• ཚགས་སུ་འཇོགས།   ཉར་ཚགས་སུ་འཇོག་པ།   གཙོ་ངོས་སུ་འགོད་པ།   དྲ་རྒྱར་སྐད་འཇོག
འཆམ་མཐུན་སྤྱི་ཚོགས།

ནན་ཏེང་ཀེར་ངོ་སྤྲོད་མདོར་བསྡུས།

སྤེལ་དུས། :2019-09-09 16:15:10  ནང་དོན་འདི་སྤེལ་མཁན།:  ཡོང་ཁུངས། :  རྡེབ་ཚད། :
ནན་ཏེང་ཀེར་ནི(1820—1910)དབྱིན་ཇིའི་ནད་གཡོག་མ་དང་། ཉེ་རབས་ནད་སྐྱོང་རིག་པ་དང་ནད་གཡོག་སློབ་གསོའི་རྨང་འདིང་མཁན་བཅས་ཡིན།

 image.png 

(1820—1910)Florence Nightingale

  ནན་ཏེང་ཀེར་ནི(1820—1910)དབྱིན་ཇིའི་ནད་གཡོག་མ་དང་། ཉེ་རབས་ནད་སྐྱོང་རིག་པ་དང་ནད་གཡོག་སློབ་གསོའི་རྨང་འདིང་མཁན་བཅས་ཡིན།

1854ལོ་ནས་1856ལོའི་བར་ནན་ཏིང་ཀེར་གྱིས་ཁེ་ལི་མི་ཡའི་དམག་འཁྲུག་ནང་དམག་སའི་སྲོག་སྐྱོབ་ལས་དོན་སྤེལ་ནས་རྨས་མ་ཤི་ཚད་50%ནས་2.2%བར་ཆག་པ་དང་། རྨས་མ་དང་ནད་པའི་སྨན་བཅོས་དང་འཚོ་བ་ལེགས་སུ་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད། མཚན་མོ་རེར་ཁོང་གིས་སྣུམ་སྒྲོན་ཐོགས་ནས་ནད་ཁང་དུ་སྐོར་ཞིབ་ལ་སྐྱོད་སྐབས་རྨས་མ་ཚོས་ཁོང་གི་གཟུགས་བརྙན་ལ་འོ་བྱས་ཏེ་ཁོང་ལ་གུས་ལུགས་ཞུ་བར་མ་ཟད། བྱམས་བརྩེའི་ངང་ནས་ཁོང་ལ“སྒྲོན་འདེགས་བུད་མེད”ཅེས་འབོད་ཀྱི་ཡོད།

1907ལོར་ལོན་ཏོན་དུ་འཚོགས་པའི་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་བརྒྱད་པའི་ཐོག་ནན་ཏིང་ཀེར་གཟེངས་རྟགས་བཙུགས་ནས་རྒྱལ་ཁབ་ཁག་གི་སྨན་གཡོག་ལ་རྒྱལ་སྤྱིའི་མཚན་སྙན་མཐོ་ཤོས་བསྩལ་ནས་སྐུལ་ལྕག་གནང་རྩིས་བྱས་ཤིང་། 1912ལོར་ནན་ཏིང་ཀེར་གྲོངས་རྗེས་ཀྱི་ལོ་གཉིས་པ་སྟེ། ཧྭ་ཧྲེང་ཏུན་དུ་འཚོགས་པའི་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་དགུ་པའི་ཐོག་ནན་ཏིང་ཀེར་གཟེངས་རྟགས་སྤྲོད་རྒྱུར་དངོས་སུ་གཏན་འཁེལ་བྱས་པ་རེད།

སྒྲིག་སྲོལ་ནང་གཏན་འཁེལ་བྱས་པ་ལྟར། ནན་ཏིང་ཀེར་གཟེངས་རྟགས་ལོ་གཉིས་རེར་ཐེངས་རེ་སྤྲོད་དགོས་པ་དང་ཐེངས་རེར50ལས་བརྒལ་མི་ཆོག་ཅིང་། རྒྱལ་ཁབ་ཁག་གི་ཕུལ་བྱུང་ནད་སྐྱོང་ལས་དོན་པར(རང་སྲོག་བློས་བཏང་བའི་ནད་སྐྱོང་ལས་དོན་པ་ཚུད་པ)གནང་ནས་ཁོང་ཚོས་དུས་རྒྱུན་ནམ་ཡང་ན་དམག་འཁྲུག་སྐབས་ཀྱི་ཕུལ་བྱུང་གྲུབ་འབྲས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་གཟེངས་བསྟོད་བྱེད་པ་དང་། གཟེངས་རྟགས་གནང་བའི་ཞིབ་ཕྲའི་ལས་དོན་རི་ནེ་ཝའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱེ་དགོས། ནན་ཏིང་ཀེར་གཟེངས་རྟགས་བཙུགས་པ་ནས་2007ལོར་བར་བྱ་དགའ་སྤྲོད་པའི་དཔྱད་བསྡུར་བྱེད་སྒོ་སྐབས་41སྤེལ་བ་དང་འཛམ་གླིང་ཡོངས་ཀྱི་ནད་གཡོག་ལས་རིགས་ཀྱི་མི་སྣ་1309ལ་བྱ་དགའ་ཐོབ་པ་རེད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སྐབས་29པའི་དཔྱད་འདེམས་ནང་ཞུགས་ཚུན་རང་རྒྱལ་གྱི་ཕུལ་བྱུང་ནད་གཡོག་ལས་དོན་པ་48འོས་སྦྱོར་བྱས་ནས་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད།

《ཧྥོ་ལུའོ་ལུན་སི·ནན་ཏིང་ཀེར་གྱི་སྒྲིག་སྲོལ》གྱི་གཏན་འབེབས་ལྟར་ན། བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་རྗེས་ལོ་དེར་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་སྐུ་ངོ་མས་བྱ་དགའ་གནང་བ་དང་འབྲེལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་ནད་སྐྱོང་ལས་དོན་པར་ལྕག་སྐུལ་བྱེད་དགོས།

  


འབྲེལ་ཡོད་དཔྱད་བརྗོད། བསྡོམས་པས་གྲངས0། [ཡོངས་ལ་ལྟ་བ།]  
གནམ་གཤིས་སྔོན་བརྡ།

ཟི་ལིང་གྲོང་ཁྱེར།

པར་དང་ཡི་གེ་འོས་སྦྱོར།
     
新华网 谷歌 搜狐 中央人民政府网 中华人民共和国民政部 百度 中国慈善总会 青海新闻网 中国红十字会
དྲ་རྒྱ་འདིའི་ནང་དོན་ཁག་འཕྲིན་སྦྲེལ་དྲ་བ་ལས་འཚོལ་སྡུད་བྱས་པ་ཡིན་ལ། གལ་ཏེ་དབང་གནོད་ནང་དོན་དང་མི་ལེགས་ས་ཡོད་ན། ང་ཚོར་འབྲེལ་བ་བྱོས་དང་བསུབ་ངེས། དགོངས་འགལ་མེད་པར་ཞུ།
主办单位:青海省红十字会 地址:青海省西宁市西大街12号 联系电话:0971-8252284 邮编:810000
请使用急速模式浏览,兼容IE7以上的所有内容
2019-2020 redcross.qh.cn All Rights Reserved 技术支持:【yongzin】

青公网安备 63010302000116号