འུ་ཚོ་ཚང་མའི་ལོ་སར་བཟང་།(བསྟན་པའི་ནོར་བུས་བླངས།)

刚坚少儿平台 刚坚少儿平台 2021-10-04 10:19

༄༅།། གངས་ཅན་བྱིས་པའི་སྤྱི་སྟེགས་ནི།ཆེད་དུ་བོད་ཁུལ་གྱི་ན་ཆུང་བྱིས་པ་དང་ལོ་ཆུང་ཁྱིམ་བདག་ཚང་མར་ཁ་གཏད་དེ་སྒྲུབ་ཀྱིན་པའི་སློབ་གསོ་དང་རིག་གནས་ཀྱི་སྟེགས་བུ་དགོས་མཁོ་ཅན་ཞིག་རེད། ཁྱིམ་བདག་དང་དགེ་རྒན་གྱིས་མིག་སྔར་དགའ་བསུ་དང་གདེང་འཇོག དང་ལེན་དང་རྒྱུས་མངའ་བྱེད་བཞིན་པའི་རིག་པའི་དགའ་ཚལ་ཞིག་ཀྱང་རེད། འདིར་བོད་ཀྱི་དམངས་སྲོལ་རིག་གནས་སྐོར་དང་ཡིག་ཐོག་ངག་ཐོག་གི་རིག་གནས་སྐོར། བོད་ཀྱི་བྱིས་པས་ཆུང་ངུ་ནས་ངེས་པར་ཤེས་འོས་པའི་ཤེས་བྱ་སྣ་མང་དང་བྱིས་གླུ་བྱིས་སྒྲུང་ཁེད་གནའ་གཏམ་བཤད་པ་བཏགས་པ་བཅས་འགོད་ཅིང་ཡོད་པས། ཡིད་འཇོག་དང་ཡིད་འཇགས་འཚལ།

འུ་ཚོ་ཚང་མའི་ལོ་སར་བཟང་།

ཚིག ཨ་རིག་མཁས་བཟང་། 

དབྱངས་དང་རོལ་མོ། ཤེར་བྷ།  

ལེན་མཁན། བསྟན་པའི་ནོར་བུ།  

སྒྲ་ལེན་པ། ཀླུ་རྒྱལ་ཐར། 

བརྙན་ལེན་པ། ཕག་མོ་བསོད་ནམས།

རྟེ་འུ་ཆུང་ཆུང་ལོ་སར་བཟང་། །
བེ་འུ་ཆུང་ཆུང་ལོ་སར་བཟང་། །
ལུ་གུ་ཆུང་ཆུང་ལོ་སར་བཟང་། །
ང་ནི་འབྲོག་ཕྲུག་ཆུང་ཆུང་ཡིན། །
རྟེ་འུ་རྩེད་རྩེད། བེ་འུ་རྩེད་རྩེད། ལུ་གུ་རྩེད་རྩེད།
འུ་ཚོ་ཚང་མ་ལོ་སར་བཟང་།
 
ཨ་མ་དྲེད་མོང་ལོ་སར་བཟང་། །
རི་བོང་བློ་ལྡན་ལོ་སར་བཟང་། །
ཕ་མའི་གནའ་གཏམ་ལོ་སར་བཟང་། །
ང་ནི་ཕ་མའི་གཅེས་ཕྲུག་ཡིན། །
དྲེད་ཕྲུག་ཆུང་ཆུང་། རི་བོང་ཆུང་ཆུང་། གནའ་གཏམ་ཆུང་ཆུང་།
འུ་ཚོ་ཚང་མ་ལོ་སར་བཟང་།
 
བོད་སྐད་གཙང་མ་ལོ་སར་བཟང་། །
བོད་ལྭ་ཆུང་ཆུང་ལོ་སར་བཟང་། །
བོད་ཡིག་དབྱངས་གསལ་ལོ་སར་བཟང་། །
ང་ནི་བོད་ཀྱི་བུ་ཆུང་ཡིན། །
བོད་སྐད་སིང་སིང་། བོད་ལྭ་ལྡེམ་ལྡེམ། བོད་ཡིག་ལྷང་ལྷང་།
འུ་ཚོ་ཚང་མ་ལོ་སར་བཟང་།


