རང་གི་འདོད་པ་ལྟར་གྱི་མི་ཞིག་བྱའོ།
རྩོམ་པ་པོ། ཇེམ་སི་འེ་ལུན། བསྒྱུར་པ་པོ། ལྷ་བྱམས་རྒྱལ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ། (810001)
འགྲེམས་སྤེལ་ཁ་པར།/0971-6123221 འདྲི་རྩད་ཁ་པར།/(0971)6138933
E-mail/qhmzcbs@sohu.com དྲ་གནས། www.qhmzcbs,com
རྩོམ་སྒྲིག་འགན་འཁུར་པ། བཀྲ་རྒྱལ།
དེབ་གཞི་འཆར་འགོད་པ། ཕག་མོ་སྒྲོལ་མ།
དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ།
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་། པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།
དེབ་ཚད 720mm×1000mm 1/16 ཡིག་གྲངས། ཁྲི 18
དཔར་ཤོག 14.25 དཔར་གྲངས། 1-3 000
པར་གཞི། 2013ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2013ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔེ་རྟགས། ISBN 978-7-5420-2166-3 རིན་གོང་། སྒོར30.00
(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)
(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)
ནང་དོན་གནད་བསྡུས།
དེབ་འདི་ནི་ཇེམ་སི་འེ་ལུན་གྱི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན་པ་དང་། ནུབ་ཕྱོགས་སྤྱི་ཚོགས་སུ་རྒྱལ་ཁར་བརྩོན་ལེན་བྱེད་པའི་རིགས་ལམ་ཆགས་པའི་རྨང་རྡོ་ལྟ་བུར་གྱུར་ཡོད་པ་རེད། དེབ་འདིས་ནུབ་ཕྱོགས་ཀྱི་རྒྱལ་ཁར་བརྩོན་ལེན་བྱེད་པའི་རིག་པ་སྨྲ་བའི་དེད་དཔོན་ཆེན་པོ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་དེ། དཔེ་བཞག་ན་ཨ་རིའི་དེང་རབས་ཀྱི་སློབ་གསོ་བ་ཆེན་མོ་ཏེ་ཨོ་ཁར་ནི་གེ(Dale Carnegie)དང་འཛམ་གླིང་གི་རྒྱལ་ཁར་བརྩོན་ལེན་གྱི་རིག་པ་སྨྲ་བ་སྔ་ཤོས་ནཱ་ཕོ་ལོན་ཧེལ(Napoleon Hill)ལྟ་བུ་སོགས་ཀྱི་བསམ་བློ་གཏོང་སྟངས་ལ་ཡང་འགྱུར་ལྡོག་བཏང་མྱོང་ཡོད་པ་རེད། ཇེམ་སི་འེ་ལུན་གྱི་བརྩམས་ཆོས་འདི་ནི་སེར་པོ་གསེར་ལྟར་ཚིག་ཚོགས་ཀྱི་བོངས་ཀྱིས་ཆུང་ན་ཡང་རིན་ཐང་ཅན་གྱི་དོན་གྱིས་རབ་ཏུ་ལྕི་ཞིང་། ཁོང་གིས་རང་གི་བསམ་བློའི་ཉིང་བཅུད་ཚང་མ་ཚིག་སྦྱོར་གྱི་ཕྲེང་བར་བརྒྱུས་ནས་ཀློག་པ་པོར་སྐྱེས་སུ་བཏེགས་ཡོད་པ་རེད། ཁོང་གིས་ཤེས་རབ་ཀྱི་ཁ་དོག་རབ་ཏུ་འཚེར་བའི་སྨྲ་བརྗོད་ཀྱིས་ང་ཚོར་གནས་ལུགས་འདི་འདྲ་ཞིག་འགྲེལ་བརྗོད་གནང་ཡོད་དེ། རྒྱལ་ཁ་ལེན་པའི་རྨང་གཞི་ནི་རང་གིས་ཡོད་ཚད་ལ་ཐག་གཅོད་བྱེད་ཐུབ་དགོས་ཤིང་ཁ་ཞེ་གཉིས་མེད་ཅིག་བྱ་རྒྱུ་དེ་ཡིན་ལ། གལ་སྲིད་ཁྱོད་རང་མི་ཅི་འདྲ་ཞིག་ཏུ་འགྱུར་འདོད་ན་དེ་ལྟ་བུའི་དམིགས་འབེན་ཞིག་བཞག་ནས་རང་ལ་རེ་བ་འདོན་དགོས། ལས་ཅི་ཞིག་བསྒྲུབ་བསམ་ཚེ་ངེས་པར་དུ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ་ཞིང་། དོན་རྩག་རྩིག་དང་ལས་ཞིབ་ཕྲ་ནས་འགོ་བརྩམས་ཏེ་སྒྲུབ་དགོས་ལ། རང་གི་ཉེ་འཁོར་གྱི་དོན་ཆུང་ཕྲན་ཚེགས་དག་གང་ལེགས་ཀྱིས་སྒྲུབ་པ་ནས་འགོ་རྩོམ་དགོས་ཀྱི་ཡོད། མ་འོངས་པར་ང་ཚོ་རྒྱལ་ཕམ་གང་ལ་འཕྲད་སྲིད་པ་དེ་གལ་ཆེན་མ་ཡིན་ཏེ། གལ་ཆེ་བ་ནི་ང་ཚོས་རྒྱལ་ཁར་བརྩོན་ལེན་བྱེད་པའི་གོ་རིམ་ཁྲོད་རང་ནུས་ཅི་ལྕོགས་ཀྱིས་ཧུར་བརྩོན་བྱས་མྱོང་ཡོད་མེད་དེ་ཡིན་ཞེས་གསུངས་ཡོད་པ་རེད།