འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

CHARU迦入 CHARU 2021-10-08 16:54
汉语版

点击图片阅读

世界游牧运动会 ▎The Remote World of Nomads

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་གི་ལད་ཟློས་དམག་འཁྲུག། 
པར་བ། Sergei Ponomarev

འགོ་ཚུགས་མཛད་སྒོའི་ཐོག་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་བུད་མེད། 

པར་བ། Viktor Drachev/TASS


རྟ་ཐོག་གི་སྦེ་གའི་འགྲན་བསྡུར། 
པར་བ། Sergei Ponomarev

རྟ་ཐོག་གི་མདའ་འཕེན་བཀྲབས་མི། 
པར་བ། Viktor Drachev/TASS


མདའ་འཕེན་འགྲན་བསྡུར། 
པར་བ། EllaMackPhotos


རྟ་ཐོག་གི་བཀྲབས་མི། 
པར་བ། 7Alex Reynolds

ལུས་ལ་གནའ་བོའི་གྱོན་ཆས་གྱོན་པའི་མདའ་པ། 

པར་བ། Viktor Drachev/TASS


ན་གཞོན་ཚོས་སྤོ་ལོ་འགྲན་བསྡུར་བྱེད་བཞིན་པ། 
པར་བ། Viktor Drachev/TASS

རྟ་རྩལ་པས་རྟ་ཐོག་ནས་རྩལ་ལག་འཁྲབ་སྟོན་བྱེད་བཞིན་པ། 
པར་བ། Viktor Drachev/TASS


资料来源 |factsanddetails.com

theguardian.com

behzadlarry.com

dianebarker.net

编辑:普桑加

翻译:普桑加

校对:刘时




འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས། 
པར་བ། Ninnu Koskenalho

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་ཨེ་ཤེ་ཡ་དབུས་མའི་འབྲོག་པའི་མི་རིགས་ལ་ཆེད་དུ་དམིགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པ་དང་ལོ་གཉིས་ལ་ཐེངས་གཅིག་རེར་འཚོགས་བཞིན་ཡོད། རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་གཞན་དག་དང་བསྡུར་ན་འདི་ནི་འཛམ་གླིང་ཐོག་འབྲོག་པ་མི་རིགས་ཀྱི་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཚུད་པའི་ལུས་རྩལ་འགྲན་ཚོགས་གཅིག་པུ་དེ་ཡིན། 


༢༠༡༤ལོར་ཅིར་ཅི་སི་སི་ཐན་དུ་འཚོགས་པའི་སྐབས་དང་པོའི་འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།


འབྲོག་པའི་མི་རིགས་ནི་རྟ་ཐོག་གི་མི་རིགས་ལ་གོ་ཞིང་། འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་མང་པོ་ཞིག་རྟ་དང་འབྲེལ་བ་ཡོད་པ་དང་རྟ་རྒྱུག་ལ་དཔེ་བལྟས་ནས་ལམ་ཐག་རིང་བའི་རྟ་རྒྱུག། (སྤྱི་ལེ༨༠) ལམ་ཐག་ཐུང་བའི་རྟ་རྒྱུག། (སྤྱི་ལེ༡༡) ཐོ་རུའི་རྟ་རྒྱུག་(སྤྱི་ལེ༡༡)བཅས་རིགས་གསུམ་དུ་དབྱེ་ཡོད། གནའ་བོའི་སྲོལ་རྒྱུན་གྱི་འགྲན་བསྡུར་སྒྲིགས་ལམ་བརྩི་སྲུང་བྱེད་པ་ཡང་དེང་རབས་རྟ་རྩལ་ལུས་རྩལ་དང་ཧ་ཅང་མི་འདྲ་སྟེ། རྟ་རྒྱུག་འགྲན་བསྡུར་ལས་གཞན་ལུས་རྩལ་འགྲན་ཚོགས་ཐོག་ད་དུང་རྟ་ཐོག་ནས་མདའ་འཕེན་པ་དང་རྟ་ཐོག་ནས་ཤུགས་འགྲན་པ། རྟ་ཐོག་ནས་འཕང་མདུང་འཕེན་པ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད། དེའི་ནང་ནས་རྟ་ཐོག་ནས་ཤུགས་འགྲན་པ་ནི་ཅིར་ཅི་སི་སི་ཐན་གྱི་སྲོལ་རྒྱུན་གྱི་རྟ་ཐོག་ནས་ལག་འཛིང་བྱེད་པའི་རྣམ་གྲངས་ཤིག་ཡིན་ཞིང་། གནའ་རབས་འབྲོག་པའི་མི་རིགས་ཀྱི་དམག་དོན་བྱེད་སྒོ་ནས་རིམ་འགྱུར་བྱུང་བ་ཞིག་རེད། 

