེ་ལུན• ཁའེ་ལིན”བྱ་འགུལ་སྤེལ་ནས་འཛམ་གླིང་གི་ས་གནས་སོ་སོའི་འོན་ལུང་བྱས་པ་རྣམས་ལ་རོགས་སྐྱོར་བྱས། 1960ལོར་ཁོ་མོས་མཚར་ལོང་གི་བརྒྱུད་རིམ་བྲིས་པའི་འཁྲབ་དེབ《ངོ་མཚར་བའི་གསར་གཏོད》ཅེས་པས་ཕུའུ་ལིས་བྱ་དགའ་ཐོབ་མ་ཟད་དེ་གློག་བརྙན་དུའང་ཕབ་བསྐྲུན་བྱས། ལོ་དེར་ཨ་རིའི་ལོང་བའི་ཐེབས་རྩ་ཚོགས་པས་ཁོ་མོའི་ལོ་བཅོ་བརྒྱད་ཀྱི་སྐྱེས་སྐར་ཐོག“རྒྱལ་སྤྱིའི་ཧེ་ལུན•ཁའེ་ལིན་བྱ་དགའི་དངུལ”ཁྱབ་བསྒྲགས་བྱས། ལས་དོན་ཁྲོད་དུ་བྱས་རྗེས་ཅན་གྱི་ལོང་བ་རྣམས་ལ་བྱ་དགའ་གནང་། ཧེ་ལུན•ཁའེ་ལིན་གྱིས1924ལོར་ཧེ་ལུན•ཁའེ་ལིན་ཐེབས་རྩ་ཚོགས་པ་ཚུགས་པ་མ་ཟད། ཨ་རིའི་ཐེབས་རྩ་ཚོགས་པའི་གྲས་སུ་ཚུད་ཡོད་ལ། རྒྱལ་ཡོངས་དང་རྒྱལ་སྤྱིའི་འབྲེལ་བའི་བློ་འདྲི་སའང་ཡིན། རྗེས་སུ་མོས་རྒྱལ་སྤྱིའི་སེང་གེ་གྲོས་ཚོགས་སྟེང་དུ། རྒྱལ་སྤྱིའི་སེང་གེ་གྲོས་ཚོགས་ནི་ལོང་བ་དག་མུན་པ་ལས་རྣམ་པར་རྒྱལ་པའི་དྲེག་ཆས་སུ་འགྱུར་བར་རེ་བ་བཏོན། ད་དུང་ཁོས་ཁྱོད་ཚོར་གོ་སྐབས་ཀྱི་སྒེའུ་ཁུང་ཕྱེ་ནས། ཁྱོད་ཚོའི་སྒོ་ཆེན་རྡུང་བཞིན་ཡོད་ཟེར། 1946ལོར་ཧེ་ལུན•ཁའེ་ལིན་གྱིས་ཨ་རིའི་འཛམ་གླིང་གི་ལོང་བའི་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་འབྲེལ་བའི་འགན་ཁུར་ནས། འཛམ་གླིང་ལ་ལྟ་བསྐོར་ཏུ་ཆས་འགོ་བརྩམས། གླིང་ཆེན་ཨེ་ཤ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་བཅས་ཀྱི་རྒྱལ་ཁབ་སོ་ལྔར་སོང་མྱོང་ཞིང་། འཛམ་གླིང་གི་ཡུལ་སོ་སོར་ལོང་བའི་སློབ་གྲྭ་བཙུགས་ལ། སྨན་པར་ནད་པ་གླེང་བ་དང་རང་ཉིད་ཀྱིས་ཉམས་སུ་མྱོང་བ་དག་བཤད་པས་ཁོ་རང་ཚོར་འཚོ་གནས་ཀྱི་འདུ་ཤེས་བསྩལ། དེར་བསྟུན་ཁོ་མོས་དབུལ་བོ་དང་མི་རྒྱུད་ནག་པོའི་ཁེ་དབང་བརྩོན་ལེན་དང་འཛམ་གླིང་ཞི་བདེ་དར་སྤེལ་བཏང་། 1986ལོ་ཟླ་6 པའི་ཚེས1ཉིན། དགུང་གྲངས88ལ་སོན་པའི་ཧེ་ལུན་གྱི་ངོ་མཚར་བའི་གཏམ་རྒྱུད་དང་འདྲ་བའི་མི་ཚེ་མཇུག་སྒྲིལ། 
