འབྲུག་ཡུལ་གྱི་དཔལ་འབྱོར་གང་ལ་བརྟེན་པ་དང་ཡོང་འབབ་ག་འདྲ་ཡིན་ནམ།

2019-06-05
0

   འབྲུག་ཡུལ་ནི་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལས་དཔལ་འབྱོར་ལ་རང་དབང་ཆེས་ཆེར་ལྡན་ཞིང་། ཚོང་ལས་གཉེར་བར་ཡང་ཆེས་སྟབས་བདེ་བའི་རྒྱལ་ཁབ་ཏུ་བགྲང་བ་མ་ཟད། ཆེས་རུལ་སུངས་མིན་པའི་རྒྱལ་ཁབ་ཅིག་ཀྱང་ཡིན། འོ་ན་འབྲུག་ཡུལ་གྱི་དཔལ་འབྱོར་གཙོ་བོ་ཅི་ཞིག་ལ་བརྟེན་ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ག་ཚོད་ཡིན་ཞེ་ན། དེ་ཡང་country economyཞེས་པའི་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། 2017ལོའི་འབྲུག་ཡུལ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ནི་ཨ་སྒོར་3096ཡིན་པ་དང་། དེ་ནི་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་རྒྱ་གར་དང་འབར་མ་ལས་བརྒལ་ཡོད་པ་རེད། གཞན། འབྲུལ་ཡུལ་གྱི་སློབ་གསོ་དང་སྨན་བཅོས་ལ་མི་སེར་གྱིས་གླ་རིན་སྤྲོད་མི་དགོས་པར་ཡོད་ཚད་གཞུང་གིས་སྤྲོད་བཞིན་ཡོད།

   འབྲུག་ཡུལ་གྱི་དཔལ་འབྱོར་ནི་གཙོ་བོ་ཞིང་ལས་དང་། ནགས་ལས། ཡུལ་སྐོར་ལས་རིགས། དེ་བཞིན་རྒྱ་གར་ལ་ཆུ་ཤུགས་ཀྱི་གློག་འདོན་པ་སོགས་ལ་བརྟེན་ཡོད་ཅིང་། མི་55.4%ཞིང་ལས་ལ་བརྟེན་ཡོད་པ་དང་། ཞིང་ལས་ཀྱི་ཁོངས་སུ་གཙོ་བོ་རང་མཁོ་རང་སྤྲོད་ཀྱི་ཞིང་ལས་དང་ཕྱུགས་ལས་ཚུད་ཡོད། བསླས་འཐག་དང་མཆོད་ཆས་བཟོ་སྐྲུན་གྱིས་གཙོ་བྱས་པའི་ལག་ཤེས་བཟོ་ལས་ཀྱང་ངེས་ཅན་ཞིག་དར་ཡོད། 
དེ་མིན་བཟོ་ལས་ནི་གསར་དུ་འགོ་རྩོམ་པའི་དུས་རིམ་དུ་གནས་ཡོད་པ་སྟེ། ཨར་འདམ་དང་། ངར་ལྕགས་སོགས་ཀྱི་ཐོན་ལས་གསར་དུ་འཛུགས་བཞིན་པའི་སྒང་ཡིན་པ་དང་། གཞུང་ལམ་སོགས་འཛུགས་སྐྲུན་ཆེན་པོའི་རིགས་ད་དུང་རྒྱ་གར་ལ་བརྟེན་ཡོད།


  • 顶 0