འགྲན་ཞུགས་བཀྲབས་མི། 
པར་བ། Shutterstock

འགྲན་ཞུགས་པ་རྟ་ལ་ཞོན་ནས་བང་རྩལ་འགྲན་བཞིན་པ། 
པར་བ། Viktor Drachev/TASS

དང་ཐོག་འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་ཅིར་ཅི་སི་སི་ཐན་དང་ཧ་སག་སི་ཐན། ཝུའུ་ཙི་པིའེ་ཁེ་སི་ཐན་དང་ཐུའུ་ཁུའུ་མན་སི་ཐན། ཐུར་ཁེ། ཨ་སེ་པའེ་ཅང་བཅས་རྒྱལ་ཁབ་ཁ་ཤས་ཀྱི་མཉམ་ལས་ནང་རྐྱེན་ཁྲོད་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རོགས་རམ་འོག་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ཕར་འགྲོ་ཚུར་འོང་གི་ཉམས་མྱོང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་མཐོང་རྒྱ་དེ་འཛམ་གླིང་ཁྱབ་ཁོངས་ནང་གི་འབྲོག་པའི་མི་རིགས་ཀྱི་ཤེས་རིག་དར་འབྱེད་དུ་བཏང་ཡོད། འདི་ཡང་ཏག་ཏག་འགྲན་སྡུར་འདི་སྤེལ་བའི་ཐོག་མའི་བསམ་འདུན་དང་མཐུན། འབྲོག་པའི་མི་རིགས་ཀྱི་ཤེས་རིག་ནི་ཐན་སྐྱོན་དང་ཕྱེད་ཐན་སྐྱོན་ས་ཁུལ་ནས་གསོ་སྐྱོང་བྱས་པའི་མིའི་རིགས་ཀྱི་ཤེས་རིག་ཞིག་ཡིན་ལ། འབྲོག་པའི་ཤེས་རིག་དང་རི་དྭགས་རྔོན་པའི་ཤེས་རིག། རྨོ་འདེབས་ཤེས་རིག་ཚང་མ་མིའི་རིགས་ཀྱི་ཤེས་རིག་གི་གཅེས་ནོར་ཡིན། 

པར་བ། Alex Reynolds


དེང་རབས་ཀྱི་འབྲོག་པའི་མི་རིགས། 



སོག་པོའི་འབྲོག་པའི་མི་རིགས།

གནའ་ནས་བཟུང་། རུ་བ་སྐྱས་སྤོ་བྱེད་པ་ནི་སོག་པོའི་འཚོ་བ་རོལ་སྟངས་ཤིག་ཡིན། དུས་ཚིགས་རེ་རེར་ཁོ་ཚོ་ས་ཆ་གཞན་དུ་རུ་བ་སྤོས་ནས་འཚོ་བ་རོལ་བཞིན་ཡོད། སོག་པོའི་འབྲོག་པའི་མི་རིགས་ཀྱི་ཕྱུགས་ཟོག་ལ་ར་ལུག་དང་རྟ། བ་གླང་། རྔ་མོང་སོགས་ཡོད། 


ཨུ་རུ་སུ་དང་ཀྲུང་གོ། ཧ་སག་སི་ཐན་བཅས་ཀྱི་བར་དུ་གནས་ཡོད་པ་དང་སོག་པོའི་ནུབ་ཕྱོགས་ཀྱི་པ་ཡན་ཨོར་ཀའེ་ཞིང་ཆེན་ལ་ཨེ་ཤ་ཡ་དབུས་མའི་བདེ་ཐང་གི་འཚོ་བའི་ཤུགས་རྐྱེན་ཐེབས་པ་ལས་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་སོག་པོའི་རྩྭ་ཐང་རྒྱ་ཆེན་པོ་ཞིག་མིན།  


སོག་པོའི་དགུན་ཁའི་འབྲོག་ས། 
པར་བ། Tariq Sawyer


སོག་པོའི་དགུན་ཁའི་འབྲོག་ས། 
པར་བ། Tariq Sawyer


ཕྱུགས་རྫི། 
པར་བ། Tariq Sawyer


ཕྱུགས་རྫི། 
པར་བ། Tariq Sawyer

དྲོད་ཚད་ཇེ་དམའ་རུ་སོང་བ་དང་བསྟུན་ནས་ཁ་བ་བབས་ནས་ས་གཞི་གཡོགས་པ་དང་དགུན་ཁ་ནི་ཡ་ང་བའི་དུས་སྐབས་ཤིག་ཡིན། སྒོ་ཕྱུགས་བཟའ་ཆས་གཙོ་བོར་གྱུར་ནས་ཡོང་འབབ་དང་སྐྱེལ་འདྲེན་ཡོང་ཁུངས་གཙོ་བོར་བྱེད་པའི་འབྲོག་པའི་མི་རིགས་ཤིག་ལ་མཚོན་ན་ཁོ་ཚོས་ངེས་པར་དུ་གྲང་ངར་ལ་གཡོལ་བའི་ས་ཆ་ཞིག་ཡོད་པར་ཁག་ཐེག་བྱེད་དགོས། ཁ་བ་ཆེན་པོ་འབབ་སྐབས་སྔར་བཞིན་ཕྱུགས་འཚོ་ཐུབ་པའི་ཆེད་དུ་ཕྱུགས་ཁྱུ་དག་གཟན་ཆག་འདང་བའི་ས་ཆར་རུ་བ་སྤོར་དགོས། 


