ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ལོ་ངོ70འཁོར་བའི་དྲན་རྟེན་དུ་གསེར་ཊམ1དང་དངུལ་ཊམ1འདོན་རྩིས་འདུག

སྤེལ་དུས 2021-08-24 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཀྲུང་གོ་མི་དམངས་དངུལ་ཁང་གིས་2021ལོའི་ཟླ་8ཚེས་16ཉིན་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དུ་གསེར་ཊམ་གཅིག་དང་དངུལ་ཊམ་གཅིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། དེ་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་ཊམ་ཀ་ཡིན་པ་རེད།
          གཅིག དྲན་རྟེན་ཊམ་ཀ

          (གཅིག) མདུན་ངོས།
          གསེར་ཊམ་དང་དངུལ་ཊམ་གྱི་མདུན་ངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་། རྒྱལ་ཁབ་ཀྱི་མིང་།  ཊམ་ཀ་འདོན་པའི་དུས་ཚོད་བཀོད་ཡོད་པ་རེད།

(གཉིས) རྒྱབ་ངོས།
          ཁེ་8ཡོད་པའི་དྲན་རྟེན་གྱི་གསེར་ཊམ་དེའི་རྒྱབ་ངོས་སུ་ཉི་མ་མེ་ཏོག་དང་། སེ་འབྲུ། གངས་ལྷ་མེ་ཏོག ཁ་བཏགས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་མཚོན་རྟགས་ཁྲོད་ཀྱི་གྲངས་ཀ“70”བཅས་ཀྱིས་བརྒྱན་ཡོད་པ་མ་ཟད། “བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ”ཞེས་པའི་རྒྱ་ཡིག་དང་བོད་ཡིག་དང་། ལོ་ཚིགས(1951-2021) དངུལ་ཐང་བཅས་བཀོད་ཡོད།

          ཁེ་30ཡོད་པའི་དྲན་རྟེན་དངུལ་ཊམ་དེའི་རྒྱབ་ངོས་སུ་གཞུང་ལམ་དང་། ལྕགས་ལམ། ཤུགས་འགྲེམས་མེ་འཁོར། གནམ་གྲུ ཡུལ་མིའི་སྡོད་ཁང་། གངས་རི། མཚོ། སྐལ་བཟང་མེ་ཏོག དར་དཔྱང་སོགས་ཀྱིས་བརྒྱན་ཡོད་པ་མ་ཟད། “བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ”ཞེས་པའི་རྒྱ་ཡིག་དང་བོད་ཡིག་དང་། ལོ་ཚིགས(1951-2021) དངུལ་ཐང་བཅས་བཀོད་ཡོད།

          གཉིས། དྲན་རྟེན་ཊམ་ཀའི་ཆེ་ཆུང་དང་འགྲེམས་ཚད།
          ཁེ་8ཡོད་པའི་དྲན་རྟེན་གསེར་ཊམ་ནི་སྤུས་ལེགས་ཀྱི་ཊམ་ཀ་ཡིན་ཞིང་། དེའི་ནང་གསེར་བཙོ་མ་ཁེ་8ཡོད་པ་དང་། ཚངས་ཐིག་ལ་ཧའོ་སྨི་22  དངུལ་ཐང་ལ་སྒོར་100  99.9%ཡི་གསེར་བཙོ་མ་ཡིན་པ། འགྲེམས་སྤེལ་བྱེད་ཚད་མང་ཤོས་10000བཅས་ཡིན་པ་རེད།
          ཁེ་30ཡོད་པའི་དྲན་རྟེན་དངུལ་ཊམ་ནི་སྤུས་ལེགས་ཀྱི་ཊམ་ཀ་ཡིན་ཞིང་། དེའི་ནང་དངུལ་བཙོ་མ་ཁེ་30ཡོད་པ་དང་། ཚངས་ཐིག་ལ་ཧའོ་སྨི་40  དངུལ་ཐང་སྒོར་10  99.9%ཡི་དངུལ་བཙོ་མ་ཡིན་པ། འགྲེམས་སྤེལ་བྱེད་ཚད་མང་ཤོས་20000བཅས་ཡིན་པ་རེད།
          གསུམ། དྲན་རྟེན་གྱི་གསེར་ཊམ་དངུལ་ཊམ་ཆ་ཚང་ཧྲང་ཧའེ་དངུལ་ལོར་བཟོ་སྐྲུན་ཚད་ཡོད་ཀུང་སིས་བཟོས་པ་དང་། ཀྲུང་གོ་གསེར་ཊམ་སྤྱི་ཁྱབ་ཀུང་སིས་བརྒྱུད་ཚོང་བྱས་པ་ཞིག་རེད། ཕྱིར་ཚོང་ཐབས་ལམ་ཞིབ་ཕྲ་ཀྲུང་གོ་གསེར་ཊམ་དྲ་བར (www.chngc.net/qd)གཟིགས་གནང་ཡོད་པ་ཞུ།
ཀྲུང་གོ་མི་དམངས་དངུལ་ཁང་གིས།
2021ལོའི་ཟླ་8ཚེས་11ཉིན།