          ཡིན་ནའང་ཁོ་མོ་འདས་རྗེས་མོའི་འགྱུར་མེད་ཀྱི་སྙིང་སྟོབས་དང་ཁྱད་འཕགས་ཀྱི་བྱས་རྗེས་དེས་འཛམ་གླིང་འདི་ཡིད་འགུག་ཐེབས་སུ་བཅུག་པས། ས་ཆ་སོ་སོའི་མི་དམངས་ཀྱིས་ཁོ་མོར་དྲན་གསོའི་ལས་འགུལ་སྤེལ། མི་ཞིག་གིས་ཁོ་མོར་གདེང་འཇོག་འདི་ལྟར་བྱས་ཡོད་དེ། ཧེ་ལུན•ཁའེ་ལི་ནི་མིའི་རིགས་ཀྱི་ང་རྒྱལ་དང་། ང་ཚོའི་སློབ་སྦྱོང་གི་མིག་དཔེ་ཡིན་པས་ནད་ཡམས་ཀྱིས་འོན་པ་དང་ལྐུག་པ། ལོང་བར་གྱུར་བའི་མི་མི་ཉུང་བ་ཞིག་གིས་མུན་ནག་གི་ཁྲོད་ནས་འོད་སྣང་རྙེད་ཐུབ་པ་རེ་བས་ཁེངས་ཡོད་ཅེས་བཤད། 1971ལོ་རྒྱལ་སྤྱིའི་སེང་གེ་ཚོགས་པས་རྒྱལ་སྤྱིའི་ལས་འཛིན་པ་ཧེ་ལུན•ཁའེ་ལི་ཡི་དཔའ་ངར་ཞུམ་མེད་ཀྱི་འདུ་ཤེས་ལ་དྲན་གསོ་བྱེད་ཆེད། ལོ་རེའི་ཟླ6པའི་ཚེས1ཉིན་ནི་ཧེ་ལུན• ཁའེ་ལིའི་དྲན་གསོ་ཉིན་མོ་ཡིན་པ་གཏན་ཁེལ་དང་དྲིལ་སྒྲགས་བྱས་ལ། ཉིན་དེར་སེང་གེ་ཡོངས་ཀྱིས་མིག་དབང་དང་འབྲེལ་བ་ཡོད་པའི་ཞབས་ཞུ་ལས་འགུལ་རྒྱ་ཆེར་སྤེལ། མར་ཁི•ཐུ་ཝིན་གྱིས་དུས་རབས་བཅུ་དགུ་བའི་ནང་དུ་ཁྱད་འཕགས་ཀྱི་མི་བུ་གཉིས་བྱུང་ཡོད་དེ་གཅིག་ནི་ནཱ་ཕོ་ལུན་དང་གཅིག་ཤོས་ནི་ཧེ་ལུན•ཁའེ་ལི་ཡིན་ཞེས་གསུངས་ཡོད། 
          ཉེ་ཆར་ངས《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་དབང་ཚེ》ཞེས་པའི་ཧེའེ་ལུན•ཁའེ་ལི་དང་འབྲེལ་བའི་དེབ་ཅིག་བཀླགས། དེབ་དེ་བཀླགས་ཚར་རྗེས་ངའི་ཡིད་སེམས་ཧེ་ལུན་གྱི་སྙིང་སྟོབས་ཀྱིས་རབ་ཏུ་སྒུལ། དཔེ་དེབ་ཏུ་ཧེ་ལུན་གྱིས་ཤེས་རིག་གིས་མི་ལ་བརྩེ་བ་བྱིན། ཤེས་རིག་གིས་མི་ལ་འོད་སྣང་བྱིན། ཤེས་རིག་གིས་མི་ལ་བློ་གྲོས་བྱིན། མདོར་ན་ཤེས་རིག་ནི་བདེ་སྐྱིད། ཤེས་རིག་ཡོད་པས་ང་ཚོས་སྔར་བྱུང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཁྲག་རྩར་རེག་ཐུབ། དེ་མེད་ན་མིའི་རིགས་ཀྱི་ཚེ་སྲོག་གི་རོལ་དབྱངས་ག་ལ་རྟོགས་ཞེས་གསུངས་ཡོད། ངོ་མ་ཧེ་ལུན་གྱི་ཤེས་རིག་གི་སྟོབས་ཤུགས་ལ་འཛད་མཐའ་མེད་ལ། མི་ཡུལ་ལ་ཁྱད་མཚར་གྱི་གཏམ་རྒྱུད་མང་པོ་བསྐྲུན་ཐུབ་པའང་ཏག་ཏག་ཤེས་རིག་གིས་སོ།།