ཕྱུགས་རྫི། 
པར་བ། Tariq Sawyer

ཕྱུགས་རྫི། 
པར་བ། Tariq Sawyer

སོག་པོའི་འབྲོག་པའི་མི་རིགས་རྟག་པར་ས་ཆ་གཞན་དུ་རུ་བ་སྤོ་དགོས་པའི་རྐྱེན་གྱིས་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཐོག་འཚོ་བ་རོལ་བཞིན་ཡོད་ལ། རྟ་ནི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་རུ་གྱུར་ཡོད། སྲོལ་རྒྱུན་ཐོག་སྐྱེས་པ་རྟ་ལ་ཞོན་པ་དང་བུད་མེད་རྟ་ལ་ཞོན་པའམ་ཡང་ན་ཁལ་ཕྱུགས་ཀྱི་སྟེང་དུ་ཞོན། རྔ་མོང་དང་འབྲི་གཡག། ཤིང་རྟ་འཁོར་ལོ་བཅས་ནི་སྲོལ་རྒྱུན་གྱི་སྤོ་འགུལ་བྱས་ཆོག་པའི་རྒྱུ་ནོར་ས་གདན་དང་སླ་ང་། དཀར་ཡོལ། སྡེར་མ། སྒྲོམ། ཐབ་ཀ་སོགས་གནས་སྤོ་སྐབས་བེད་སྤྱོད་བྱེད་བཞིན་ཡོད། སོག་པོའི་ཕྱུགས་འཚོ་བའི་འཚོ་བ་སྐྱེལ་སྟངས་ཧ་ཅང་དངོས་དོན་གཉེར་བ་དང་མཐུན་ལ། སྲོལ་རྒྱུན་དང་དེང་རབས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་དོ་སྙོམས་བྱུང་བ་དེས་ཁོང་ཚོའི་འཚོ་བ་དེ་བས་བློ་བདེ་བག་ཕེབས་དང་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད། 


ཧ་སག་སི་ཐན་གྱི་འབྲོག་པའི་མི་རིགས།

ཧ་སག་རིགས་ནི་གནའ་བོའི་མི་རིགས་ཤིག་ཡིན་ཞིང་། དེའི་གྲུབ་ཆ་གཙོ་བོ་ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ནུབ་མར་ཡོད་ལ། གཙོ་བོ་ཧ་སག་སི་ཐན་དང་ཀྲུང་གོ། ཨུ་རུ་སུ། ཝུའུ་ཙི་པིའེ་ཁེ་སི་ཐན། ཐུར་ཁེ། སོག་པོ་སོགས་རྒྱལ་ཁབ་ཏུ་ཁྱབ་ཡོད། 

ཧ་སག་གི་འབྲོག་པ་སྟོན་སར་རུ་བ་སྤོ་བཞིན་པ། 

འདྲ་པར་ཡོང་ཁུངས། རྒྱལ་སྤྱིའི་ཡུལ་སྐོར་པར་ལེན་དྲ་བ།


ཧ་སག་རིགས་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་འབྲོག་པའི་མི་རིགས་ཀྱི་གྲས་ཤིག་ཡིན་ལ། ཁོང་ཚོ་དཔའ་ངར་ཆེ་བ་དང་གླུ་ལེན་གར་འཁྲབ་ལ་མཁས་པ། རྟ་རྩལ་ཁྱད་དུ་འཕགས་པས་ད་ལྟ་སྔར་བཞིན་གདོད་མའི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཧ་སག་ནི་ཀྲུང་གོའི་གནའ་རབས་ཀྱི་ཧི་སདང་ཨ་སཡང་ན་ཁུ་སཡི་མིང་མི་འདྲ་བ་ཡིན། མི་ལ་ལས་ཧ་སག་ནི་འཐབ་འཛིང་པདང་རང་དབང་གི་མི” ཁ་བྲལ་མཁན་བཅས་ཡིན་ཞེས་འགྲེལ་བཤད་བརྒྱབ་ཡོད།  ལྷ་སྒྲུང་ལྟ་བུའི་དམངས་ཁྲོད་ཀྱི་ངག་རྒྱུན་ནང་ཧ་སགཞེས་པའི་གོ་དོན་ནི་ངང་པ་དཀར་པོཞེས་པའི་དོན་ཡིན་ཟེར། མིང་འདིའི་ཐོག་ནས་ཧ་སག་རིགས་འདུས་སྡོད་དང་རུ་བ་སྤོ་བའི་སྲོལ་རྒྱུན་མཚོན་ལ། ཧ་སག་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པའི་འབྲོག་པའི་རིག་གནས་དེ་ལོ་གཅིག་གི་དུས་ཚིགས་བཞི་པོའི་“རུ་སྤོའཚོ་བའི་ཁྲོད་གཅིག་བསྡུས་ཐོག་མངོན་ཡོད།


