༄༅།།རྨ་ཡུལ་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་ཡུལ་སྐོར་དུས་སྟོན།

主办方 格萨尔王狮龙宫殿 2021-09-23 19:35
Image
Image
Image


    

༄༅།།བོད་རབ་རྒྱན་ལྕགས་མོ་གླང་གི་ལོའི་རྨ་ཡུལ་ཕོ་བྲང་

སེང་འབྲུག་སྟག་རྩེའི་རིག་གནས་ཡུལ་སྐོར་དུས་སྟོན།  


 གཡུ་ལུང་སུམ་མདོའི་དགྱེས་འཛོམས།


2021年玛域格萨尔狮龙宫殿旅游文化节

(欢聚玉隆松多)




Image


༄༅།།  དེ་ཡང2019ལོར༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས༽{གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་མཐོང་ཆེན་དང་།  གེ་སར་སྒྲུང་ལ་སོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་རྒྱབ་སྐྱོར་དང་རོགས་རམ་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བཅས་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས}ཞེས་པ་དང་། 2021ལོའི་ཟླ7ཚེས18ཉིན{དར་ལག་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཡིག་ཆའི་དགོངས་དོན་ནི་ས་ཁུལ་ཡོངས་དང་དུས་ཚིགས་ཡོངས་ཀྱི་ཡུལ་སྐོར་བྱེད་སྟངས་ལ་ནུས་ཤུགས་སྐུལ་འདེད་བཏང་སྟེ།  རྨ་ཆུའི་རིག་གནས་ལས་གེ་སར་རིག་གནས་འདི་གྲུབ་ཆ་གཙོ་བོར་བྱས་ཏེ། མི་རིགས་རིག་གནས་དང་ཡུལ་སྐོར་གཉིས་མཉམ་འགུལ་དང་མཉམ་འདྲེས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། རྒྱ་ཆེར་འདོན་སྤེལ་གཏོང་དགོས} ཞེས་པའི་དགོངས་དོན་ལྟར་སྤྱི་ལོ 2021ལོའི་ཟླ་བརྒྱད་པ་ནས་དགུ་བའི་ཟླ་སྟོད་བར་གྱི་རེས་གཟའ་ཉི་མ་རེ་རེར་ཀྲུང་གོའི་གེ་སར་རིག་གནས་བརྒྱུད་བསྒྲགས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱ་བའི་ཆེད་དུ་དམིགས་ཏེ།   རྨ་ཡུལ་ཕོ་བྲང་སེང་འབྲུག་སྟག་རྩེའི་གཙོ་སྒྲུབ་བྱས་ཤིང་། སྤྱི་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་ཁག་མང་པོའི་རང་མོས་ཀྱིས་མཉམ་ཞུགས་གནང་སྟེ་གླིང་གེ་སར་རྣམ་ཐར་ཟློས་གར་དང་དམངས་སྲོལ་ཞབས་བྲོ།  སྒྲུང་།  དམངས་གླུ།   དཀྲོལ་ལེན་སོགས་སྤེལ་བཞིན་ཡོད།  འདིར་ཟླ་བརྒྱད་པའི་ཚེས་ཉི་ཤུ་དགུ་ཉིན་གྱི་སྔ་དྲོར

༼ཨ་སྐྱོང་འབྲོག་སྟོད་རྨ་ཀླུུང་ཀུན་ཕན་གླིང་གི་སྒྱུ་རྩལ་ཚོགས་པ།༽  དང་ཕྱི་དྲོ

༼རྨ་ཡུལ་དཀྲོལ་ལེན་ཚོགས་པ།༽ གཉིས་ཀྱིས་འཁྲབ་སྟོན་སྐབས་ཀྱི་ཡུལ་དངོས་འདིར་མཚོན་ཙམ་འགོད་པ་ལས་སྔ་དྲོའི་བརྙན་རིས།





2019 年习近平总书记指出——

要重视少数民族文化保护和传承,支持和扶持《格萨尔》

等非物质文化遗产,培养好传承人, 一代一代接下去、传下去。 

2021年7月8日

《达日县第十六届人民代表大会第一次会议政府工作报告》精神——

着力推动全季旅游发展,黄河文化和格萨尔文化作为重要组成部分,

重视民族文化与旅游互动/融合发展。为了传播中国格萨尔文化,

传承黄河传统文化,将在2021年8月至9月上旬的每个星期日,

由多个社会文艺演出团体

自愿参加表演民俗文化节目、格萨尔说唱、弹唱、民歌演奏等演出。

本活动由玛域狮龙宫殿格萨尔王研究中心主办。           

 8月29日上午由阿琼珠果尔域普利艺术团和玛域岭格尔兄弟艺术协会

现场进行了简单的描述.


Image

Image

ཨ་སྐྱོང་འབྲོག་སྟོད་རྨ་ཀླུུང་ཀུན་ཕན་གླིང་གི་སྒྱུ་རྩལ་ཚོགས་པ།

Image
SUMMER
སྔ་དྲོའི་བརྙན་རིས།  8.29上午

Image


Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image

Image
Image
Image


Image

Image




རྨ་ཡུལ་དཀྲོལ་ལེན་ཚོགས་པ།

Image
SUMMER
ཕྱི་དྲོའི་བརྙན་རིས།8.29下午

Image



Image
Image
Image
Image
Image




Image

Image

Image

Image

Image

Image



Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image
Image

ལྡེམ་མྱུར་གར་གྱི་འཇོ་སྒེག་མིག་གི་ལོངས་སྤྱོད་དུ་འཁྲུངས་ཞིང་།

སྙན་འཇེབས་ངག་གི་འགྱུར་ཁུག་རྣ་བའི་གསོས་སུ་སྨིན་བྱུང་འང་།


འདིར་གཡུ་ལུང་སུམ་མདོའི་དགྱེས་འཛོམས་ཀྱི་འཁྲབ་སྟོན་ཚན་སྐོར་བཞི་བ་སྟེ་རིག་རྩལ་ཚོགས་པ་གཉིས་ཀར་ངེད་རྨ་ཡུལ་ཕོ་བྲང་སེང་འབྲུག་སྟག་རྩེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་གཉིས་ནས་བཀའ་དྲིན་ཞུ་བ་དང་།  སླད་མར་ཀྲུང་གོའི་གེ་སར་རིག་གནས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱ་བར་བརྩོན་པ་རྨ་ཀླུང་དལ་འབབ་རིང་མོའི་རྒྱུན་དང་འགྲོག་པའི་སྨོན་ལམ་དང་རེ་འདུན་ཞུ་བ་ལགས་སོ།།


她以矫健的舞姿展现而出、悦耳的歌声在耳畔回荡

这里由玉隆松多欢聚第四批演出的两组团体,

玛域狮龙宫殿管理委员会和达日县

狮龙宫殿格萨尔王研究中心表示真诚感谢!

望今后继续弘扬中国格萨尔文化和黄河传统文化,

继承和发扬黄河源远流长的精

Image

Image






གཡུ་ལུང་སུམ་མདོའི་དགྱེས་འཛོམས།


Image


གཙོ་སྒྲུབ་ལས་ཁུངས།

རྨ་ཡུལ་ཕོ་བྲང་སེང་འབྲུག་སྟག་རྩེ།   

འགན་སྒྲུབ་ལས་ཁུངས།  

དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས།

(欢聚玉隆松多)

主办单位

玛域格萨尔狮龙宫殿

承办单位

达日县狮龙宫殿格萨尔王研究中心