SUMMER

ཉིན་རེའི་གཏམ་དཔེ།

རང་ཐོག་ལ་དཔེ་བཞག་ནས།

གཞན་ཐོག་ལ་སྐད་ཆ་ཤོད།

ཉིན་རེའི་ཁེད།

ག་ར་མ་གུག་རུ་མ།

ཉིན་འགྲོ་མ་མཚན་འགྲོ་མ། (ཆུ་ཕྲན།)


༄༅།། གངས་ཅན་བྱིས་པའི་སྤྱི་སྟེགས།

Platform of Gangjian kids

刚坚少儿平台

                             

གངས་ཅན་བྱིས་པའི་སྤྱི་སྟེགས་ཀྱི་ཁ་ཕྱོགས་ས་གང་རེད།

བྱིས་པ་དང་འབྲེལ་ཞིང་བྱིས་པའི་ཕ་མར་ཁ་ཕྱོགས་པའི་ནང་དོན་གྱི་སྐོར་རེད།


གངས་ཅན་བྱིས་པའི་སྤྱི་སྟེགས་སུ་ཉིན་རེར་ཐེངས་ག་ཚོད་ལ་ནང་དོན་་སྤེལ་བཞིན་ཡོད།

ཉིན་རེར་ཐེངས་གཅིག་རེ་གཏོང་གི་ཡོད།


གངས་ཅན་བྱིས་པའི་སྤྱི་སྟེགས་ཀྱི་བྱིས་པའི་ན་ཚོད་ཀྱི་ཆ་ནས་དབྱེ་ན་ཁ་གཏད་ཡུལ་གང་རེད།

ཁྱོན་སྡོམ་བྱིས་སྐྱོང་གླིང་ནས་སློབ་ཆུང་གི་ལོ་ན་དགུའི་བར་གྱི་བྱིས་པ།


གངས་ཅན་བྱིས་པའི་སྤྱི་སྟེགས་ཀྱི་དམིགས་ཡུལ་གཙོ་བོ་གང་རེད།

བྱིས་པའི་ཕ་མ་དང་ཁྱིམ་བདག་གིས་བྱིས་པར་གངས་ཅན་བྱིས་པའི་སྤྱི་སྟེགས་ཀྱི་ནང་དོན་ཁག་ལ་བལྟ་རུ་འཇུག་པ་དང་།

རང་གིས་དེའི་སྐོར་ལ་དོ་སྣང་ངམ་སློབ་སྦྱོང་སོགས་བྱས་ཏེ་བྱིས་པར་ཁ་ཏ་སློབ་གསོ་གཏོང་བ།



བློ་རིག་བུང་བ་འགུགས་པའི་ཤེས་བྱའི་མེ་ཏོག་གི་ལྡུམ་ར་སྟེ། 

གངས་ཅན་བྱིས་པའི་སྤྱི་སྟེགས། 

ཁྱེད་ནི་འོད་སྣང་ལམ་ལམ་འཕྲོ་བའི་གསེར་གྱི་ཟམ་པ་དེ་ཡིན།

བློ་སྒོ་དལ་གྱིས་འབྱེད་པའི་རིག་པའི་ལྡེ་མིག་སྟེ། 

གངས་ཅན་བྱིས་པའི་སྤྱི་སྟེགས། 

ཁྱེད་ནི་བྱིས་པའི་བློ་རིག་ལ་གྱ་ཙེ་གོམ་ཙེ་སློབ་པའི་ཤེས་རབ་ཀྱི་མ་མ་དེ་ཡིན།

-------གངས་ཅན་བྱིས་པའི་སྤྱི་སྟེགས།

            ཟླ་བ་འོད་ཟེར་གྱིས 2020.03.10 ཕུལ།