ཧ་སག་གི་ཕྱུགས་རྫི། 


མི་ལ་ལས་འཇིག་རྟེན་སྟེང་ལམ་དུ་བགྲོད་མཁན་ཆེས་མང་བ་དང་འཇིག་རྟེན་སྟེང་རུ་སྤོ་བྱེད་པར་བརྩོན་མཁན་ཡང་ཧ་སག་རིགས་རེད་ཟེར། འབྲོག་པ་ཚོས་རང་གི་རྐང་པ་གཉིས་ལ་བརྟེན་ནས་ཁ་བས་གཡོགས་པའི་ས་རྒོད་ལུང་སྟོང་དུ་བསྐྱོད་པ་དང་། རྟ་ནི་ཁོ་ཚོའི་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་ཡིན་པ་དང་དེས་ཧ་སག་རིགས་ཀྱི་ལོ་བརྒྱའི་སྲོལ་རྒྱུན་ཐེག་ཡོད།


ལ་དྭགས་བྱང་པ་རྫོང་། 

བྱང་པའི་སྦྲ་གུར་ནང་གི་བུད་མེད། 
པར་བ། Behzad J.Lry


བྱང་པའི་འབྲོག་པ། 
པར་བ། Behzad J.Lry


བྱང་པའི་འབྲོག་པ། 
པར་བ། Behzad J.Lry


བྱང་པའི་ཕྱུགས་རྫི། 

པར་བ། Behzad J.Lry


ལ་དྭགས་བྱང་པའི་སྦྲ་གུར། 
པར་བ། Behzad J. Larry


བྱང་པའི་སྦྲ་གུར། 
པར་བ། Behzad J. Larry


བྱང་པའི་སྦྲ་གུར་དང་ལུག་ཁྱུ། 
པར་བ། Behzad J. Larry


ལ་དྭགས་ས་ཁུལ་གྱི་ཕྱུགས་རྫི། 
པར་བ། Behzad J. Larry


ལ་དྭགས་ས་ཁུལ་གྱི་ཕྱུགས་རྫི། 

ར་བ། Behzad J. Larry


ལ་དྭགས་ས་ཁུལ་གྱི་ཕྱུགས་རྫི། 

པར་བ། robertvankoesveld


ལ་དྭགས་ས་ཁུལ་གྱི་ཕྱུགས་རྫི། 

པར་བ། robertvankoesveld


ལ་དྭགས་ས་ཁུལ་གྱི་ཕྱུགས་རྫི། 

པར་བ། robertvankoesveld


རྒྱ་གར་གྱི་ཧི་མ་ཅཱལ་མངའ་སྡེའི་ཡུལ་ལྗོངས་རི་མོ་ལྟར་མཛེས་པའི་ལ་དྭགས་ཁུལ་བྱང་པ་གྲོང་རྡལ་ནི་སྔོ་ཐིང་ཐིང་གི་ར་ཝི་ལུང་གཞུང་དུ་ཆགས་ཡོད། འཇིག་རྟེན་རྙིང་པའི་ཡིད་དབང་འཕྲོག་ཤུགས་ཁྲོད་ཁྲུས་བྱེད་པའི་རང་བྱུང་གི་ལྷ་ཡུལ་ཞིག་དང་ཀུན་ནས་མཚུངས། བྱང་པ་ནི་ལ་དྭགས་ཁུལ་ཤར་ལྷོའི་རྒྱུད་ནས་ཀྲུང་གོའི་བོད་ཡུལ་གྱི་ནུབ་བྱང་རྒྱུད་བར་སྤྱི་ལེ་༡༦༠༠བར་མུ་འབྲེལ་ནས་ཆགས་ཡོད། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༤༥༠༠ཡིན། ས་གཞི་སྡུག་ཆགས་དེ་ཁྱིམ་དུ་བརྩི་བཞིན་པའི་འབྲོག་པའི་མི་རིགས་ལ་བྱང་པ་བའམ་བྱང་ཕྱོགས་ཀྱི་མི་ཞེས་འབོད་བཞིན་ཡོད། ཁོ་ཚོའི་མིང་ཡང་ས་ཁུལ་འདི་ནས་བྱུང་བ་ཡིན་ལ། དེ་རང་སྟེང་གི་ནང་དོན་ནི་བྱང་ཕྱོགས་བདེ་ཐང་ལ་གོ། 

