[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར་13.6ཟིན་པ།

  • ཡོང་ཁུངས།   ​ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-12

    ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་དགུ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར་13.6ཟིན་པ་དང་། NB-IoTདེ་ཆུ་སྤྱོད་ཚད་དཔྱད་ཆས་དང་། འབར་རླངས་སྤྱོད་ཚད་དཔྱད་ཆས། མེ་ཟོན་དུ་བ་ཚོར་ཤེས། གློག་སྒུལ་སྦག་སྦག་རྐུ་ཟོན་བཅས་ལས་རིགས་4ཡི་ནང་ཁྲི་ཚོ་སྟོང་རིམ་པའི་གཞི་ཁྱོན་འབྲེལ་མཐུད་ཐུབ་པ་ལ་སོགས་ནི་གསར་འགོད་པར“2021ལོའི་ཅང་ཤིས་རྒྱལ་སྤྱིའི་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱའི་དངོས་མང་སྟོན་ཚོགས”ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་རེད།

    རང་རྒྱལ་གྱིས་NB-IoTདང་4Gདང་5Gམཐུན་སྦྱོར་འཕེལ་རྒྱས་ཀྱི་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱའི་ཕྱོགས་བསྡུས་སྐྱེ་ཁམས་མ་ལག་འཛུགས་རྒྱུ་ཡིན་པ་བཏོན་ཡོད། བཟོ་འཕྲིན་པུའུ་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་གཞོན་པ་ལིའུ་ཡུས་ལིན་གྱིས་ཚོགས་འདུའི་ཐོག་རྨང་གཞིའི་སྒྲིག་བཀོད་ནས་བལྟས་ན། NB-IoTཡིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་། ཤང་། གྲོང་རྡལ་བཅས་གཙོ་བོ་ཡན་གྱི་ས་ཁོངས་སུ་བསྟུད་མར་ཁྱབ་པ་དང་། 4Gདྲ་རྒྱ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པ། 5Gདྲ་རྒྱ་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་། རྫོང་གྲོང་97%ལྷག་ཙམ། ཤང་གྲོང་40%བཅས་ལ་ཁྱབ་ཡོད། ཟླ་དགུ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར་13.6ཟིན་པ་དེ་ན་ནིང་གི་ལོ་མཇུག་ལས་19%འཕར་ནས་རིག་ནུས་བཟོ་སྐྲུན་དང་། རིག་ལྡན་འགྲིམ་འགྲུལ། རིག་ལྡན་སྤྱི་པའི་བྱ་གཞག་བཅས་བེད་སྤྱོད་ཁྱབ་ཁོངས་གཙོ་བོ་ཆེ་ཁག་གསུམ་ཆགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།