         ཧེ་ལུན་ནི་ལས་ངན་ཞིག་ཡིན་ལ། ལས་བཟང་ཞིག་ཀྱང་ཡིན། མོ་ལ་ཤེས་ཡོན་ལྡན་པས་མོ་ནི་འདི་འདྲའི་ལས་བཟང་ཞིག་ཏུ་གྱུར་བ་རེད། ཁོ་མོ་ཟླ18ཡིན་པའི་སྐབས་མཐོང་ཚོར་དང་ཐོས་ཚོར་ཉམས་རྗེས། འཇིག་རྟེན་འདི་དང་འབྲེལ་ཐག་ཆད། ཚེ་སྲོག་ཆུང་ཆུང་འདིས་ཕྱི་རོལ་གྱི་ཁོར་ཡུག་དང་འབྲེལ་ཐག་བཅད་པའི་ཁེར་རྐྱང་གི་སྡུག་བསྔལ་དེ་ཅི་ལྟར་འདོར་དགོས་པ་མི་ཤེས། ཁོ་མོ་ཁྱད་མཚར་ཅན་དང་རྩུབ་སྤྱོད་ཅན། གུས་མེད་ཅན་ཞིག་ཡིན་ལ། དགེ་རྒན་ཧྲ་ལིས་ཝུན་མོའི་འཇིག་རྟེན་དུ་ཡོང་བ་ནས་བཟུང་། མོར་ཡི་གེ་བསླབས་ནས་ད་གཟོད་མོའི་ནང་སེམས་ཀྱི་སྒོ་མོ་དང་མིག་ཟུང་ཕྱེས་ཤིང་། མི་དང་འབྲེལ་འདྲིས་བྱེད་ཐུབ་པར་གྱུར།   མོ་རང་ཤེས་ཡོན་དང་འཕྲད་པ་ནས་བཟུང་། ཁེར་རྐྱང་གི་ཧེ་ལུན་གྱིས་ཤེས་ཡོན་ཁོ་ནས་འོད་སྣང་གི་ལམ་དུ་འདྲེན་ཐུབ་པ་ཤེས་རྟོགས་བྱུང་། ཧེ་ལུན་གྱིས“ཆུ”ཞེས་པའི་ཡི་གེ་འདི་ཐོག་མར་ངོ་ཤེས་རྗེས། འཇིག་རྟེན་དང་ཤེས་ཡོན་ལ་རྟོགས་འདོད་ཀྱི་ འདུ་ཤེས་དྲག་པོ་སྐྱེས་ནས། ཡི་གེ་ངོས་འཛིན་དང་ཀློག་འདོན་ལ་བྲེལ་བ་ཆེན་པོ་སྐྱེས་འགོ་བརྩམས་ལ། མོ་རང་འགྱིབ་སོབ་ལེབ་མོ་ཞིག་དང་འདྲ་བར་ཚེ་སྲོག་གི་གཏིང་རིམ་ནས་ཤེས་ཡོན་འཇུབ་ལེན་བྱས།  
          རྒྱུན་ལྡན་གྱི་མིས་བློར་དཔག་དཀའ་བའི་སྣ་གཅིག་མ་དང་བྲོ་བ་ཅི་ཡང་མེད་པའི་ཁྲོད་ནས་འཇར་མན་གྱི་སྐད་དང་ལ་ཀྲིན་གྱི་སྐད།  ཧྥ་རན་སིའི་སྐད་སོགས་རྒྱལ་ཁབ་མང་པོའི་ཡི་གེ་བསླབས་ཤིང།  རྩོམ་རིག་དང་མཚན་ཉིད་རིག་པའི་དཔེ་ཆ་མང་པོ་བཀླགས་ཏེ་རླབས་ཆེན་མི་སྣ་དང་ཤེས་ལྡན་པ་དག་གི་བསམ་བློའི་ཉིང་བཅུད་བླངས།  མོས་སློབ་སྦྱོང་ནི་རི་འཛེག་བྱེད་པ་ཞིག་ལ་བལྟས་ཏེ་འགྱེལ་སོང་ན་ཡང་ཡར་འགོས།  ཡར་ཐོན་ཅུང་རེ་བྱུང་ན་སྐུལ་མ་རེ་ཐེབས་སྲིད་ལ། རིམ་བཞིན་རྒྱ་ཆེ་བའི་འཇིག་རྟེན་མཐོང་ཐུབ། སྤྲིན་དཀར་གྱི་འདྲེས་མཚམས་དང་དགུང་སྔོན་གྱི་མཐོ་ས། རེ་སྙེག་གི་རྩེ་མོར་སླེབས་རག་བར་ཏུ་འབད་པ་བྱས།  ཤེས་བྱ་འདི་དག་འཇའ་མཚོན་རེ་དང་འདྲ་བར་ཧེ་ལུན་སེམས་ནང་གི་གློག་ཏོག་སྒྲོན་ནས། མོའི་ནང་སེམས་ཀྱི་འཇིག་རྟེན་གསལ་པར་བྱས་ལ། ཧེ་ལུན་དང་འཇིག་རྟེན་འདིར་མཐུན་སྦྱོར་གྱི་ཟམ་པ་ཡང་བཙུགས། དཔེ་དེབ་ཁྲོད་དུ།  