མཁར་ནག་འབྲོག་པའི་མི་རིགས།

ལ་དྭགས་མཁར་ནག་གི་འབྲོག་པ། 
པར་བ། Ronald Patrick

རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་ཁུལ་གྱི་ཐག་རིང་ལུང་ཁུག་གི་བདེ་ཐང་མཐོན་པོའི་སྟེང་དུ་དེ་སྔ་མཁར་ནག་འབྲོག་པའི་ཁྱིམ་ཚང་༡༢༠ལས་གྲུབ་པའི་སྡེ་ཁུལ་ཞིག་ཡོད། ཁོ་ཚོས་ཁུ་ལུ་དང་ལུག་བལ་གྱི་ལས་ཀ་གཉེར་ནས་དུས་རབས་འགའ་ལ་ཚོང་ལས་གཉེར་མྱོང་། གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པ་དང་དེ་བཞིན་བདེ་ཐང་དང་སློབ་གསོ་སོགས་གཞི་རྩའི་ཞབས་ཞུ་དཀོན་པའི་དབང་གིས་ཁྱིམ་ཚང་མང་ཆེ་བ་ཕ་ཡུལ་དང་ཁ་བྲལ་ཏེ་གྲོང་ཁྱེར་དུ་རུ་བ་སྤོ་བའི་བརྒྱུད་རིམ་དེ་ད་ལྟའི་བར་དུ་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱུན་བསྐྱངས་ནས་ཡོང་པ་ཡིན་ལ། ད་ལྟ་དུད་ཁྱིམ་བཅུ་དྲུག་ལྷག་མཁར་ནག་དུ་བསྡད་ཡོད་པ་དང་མི་མང་ཆེ་བ་ནི་རྒན་པ་དག་ཡིན། 

བོད་ཡུལ་གྱི་འབྲོག་པའི་རིག་གནས།

བོད་ཡུལ། 

པར་བ། Alberto Garoffolo


བོད་ཡུལ་གྱི་འབྲོག་པའི་མི་རིགས་ནི་བོད་ཡུལ་རིག་གནས་ཀྱི་སྲོག་ཤིང་དང་བླ་སྲོག་ལྟ་བུ་ཡིན། དེ་སྔ་དུས་ནམ་ཞིག་ལ་མདོ་དབུས་མཐོ་སྒང་གི་མཐོ་སར་འབྲོག་པའི་མི་རིགས་ཀྱིས་ཁོང་ཚོའི་ནོར་གནག་དེད་ཡོང་ནས་ས་གཞི་འདིའི་ཐོག་ནས་ཕྱིར་ཡན་བྱེད་པ་དང་དམིགས་བསལ་གྱི་ས་ཆ་མེད་པར་ཁྱིམ་ཞེས་བརྗོད་ཆོག་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཡུལ་འཁྱར་བྱེད་བཞིན་ཡོད། གནའ་བོའི་འབྲོག་པ་འདི་དག་གིས་འབྲོག་ས་ཞིག་ནས་འབྲོག་ས་གཞན་ཞིག་ཏུ་རུ་བ་སྤོས་ནས་མཐོ་སྒང་སྟེང་དུ་སྒར་བརྒྱབ་ནས་ནོར་གྱི་རྩིད་པས་བཟོས་པའི་སྦྲ་གུར་ནང་འབྲོག་པའི་མི་རིགས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། 

