གླང་ཆེན་གིའུ་ཝང་།(སྐྱོ་བྲག་དགའ་དབང་།)

觉拉 Today

གླང་ཆེན་གིའུ་ཝང་། 

སྐྱོ་བྲག་དགའ་དབང་།

ཡུལ་སྐྱོ་བྲག་གི་སྨན་པ་ཉི་ཤར་དང་གླེང་མོལ་བྱེད་པ་ན། ཁོང་གིས། གླང་ཆེན་གིའུ་ཝང་ནི་བཤད་ཡམས་ཙམ་ཡིན་པ་འདྲ། དོན་དངོས་གླང་ཆེན་ལ་མཁྲིས་ཁུའི་སྣོད་ཀྱང་ཡོད་ནི་མ་རེད། ཟེར། བདག་ནི་ཐོས་ལོ་ཙམ་ལས་ཞིབ་འཇུག་མ་མྱོང་བའི་ཕྱིར་འཐོམ་བྱུང་། 

     ད་གཟོད་བརྩད་ཞིབ་བགྱིས་པ་ན། གླང་ཆེན་ལ་མཁྲིས་སྣོད་སྤྱི་མཚུངས་ཤིག་མེད་པ་བདེན་དུ་ཆུག །མཁྲིས་ཁུ་ནི་རྒྱུ་མའི་ཆ་ཤས་ཤིག་ན་ཡོད་ཅིང་། གཟན་ཆས་མང་པོ་བཟའ་བས་མཁྲིས་ཁུ་ཡང་མང་པོ་འབྱུང་བ་དང་། གིའུ་ཝང་ནི་གྲོད་པའི་ནང་ན་ཆགས་པ་སྟེ། 

     དཔེར་ན། སྤྱི་ལོ་ 2021 ཟླ་ 4 ཚེས་ 7 ཉིན་གྱི་གསར་འགྱུར་ཞིག་ཏུ་འཁོད་པ་ལ། ཐེ་ལན་ཌིའི་Thailand རྒྱལ་ཁབ་ཀྱི་གླང་པོ་ཆེ་མིང་། སའི་ཐོང་ Sai Thong ཟེར་བ་ཞིག་ལ། ཕྱུགས་སྨན་པ་ཉི་ཤུ་ལྷག་གིས་བཤག་བཅོས་ཆུ་ཚོད་དྲུག་བྱས་ཏེ་བཏོན་པའི་གིའུ་ཝང་རྡོག་པོ་གཅིག་གི་ལྗིད་ཚད་ལ། སྤྱི་རྒྱ་ 1.7kg ཡོད་པར་བཤད་གདའ་འོ། །

སྐྱོ་བྲག་འཕྲིན་སྟེགས།

ཡུལ་སྐྱོ་བྲག་གི་གནས་བླ་མ་དང་། སྡེ་དགོན་གྱི་ལོ་རྒྱུས། ད་དུང་གོང་མའི་སྒྲུབ་གནས། དམ་པའི་ཞལ་གདམས། མཁས་པའི་ལེགས་བཤད་སོགས་གཏོང་གིན་ཡོད་ན།  ཚང་མས་རྒྱབ་སྐྱོར་ཡོད་པ་ཞུའོ། །     609848664@qq.com

གཤམ་གྱི་阅读原文ཞེས་པའི་ཐོག་མནན་ན་སྔར་སྤེལ་བའི་བརྩམས་ཆོས་བཀླག་ཐུབ།


Read more