ཧེ་ལུན་གྱི་པིར་རྩེ་ལས་རང་བྱུང་ཁམས་ཆེན་མོའི་ཡུལ་ལྗོངས་ཞིབ་འབྲི་བྱས་པ་དེ་འོན་ལོང་ཅན་ཞིག་གི་སྨྱུག་རྩལ་ཡིན་པར་མི་རྣམས་ཡིད་ཆེས་དཀའ་བ་རེད། མོས་རྟ་བཞོན་པ་དང་གྲུ་བསྐོར་བ། ཆུ་རྐྱལ་བ་དང་གངས་ཤུད་བྱེད་པ་མ་ཟད། ད་དུང་མཚན་གུང་གི་དུས་སུ་རང་ཉིད་གཅིག་པུས་གྲུ་རྒྱབ་ནས་ཟླ་འོད་འོག་པད་རྫིང་གི་མཛས་ལྗོངས་ཉམས་སུ་མྱོང་བར་འགྲོ    ཁོ་མོ་བཤམས་སྟོན་ཁང་དུ་ལྟ་སྐོར་རུ་འགྲོ་ཞིང་རོལ་མོའི་སྤྲོ་ཚོགས་ལ“ཉན”པ་མ་ཟད། གླུ་གར་གྱི་ལྟད་མོ་ལའང“རོལ”སྲིད། ངས་བསམ་ན་ཁོ་མོས་སེམས་བཀོལ་ནས་འཇིག་རྟེན་དང་ཚེ་སྲོག་ལོངས་སུ་སྤྱོད་བཞིན་ཡོད་པ་ཁོ་ཐེག་རེད།   ང་ཚོ་རྒྱུན་ལྡན་གྱི་མི་དང་བསྡུར་ན་ཁོ་མོའི་འཚོ་བ་ནི་བདེ་སྐྱིད་ལྡན་ཞིང་ཐོབ་འབྲས་ཡོད་ལ། དོན་སྙིང་ལྡན་པ་ཞིག་རེད།  ཤེས་རིག་གིས་ཁོ་མོ་ལ་འཚོ་བའི་སྙིང་སྟོབས་བསྩལ་ཞིང་ཚེ་སྲོག་གི་འཐབ་རྩོད་དང་ལེན་བྱེད་པའི་སྙིང་སྟོབས་བསྩལ་ཏེ། མི་རྣམས་ཧ་ལས་སུ་འཇུག་པའི་སྙིང་རུས་ཀྱིས་སྡུག་བསྔལ་གདོང་གིས་བསུས་པས། མཇུག་མཐར་མུན་ནག་གི་ཁྲོད་ནས་ཚེ་སྲོག་གི་འོད་སྣང་རྙེད་པ་རེད།   ཤེས་རིག་གིས་མོར་ལྟ་བ་འདི་འདྲ་ཞིག་སྐྱེས་སུ་བཅུག་པ་སྟེ། དངོས་ཡོད་ཀྱི་ཁོར་ཡུག་ནི་འཇིགས་རུང་བ་ཞིག་ཡིན་ནའང་། མིའི་རིགས་ཀྱིས་རེ་སྙེག་དང་འབད་བརྩོན་བྱེད་འོས་པ་དེའོ། །  ཚེ་སྲོག་གི་དོན་སྙིང་ཅི་ཞིག་ཡིན་ནམ།  མི་ཚེའི་རིན་ཐང་ཅི་ཞིག་ཡིན་ནམ། མི་ཡི་ཚེ་གང་བོ་ནི་དུས་ཚོད་ཐུང་ངུ་ཞིག་ཡིན་ལ། ང་ཚོས་མ་འོངས་པའི་འཇིག་རྟེན་ལ་བསམ་གཞིགས་བྱས་མ་མྱོང་བའམ་ཡང་ན་བསམ་གཞིགས་བྱེད་མི་ཕོད་པར་ནམ་རྒྱུན་སྒྱིད་ལུག་ངང་འཚོ་བ་སྐྱེལ་ཞིང་བྱ་བ་སྒྲུབ་པ་དང་། དཀའ་ཁག་དང་འཕྲད་ཚེ་གཞན་ལ་ལེ་འདེད་བྱེད་པ་དང་གནམ་རྒན་མ་འདྲ་མཉམ་མ་རེད་ཅེས་ལེ་འདེད་བྱེད་བཞིན་ཉིན་ཐོག་ཉིན་ལ་བརྩེགས་ཤིང་ལོ་ཐོག་ལོ་ལ་བརྩེགས་པ་རེད།   དུས་ཚོད་ནི་ནམ་རྒྱུན་ལྟར་བཞུར་འགྲོ་བས་འདས་སོང་གི་ལོ་ཟླ་བསྐྱར་ཟློས་བྱེད་མི་སྲིད། ང་ཚོས་འདས་དོན་ལ་ཕྱིར་དྲན་བྱས་ན།  