བོད་ཡུལ་གྱི་འབྲོག་པས་ནོར་ཁྱུ་རུ་བ་སྤོ་བཞིན་པ། 
འདྲ་པར་ཡོང་ཁུངས། exploretibet.com


བོད་ཡུལ་གྱི་འབྲོག་པ། 
འདྲ་པར་ཡོང་ཁུངས། topodesigns.com


བོད་ཡུལ་གྱི་འབྲོག་པ། 
འདྲ་པར་ཡོང་ཁུངས། topodesigns.com

ལོ་ངོ་སྟོང་ཕྲག་རིང་ནས་བཟུང་འབྲོག་པའི་མི་རིགས་དེ་དག་གིས་ཁོང་ཚོའི་ནོར་ཁྱུ་རུ་བ་སྤོ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁོང་ཚོའི་འབྲོག་སར་ཡང་འགྱུར་ལྡོག་འགྲོ་བཞིན་འདུག། དབྱར་ཁར་ཁོ་ཚོས་ཅུང་མཐོ་བའི་ས་ཁུལ་གྱི་ཕྱུགས་ར་ནས་ནོར་ལུག་འཚོ་བཞིན་ཡོད་པ་དང་གནམ་གཤིས་གྲང་དུ་ཕྱིན་པ་དང་ཆབས་ཅིག་འབྲོག་པའི་མི་རིགས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་འཚོའི་ལམ་ཐིག་བརྒྱུད་རྒྱ་མཚོའི་ངོས་ལས་མཐོ་ཚད་ཅུང་དམའ་བའི་དགུན་དུས་ཀྱི་འབྲོག་སར་བསྐྱོད་བཞིན་ཡོད། ཁོ་ཚོ་ཕྱིར་ཡན་ལ་འགྲོ་བའི་ཚད་བཀག་ཉག་གཅིག་ནི་ཧི་མ་ལ་ཡའི་རི་རྒྱུད་མཐོན་པོ་དང་གཏིང་ཟབ་པའི་གྲོག་རོང་དང་གནམ་གཤིས་ཡིན་ལ། འབྲོག་པའི་འཚོ་བ་རོལ་སྟངས་འདི་རིགས་ནི་རང་བྱུང་ཁམས་དང་འོས་ཤིང་འཚམ་པ་ཞིག་ཡིན་ལ། གནམ་གཤིས་འགྱུར་ལྡོག་ཆེ་བའི་རྐྱེན་གྱིས་ཁོ་ཚོས་ནོར་ཁྱུ་དང་ལུག་ཁྱུ་རུ་བ་སྤོས་ནས་འབྲོག་ས་གསར་བ་ཞིག་འཚོལ་དགོས། མི་རབས་མང་པོ་ནས་བཟུང་བོད་ཡུལ་གྱི་འབྲོག་པའི་མི་རིགས་ཀྱི་ས་ཆ་དང་ཁོང་ཚོས་གསོ་སྐྱོང་བྱས་པའི་ཕྱུགས་རིགས་དབར་འབྲེལ་བ་དམ་པོ་ཞིག་བཙུགས་ཡོད། 


བོད་ཡུལ་གྱི་འབྲོག་པ། 
པར་བ། Diane Barker 

ཕྱུགས་རའི་སྐྱེ་ཁམས་རིག་པ་བ་Daniel Millerལགས་ཀྱི་གསུངས་རྒྱུར་བོད་ཡུལ་གྱི་འབྲོག་པའི་མི་རིགས་ལ་ཁྲོམ་རའི་སྟོབས་ཤུགས་སམ་འཛད་སྤྱོད་རིང་ལུགས་པས་འདོད་རྔམ་གྱི་སྐུལ་མ་སོགས་མ་ཐེབས་པར་འཚོ་བ་སྟབས་བདེ་ཞིག་སྐྱེལ་པ་ལས་གྲོང་ཁྱེར་དུ་གཏན་སྡོད་བྱས་མེད་ལ། སྲོལ་རྒྱུན་ཐོག་ནོར་གནག་(ལུག་དང་ར་མ་ཡང་ནང་དུ་འདུས།གིས་འབྲོག་པ་ཚོར་ཁོང་ཚོའི་དགོས་མཁོ་ཆེ་བའི་ཟ་མ་དང་གྱོན་གོས། སྦྲ་གུར། ཀོ་བའི་ཁུག་མ། ལྕི་བ་སོགས་མཁོ་འདོན་བྱེད་བཞིན་ཡོད། དགོས་མཁོ་གཞན་དག་དཔེར་ན་རྩམ་པ་དང་གྲོ་ལ་བོད་རིགས་འབྲོག་པ་ཚོས་མཉམ་ལས་ཁང་ཆུང་གྲས་ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་ཏེ་ཞིང་པ་དང་ཚོང་ཟོག་བརྗེ་རེས་ཀྱི་ཉོ་ཚོང་བྱེད་བཞིན་ཡོད། 

