ཨ་རིའི་ཧའོ་བཱ་ཡེ་ཁུལ་ངོ་སྤྲོད་མདོར་བསྡུས་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-27 10:39:00 ཀློག་གྲངས།:

ཨ་རིའི་ཧའོ་བཱ་ཡེ་ཁུལ་ངོ་སྤྲོད་མདོར་བསྡུས་བྱེད་པ།

     ཧའོ་བཱ་ཡེ(Hawaii State)ཁུལ་ནི་ཨ་རིའི་གླིང་ཕྲན་ཁྱུ་ཚོགས་ཀྱི་ཁུལ་ཉག་ཅིག་ཡིན་ལ། ཞི་བདེ་རྒྱ་མཚོ་ཆེན་མོའི་དཀྱིལ་དབུས་ཀྱི་གླིང་ཕྲན132ལས་གྲུབ་ཅིང་། ཁུལ་སྲིད་གཞུང་གནས་ས་ནི་ཨོ་ཧུའུ་གླིང་ཕྲན་སྟེང་གི་ཐེམ་ཞང་རི་བོ་ཡིན། ཆེས་སྔ་བའི་སྡོད་དམངས་ནི་ཕོ་ལེ་ཉི་ཞི་ཡའི་མི་ཡིན་པ་དང་། 1778ལོའི་རྗེས་སུ་ཡོ་རོབ་དང་ཡ་གླིང་གི་སྤོར་མི་བསྟུད་མར་གནས་འདིར་སྤར་ལ། 1795ལོར་ཧའོ་བཱ་ཡེའི་རྒྱལ་ཁབ་བཙུགས། 1898ལོར་ཨ་རིས་འཁྱུར་མིད་དུ་བཏང་པ་དང་། 1900ལོར་ཨ་རིས་དབང་བསྒྱུར་བྱས། 1959ལོར་ཨ་རིའི་ཁུལ་ཨང50བར་གྱུར། ད་བར་གྱི་སྡོད་དམངས་ནི་ཡོ་རོབ་དང་ཨ་རིའི་མི་དཀར་དང་ཉི་ཧོང་གི་མི་ཅུང་མང་ཞིང་། དེ་ནས་ཧྥེ་ལི་ཕིན་གྱི་མི་དང་ཀྲུང་གོའི་མི་སོགས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།