དེ་ནི་དུང་ཞེན་སྐྱེ་བ་དང་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་ཡིན་ནམ། གལ་ཏེ་ང་ཚོའི་མི་རེ་རེས་ཤེས་རིག་བཀོལ་ནས་རང་སེམས་ཀྱི་སྒྲོན་མེ་སྦར་ཐུབ་ན། འཇིག་རྟེན་འདི་ཡང་འོད་སྣང་ཅན་དུ་འགྱུར་ངེས་སོ།།
          རིག་གནས་སྟོབས་ཤུགས་ནི་ཇི་འདྲའི་ཆེ་ལ། དེས་དབང་བོ་སྐྱོན་ཅན་གྱི་མི་ཞིག་སྤྱི་ཚོགས་དང་མིའི་རིགས་ལ་ཕན་པའི་མི་རུ་བསྒྱུར་ཐུབ། གལ་ཏེ་ང་ཚོ་ཚང་མ་ཧེ་ལུན•ཁའེ་ལི་དང་འདྲ་བར་ཤེས་རིག་སྦྱང་འདོད་ཀྱི་འདུན་མ་སྟེ། མི་ཚེའི་དམུགས་འདུན་ཞིག་ཏུ་ངེས་བཟུང་ཞིང་། ནམ་རྒྱུན་འདུན་མ་འདི་འདྲ་ཞིག་བཅིངས་ནས་མཛའ་བརྩེ་དང་འདོད་པས་གང་པའི་འཚོ་བ་རོལ་ན། ང་ཚོའི་མི་ཚེ་འདི་སྔར་ལས་ལྷག་པའི་བདེ་སྐྱིད་དང་དགོད་སྒྲས་ཁེངས་པར་འགྱུར། ཧེ་ལུན་གྱི་ཚེ་གང་པོ་ནི་མུན་ནག་གིའཇིག་རྟེན་ཡིན་མོད་མིའི་རིགས་ལ་ཁྱེར་ཡོང་བ་ནི་འོད་སྣང་གི་མི་ཚེ་ཡིན།  མོའི་ལག་ལེན་གྱིས་མིའི་རིགས་ལ་ཚེ་སྲོག་ལས་རྣམ་པར་རྒྱལ་པའི་སྙིང་སྟོབས་ར་སྤྲོད་བྱས་ལ། མིའི་རིགས་ལ་དུས་ནམ་ཡིན་ཡང་བརྗེད་ཐབས་བྲལ་བའི་ཚེ་སྲོག་གི་གླུ་སྐད་ཅིག་བཞག་ཡོད་པ་ཡིན།

མཇུག་བསྡུ་བའི་གཏམ།

          ང་ཚོ་འཇིག་རྟེན་དུ་འཚོ་སྡོད་བྱེད་པའི་ཀྱེན་ཡོད་པའི་སུ་ཞིག་ལའང་ཁག་འགེལ་དང་ལེ་འདེད་ཡེ་ནས་མི་བྱེད་པར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རིག་གནས་ཀྱི་སྟོབས་ཤུགས་དེ་མི་བུ་རང་ཉིད་ཀྱི་སྟོབས་ཤུགས་སུ་བསྒྱུར་དགོས་ལ། དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་། ངལ་བ་སྟོང་ཕྲག་དང་དུ་ལེན་པའི་སྙིང་སྟོབས་ཡང་དགོས།  འབའ་བ་ཕུན་ཚོགས་དབང་རྒྱལ་ཁོང་གིས་ཀྱང་འདི་ལྟར་གསུངས་མྱོང་ཡོད་དེ། འགྲོ་ལམ་ནི་ཀྱག་ཀྱོག་ཡིན་རུང་། མདུན་ལམ་ནི་འོད་སྣང་དང་མཛེས་སྡུག་ལྡན་པ་ཡོད་ཞེས་དང་། རིགས་པའི་གཞུང་ལུགས་ནི་སྐྱ་ཐང་ཐིང་ཡིན་རུང་། འཚོ་བ་ནི་དུས་གཏན་དུ་སྔོ་ཐང་ཐིང་ཡིན།ཞེས་པ་ལྟ་བུའི་ལེགས་བཤད་དག་གིས་འདས་སོང་གི་ལོ་ཟླ་ལ་ཕྱོགས་བསྡོམས་བྱས་པ་ཡིན།  