བོད་ཡུལ་གྱི་འབྲོག་པ། 
པར་བ། Diane Barker 


བོད་ཡུལ་གྱི་འབྲོག་པ། 

པར་བ། Diane Barker 


བོད་ཡུལ་གྱི་འབྲོག་པ། 

པར་བ། Geoffbrowne


བོད་ཡུལ་གྱི་འབྲོག་པ། 

པར་བ། Geoffbrowne


བོད་མི་ཚོས་ས་གཞི་འདི་བླ་ན་མེད་པ་ཞིག་ཡིན་པ་དང་སའི་གོ་ལར་སྲུང་སྐྱོང་བྱེད་མཁན་གྱི་སྙིང་སྟོབས་ལས་བྱུང་བ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། (སའི་གོ་ལར་བརྩི་འཇོག་བྱེད་པ་ལས་ཕོག་ཐུག་གཏོང་མི་རུང་བ།) དེའི་ཐོག་ནས་ཀྱང་ཁོང་ཚོས་ཁོར་ཡུག་ལ་ཚོར་བ་སྐྱེན་པོ་དང་སྲུང་སྐྱོང་བྱེད་པ་མཚོན་བཞིན་ཡོད། ཡིད་སྐྱོ་བ་ཞིག་ལ་བཟོ་ལས་ཅན་དུ་འགྱུར་བཞིན་པའི་འཇིག་རྟེན་དུ་ང་ཚོའི་སྔ་མོ་ནས་སའི་གོ་ལ་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པའི་འདུ་ཤེས་དེ་དོར་འདུག། ང་ཚོས་དེ་གསར་སྤེལ་དང་འཕྲོག་བཅོམ་བྱས་ནས་དེ་ནི་ཚད་མེད་ཀྱི་ཐོན་ཁུངས་ཤིག་ཡིན་པར་བསམ་བཞིན་ཡོད། གལ་ཏེ་ང་ཚོས་འབྲོག་པའི་མི་རིགས་དང་བོད་རིགས་ལ་སློབ་སྦྱོང་བྱས་ཚེ་ང་ཚོས་རང་ཉིད་ཀྱིས་བསྒྲུབས་བཞིན་པའི་ཨ་མ་དང་འདྲ་བའི་སའི་གོ་ལར་འབྲེལ་བ་ཡོད་པའི་བྱ་བ་མཐའ་དག་ལ་བསམ་བློ་ཞིབ་ཕྲ་གཏོང་སྲིད། ང་ཚོས་ང་ཚོ་དང་སའི་གོ་ལའི་བར་འབྲེལ་བ་དམ་པོ་ཡོད་པ་གཞི་ནས་བརྗེད་འདུག། ཡིད་སྐྱོ་བ་ཞིག་ལ། དུས་རབས་འདི་ལ་ཕན་ཚུན་ཁ་འབྲལ་དགོས་པའི་འདུ་ཤེས་ཞིག་གི་ང་ཚོའི་གོ་ལ་ཧྲིལ་བོའི་འདུ་ཤེས་ལ་ཁ་ལོ་བསྒྱུར་སོང་། གལ་ཏེ་ང་ཚོས་སའི་གོ་ལའི་ཉེན་བརྡ་ལ་དོ་སྣང་མ་བྱས་ན་ཆུ་ལོག་དང་མེ་རི་འཕྱུར་བ། འཁྱགས་རོམ་ཞུ་བ། སྐྱེ་དངོས་ཀྱི་རིགས་རྩ་མེད་དུ་འགྲོ་བ་སོགས་མཇུག་མཐར་ང་ཚོ་ཡང་རྩ་མེད་དུ་འགྲོ་སྲིད།

བོད་ཡུལ། 
པར་བ། Diane Barker

ལུང་སྟོང་གི་མཐོ་སྒང་འདི་ནས་སྐྱེས་པའི་བོད་ཡུལ་གྱི་འབྲོག་པའི་མི་རིགས་དག་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་ལ་སྔོན་དཔག་བྱེད་ཐུབ་པ་དང་། བོད་ཡུལ་གྱི་འབྲོག་པའི་མི་རིགས་ལ་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ་ཕུད་ད་དུང་ལྷན་སྐྱེས་ཀྱི་སྤྲོ་སྣང་གི་སེམས་ཁམས་དང་མཛའ་མཐུན་གྱི་གཤིས་ཀ་ལྡན་ཡོད། ཡུལ་སྐོར་བ་ཚོས་རྟག་ཏུ་ཡ་མཚར་བའི་ངང་བོད་རིགས་འབྲོག་པའི་མི་རིགས་དང་མཉམ་དུ་ཇ་བསྲུབས་མ་འཐུང་ཞོར་དུ་ཁོང་ཚོ་དང་གླེང་མོལ་བྱེད་ལ། འདིས་ཀྱང་ཁོང་ཚོའི་གཏོང་ཕོད་ཆེ་བ་དང་མགྲོན་པོར་སྣེ་ལེན་ཡག་པོ་བྱེད་བཞིན་པའི་གོམས་སྲོལ་བཟང་བོ་དེ་ཤེས་ཐུབ། 

བོད་རིགས་འབྲོག་པས་རྩྭ་ཐང་སྟེང་ནས་ལོ་ངོ་སྟོང་ཕྲག་རིང་དུ་འཚོ་བ་བསྐྱལ་བ་དང་བོད་རིགས་བུད་མེད་ཀྱིས་མཐོ་སྒང་གི་འབྲོག་པའི་སྤྱི་ཚོགས་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་ལ། ཁོ་མོ་ཚོས་ཕྲུ་གུ་གཉོར་སྐྱོང་བྱེད་དགོས་པ་མ་ཟད་རྒྱུན་དུ་ཕྱུགས་རིགས་གསོ་སྐྱོང་དང་འོ་མ་བཞོ་བ། མར་བཟོ་བ་སོགས་ཁྱིམ་ཚང་གི་དུས་རྒྱུན་གྱི་ལས་ཀ་ལས་བཞིན་ཡོད། 

