ཨཱ་ལི་པ་པ།

2020-01-19
0

ཐན་མའོ།

ཐེན་མའོ་ནི་སྤྱི་ལོ2008ལོར་བཙུགས་པ་དང་། དེའི་བྱེད་ནུས་གཙོ་བོར་མཚོན་ན་འཛད་སྤྱོད་པར་སྤུས་རྟགས་ཐོན་རྫས་སྤུས་ལེགས་ཉོ་སྒྲུབ་ཀྱི་ཉམས་ལེན་མཁོ་འདོན་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱི་དང་ཀྲུང་གོའི་ས་གནས་ཀྱི་སྤུས་རྟགས་དང་སིལ་འཚོང་ཚོང་པ་མང་པོ་ཞིག་གིས་ཐེན་མའོ་ཐོག་ཚོང་ཁང་གི་སྒོ་འབྱེད་ཡོད། 

གོ་ལ་ཧྲིལ་པོའི་མྱུར་འཚོང་ཐུང་།

གོ་ལ་ཧྲིལ་པོའི་མྱུར་ཚོང་ཐུང་དེ་སྤྱི་ལོ2010ལོར་བཙུགས་པ་དང་། གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་ཁ་གཏད་པའི་སིལ་འཚོང་ལས་སྟེགས་ཤིག་ཡིན། དེའི་ཁྲོམ་ར་གཙོ་བོ་ནི་ཨུ་རུ་སུ་དང་ཨ་རི། པར་ཙི་དང་སི་ཕེན། ཧྥ་རན་སེ་དང་དབྱིན་ཇི་བཅས་ཡིན་ལ། འཛམ་གླིང་གི་ས་ཆ་སོ་སོའི་འཛད་སྤྱོད་པས་གོ་ལ་ཧྲིལ་པོའི་མྱུར་ཚོང་ཐུང་འདི་བེད་སྤྱད་དེ། ཐད་ཀར་འཛམ་གླིང་ཡོངས་སུ་མགྱོགས་མྱུར་ངང་ཀྲུང་གོའི་བཟོ་སྐྲུན་ཚོང་པ་དང་ཡན་ལག་ཚོང་བའི་ལག་ནས་ཐོན་རྫས་ཉོ་སྒྲུབ་བྱས་ཆོག

ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་ར།

ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་ར་ནི་ཨཱ་ལི་པ་པ་ཚོགས་པའི་ཆེས་ཐོག་མར་བཙུགས་པའི་ལས་སྒོ་ཞིག་ཡིན་ལ། མིག་སྔར་འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གྱི་སྡེབ་ཚོང་ཉོ་སྒྲུབ་ལས་སྟེགས་ཤིག་ཡིན། ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་རའི་ཐོག་གི་ཉོ་མཁན་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་དང་ས་ཁུལ200ལྷག་ཙམ་ལ་ཁྱབ་པ་དང་། སྤྱིར་བཏང་དུ་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བའི་ཉོ་ཚོང་དང་སྡེབ་ཚོང་། སིལ་འཚོང་དང་བཟོ་སྐྲུན་ཚོང་པ། ཁེ་ལས་ཆུང་འབྲིང་བཅས་ཡིན། ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོ་རས་དེའི་ཚོགས་མི་དང་ཁེ་ལས་ཆུང་འབྲིང་གཞན་དག་ལ་འགག་སྒོ་སྒྲོལ་བ་དང་ཁྲལ་སློག་པ། ཉོ་ཚོང་མ་དངུལ་བསྡུ་སྒྲིལ་དང་ཟོག་འགྲེམས་སོགས་ཕྱིར་གཏོང་ནང་འདྲེན་གྱི་མཁོ་སྤྲོད་སྦྲེལ་ཐག་གི་ཞབས་ཞུ་མཁོ་འདོན་བྱས་པ་རེད། 

1688

1688(གོང་དུ“ཨཱ་ལི་པ་པ་ཀྲུང་གོ”ཞེས་བརྗོད)ནི་སྤྱི་ལོ1999ལོར་བཙུགས་པའི་ཀྲུང་གོའི་སྔོན་ཐོན་གྱི་དྲ་ཐོག་སྡེབ་ཚོང་ལས་སྟེགས་ཤིག་ཡིན་པ་དང་། དེར་ཚོང་ཟོག་དང་གྱོན་ཆས། གློག་རྡུལ་ཐོན་རྫས་དང་མ་བཅོས་རྒྱུ་ཆ། བཟོ་ལས་ལྷུ་ལག་དང་ཞིང་ལས་ཐོན་རྫས། རྫས་འགྱུར་བཟོ་ལས་ཐོན་རྫས་སོགས་ལས་རིགས་མང་པོའི་ཉོ་མཁན་དང་ཚོང་མཁན་ལ་ཁྱབ་ཡོད་པ་རེད། 1688ནི་ཨཱ་ལི་པ་པ་ཚོགས་པའི་འོག་གི་སིལ་འཚོང་ལས་སྟེགས་ཀྱིས་ལས་སྒོ་གཉེར་བའི་ཚོང་བདག་ཅིག་ཡིན་པ་དང་། ས་གནས་དེ་གའི་སྡེབ་ཚོང་ཚོང་པས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་ཐབས་ལམ་མཁོ་འདོན་བྱས། 

ཨཱ་ལི་མ་མ།

ཨཱ་ལི་མ་མ་ནི་སྤྱི་ལོ2007ལོར་བཙུགས་ལ། དེ་ནི་ཚོང་བདག་དང་སྤུས་རྟགས་ཀྱིས་ཨཱ་ལི་པ་པ་ཚོགས་པའི་ཁོངས་གཏོགས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་དེ་བཞིན་ཕྱོགས་གསུམ་པའི་ལས་སྟེགས་སུ་བརྡ་ཁྱབ་ཆ་འཕྲིན་སྣ་ཚོགས་མཁོ་འདོན་བྱེད་པའི་དྲ་ཐོག་བྲིན་ཚོང་ལག་རྩལ་ལས་སྟེགས་ཤིག་རེད། ཨཱ་ལི་མ་མས་མནའ་འབྲེལ་བྲིན་ཚོང་འཆར་གཞི་བརྒྱུད་ཕྱོགས་གསུམ་པའི་དྲ་ཚིགས་དང་ལག་ཁྱེར་ཁ་པར་ཐོག་བརྡ་ཁྱབ་བཏང་ནས། ཚོང་གཉེར་དང་ཁྱབ་གདལ་གྱི་ཕན་འབྲས་བཏོན་ནས་ཨཱ་ལི་པ་པ་ཚོགས་པའི་དྲ་ཐོག་ཚོང་དོན་ལས་སྟེགས་ཕུད་པའི་ལས་སྟེགས་དང་སྤྱོད་མཁན་ལ་ཤེས་སུ་བཅུག་པ་རེད། 

  • 顶 0