ཨ་རིའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཧེ་ལུན་ཁའི་ལི་ལྟ་བུའི་མི་མང་པོ་ཞིག་གིས་ང་ཚོར་འཚོ་གནས་བྱེད་པའི་སྤྲོ་སེམས་སྦྱིན་ཡོད་ལ། ལས་དབང་ལ་འཐབ་འཛིང་བྱེད་རྒྱུ་ལས་མགོ་བོ་བསྒུར་མི་དགོས་པའི་དཔའ་སྙིང་སྦྱིན་ཡོད་པ་དང་། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད་པའི་གནས་ལུགས་ཟབ་མོ་ཡང་རྗེན་པར་བསྟན་ཡོད། ཚན་རིག་ལག་རྩལ་ཀྱིས་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་དེང་གི་དུས་འདིར། མཚར་སྡུག་འོད་སྟོང་འབར་བའི་ཁ་སང་གིས་དེ་རིང་གི་ཚབ་བྱེད་མི་ཐུབ་པས། ང་ཚོས་བསམ་པ་ཡར་སེམས་དང་། སྐུད་པ་ཡར་འཁེལ་གྱི་བློ་སྔོན་དུ་བཏང་ནས་མ་ཡུམ་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་ཆེད་མི་ལྡོག་པའི་བརྩོན་འགྲུས་དང་།    བྱ་དངོས་ཅི་དང་གང་ལ་འཇུག་དུས་སྤྲོ་སྣང་གིས་ཁེངས་པའི་སེམས་ཁམས་ཤིག་ཀྱང་དགོས་པ་ནི་གནད་ཀྱི་དམ་པར་གདམས་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།

1 གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་སྦྱིན་ན》   ཧེའི་ལུན་ཁའེ་ལེས་བརྩམས། 2010ཀྲུང་གོ་རྩོམ་རིག་དཔེ་སྐྲུན་ཁང་གིས་བསྐྲུན།
2 《ངའི་འཚོ་བ》 ཧེའི་ལུན་ཁའེ་ལེས་བརྩམས། །   2007ལོར་ཀྲེ་ཅང་རིག་རྩལ་དཔེ་སྐྲུན་ཁང་གིས་བསྐྲུན།
3《ངའི་དགེ་རྒན》ཧེའི་ལུན་ཁའེ་ལེས་བརྩམས། ཧེའི་ལུན་ཁའེ་ལེས་བརྩམས།       1991ལོར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་བསྐྲུན།
4《ངའི་འཇིག་རྟེན།》  ཧེའི་ལུན་ཁའེ་ལེས་བརྩམས།  2004ལོར་ཀྲུང་གོ་རྩོམ་རིག་དཔེ་སྐྲུན་ཁང་གིས་བསྐྲུན།
5 《དགེ་རྒན།ཨེན•ཧྲ་ལིས་ཝུན•མེ་ཤེས》  ཧེའི་ལུན་ཁའེ་ལེས་བརྩམས།2010ར་ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་གིས་བསྐྲུན།

རྔ་བའི་དོམ་ཚྭ་བུའི་ཟིན་བྲིས་ལས་བཏུས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།