བོད་རིགས་བུད་མེད། 
འདྲ་པར་ཡོང་ཁུངས། greattibettour.com


 འབྲོག་ཁུལ་གྱི་བུད་མེད།  Diane Barker


བོད་ཡུལ་གྱི་འབྲོག་པའི་མི་རིགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི་ཁོང་ཚོ་དང་ཕྱུགས་རིགས་དབར་གྱི་ཞི་མཐུན་འབྲེལ་བ་དང་དེ་བཞིན་འབྲོག་པའི་མི་རིགས་དང་རང་བྱུང་ཁམས་དབར་འཆམ་མཐུན་མཉམ་གནས་བྱ་རྒྱུ་དེ་ཡིན། དེ་དང་ཆབས་ཅིག་འབྲོག་པའི་མི་རིགས་ཀྱིས་ས་མཐོའི་ཁོར་ཡུག་དང་འཚམ་པོ་ཡོང་ཆེད་དུ་ཁོང་ཚོས་སྐུད་འཁེལ་དང་བསླས་འཐག་གི་ལག་རྩལ་གསར་བཟོ་བྱས་ཡོད། འབྲོག་པའི་མི་རིགས་ཉེན་ཁར་མི་འཛེམས་པར་མདོ་དབུས་མཐོ་སྒང་དུ་ནོར་གནག་གསོ་ཚགས་བྱེད་པར་བསྐྱོད་པ་ནས་བཟུང་། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་སྐུད་འཁེལ་དང་བསླས་འཐག་ལག་རྩལ་ལ་བརྟེན་ནས་ཕྱུགས་ཟོག་གི་བལ་དང་རྩིད་པ་ལ་བརྟེན་ནས་སྦྲ་གུར་དང་གྱོན་ཆས། བལ་ཕྱར། རྟ་སྟན་སོགས་བཟོ་ཤེས་པ་དང་བསླས་འཐག་ལག་རྩལ་འདི་དག་ད་ལྟའི་བར་དུ་བེད་སྤྱོད་བྱེད་བཞིན་ཡོད།  

འབྲོག་པའི་སྦྲ་ནག་བཟོ་བཞིན་པ། 


འབྲོག་པའི་འཚོ་བས་རྒྱུན་དུ་རང་དབང་དང་ཡུལ་འཁྱར།
སྤྱི་ཚོགས་ལས་བརྒལ་བའི་འོས་འགན་མཚོན་ཡོད།
འབྲོག་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལྡན་པའི་རུ་སྤོ་ལམ་ཐིག་བརྒྱུད་ནས་
ཁྱིམ་ཚང་མི་འདྲ་བའི་འབྲོག་ས་དང་རྩྭ་ཐང་བར་དུ་རུ་སྤོ་བྱས།
ཁོ་ཚོ་ཁོ་ཚོའི་མེས་པོ་སོང་མྱོང་བའི་ལམ་གཅིག་ལ་སོང་ནས་
འཁོར་ཡུན་རང་བཞིན་གྱི་འགྲུལ་བཞུད་ཁྲོད་
ཁོ་ཚོའི་ལུག་ཁྱུ་དང་ནོར་གནག། རྟ་སོགས་རུ་སྤོར་བྱེད་བཞིན་པ་རེད། 

དབྱར་དུས་བོད་ཡུལ་གྱི་འབྲོག་ས། Kevin Frayer/Getty Images


གནའ་བོའི་སྲོལ་རྒྱུན་གྱི་འཚོ་བ་ནི་སྟབས་བདེ་ཞིང་ཡིད་ཚིམ་པའི་འཚོ་བ་ཞིག་ཡིན།




汉语版转自喀瓦坚公众号敬请关注




入秋设计师双色牦牛绒围巾

点击图片可进入小程序了解


【绛红之红】100%牦牛绒双色双面围巾


【松石之绿】100%牦牛绒双色双面围巾






往期文章

可点击图片阅读

བོད་ཀྱི་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་“ཨེར་མེ་སི།” བོད་ཡུལ་གྱི་སྒམ།

ཕྱི་རྒྱལ་གྱི་སྒྱུ་རྩལ་པས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།

རྨི་ལམ་ལག་བྲིས་མ།| སྒྱུ་རྩལ་པ་འབྲིང་བ་བཀྲ་ཤིས་དོན་གྲུབ།

背着相机的牧人 ▎摄影师贡布才让

པར་ཆས་འཁུར་བའི་འབྲོག་པ། ▎པར་བ་མགོན་པོ་ཚེ་རིང་།

སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
雪怪从不丹走来。

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།

གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།

从未见过的藏地民间收藏 ▎收废品到博物馆开创者


བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace



Modified on