ལག་རྩེད་སྤོ་ལོའི་བྱུང་འཕེལ་གླེང་བ།

རྩོམ་པ་པོ།:གཤེད་མདའ། ཡོང་ཁུངས།:《མཐོ་བོད》དུས་དེབ་འདོན་ཐེངས་གཉིས་པ་ལས། དུས་ཚོད།:2014-04-13 08:51:00 ཀློག་གྲངས།:


ལག་རྩེད་སྤོ་ལོའི་སྲོལ་འབྱེད་མཁན་ཀྲའེ་མུའུ་སི་ནའེ་ཧྲི་མེ་སི།(Dr. James Naismith)

  ལག་རྩེད་སྤོ་ལོ་ནི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་ལ་ཨ་མེ་རི་ཁ་ནས་གསར་དུ་དར་བའི་རྩེད་མོའི་རིགས་ཤིག་ཡིན། དབྱིན་སྐད་ཀྱི་རྩེད་མོ་དེའི་མིང་ལ་བྷ་སི་ཁེའུ་ཊི་བྷོལ(Basketball)ཞེས་ཟེར་ཞིང་། བྷ་སི་ཁེའུ་ཊི(Basket)ཞེས་པ་ནི་སྨྱུག་མ་སོགས་ཀྱིས་བསླེས་པའི་སླེ་བོ་དང་སྐུད་པ་སོགས་ཀྱིས་བསླེས་པའི་དྲ་རྒྱ་ལྟ་བུའི་མིང་ཡིན་ལ། བྷོལ(Ball)ཞེས་པ་ཟླུམ་པོའམ་གྲུ་གུའི་མིང་ཡིན་འདུག མ་གཞི་རྩེད་མོ་དེ་ནི་སྤྱི་ལོ1891ལོར་ཨ་མེ་རི་ཁའི་དཔྱིད་ཞིང་སློབ་གླིང་(Springfield)གི་ཆོས་ལུགས་ཀྱི་སློབ་དཔོན་དང་། སློབ་གསོ་བ། རབ་འབྱམས་པ། ལུས་རྩལ་སྦྱོབ་བརྡར་དགེ་རྒན་བཅས་གཅིག་ལྕོགས་ཡིན་པའི་ལྗེའུ་མི་སི-ནྰ་སི་མེའུ་ཐི (James Naismith) (1861----1939) ཡིས་གསར་བཟོ་བྱས་པ་ཞིག་ཡིན།
  ཁོང་གིས་ལུས་རྩལ་རྩེད་རིགས་གཞན་པ་ཁ་ཤས་ཀྱི་ཐོག་ནས་དགོས་མཁོ་བསྡུ་རུབ་བྱས་ཏེ་རྩེད་མོ་འདིའི་ཐོག་བཀོལ་སྤྱོད་བྱས་ཤིང་། དང་ཐོག་རྩེད་མོ་འདིར་སྒྲིག་ལམ་ཚན་པ13བཞག་སྟེ1891ལོའི་ཟླ12པའི་ཚེས21ལ་ནཱ་སི་མེའུ་ཐི་ཡིས་ཁོ་རང་གི་འཛིན་གྲྭའི་སློབ་མ་རྣམས་རུ་ཁག་གཉིས་སུ་བགོས་ཏེ། རུ་ཁག་རེར་མི་དགུ་རེ་བྱས་ནས་བསྡོམས་པས་མི་མགོ་བཅོ་བརྒྱད་ལ་རྩེད་མོ་དེ་རྩེ་རུ་བཅུག་པ་དང་། ཉིན་དེར་ཁོང་ཚོས་རྐང་རྩེད་སྤོ་ལོ་རྩེ་བྱེད་ཀྱི་སྤོ་ལོ་ཞིག་དང་སླེ་བོ་གཉིས་རྩིག་ངོས་སུ་གཟར་བརྒྱབ་དེ་རྩེད་མོ་བརྩེས་བའི་རྒྱུ་མཚན་གྱིས་དྲ་ཕད་སྤོ་ལོ་ཞེས་མིང་བཏགས་ཤིང་རྒྱུན་འབྱམས་སུ་སོང་བ་ཡིན་འདུག​རྗེས་སུ་རིམ་བཞིན་རྩེད་མོར་དེར་ཞུགས་མཁན་གྱི་མི་གྲངས་དང་རྩེད་ལུགས་ལ་སོགས་གཏན་འཁེལ་བཟོས་ཏེ་དེང་སང་འཛམ་གླིང་གི་གང་སར་རྩེ་བཞིན་པའི་ལུས་རྩལ་རྩེད་མོའི་སྲོལ་ལུགས་འདི་ཆགས་པ་ཡིན།   མ་གཞི་དྲ་ཕད་སྤོ་ལོ་དེ་དེང་རབས་ཀྱི་ལུས་རྩལ་རྩེད་མོའི་ནང་དུ་དར་ཁྱབ་ཆེན་པོ་བྱུང་བའི་རྒྱུ་མཚན་ནི། དཔྱིད་ཞིང་སློབ་གླིང་ནས་འཚར་ལོངས་བྱུང་བའི་ཡེ་ཤུའི་ཆོས་ལུགས་པའི་ན་གཞོན་མཐུན་ཚོགས(YMCA)ཀྱི་ཚོགས་མི་ཚོས་འགན་ཁུར་ཡོད་པའི་སྒོ་ནས་རྩེད་མོ་དེ་ཨ་མེ་རི་ཁ་(USA)དང་ཁ་ནྰ་ཊ(Canada)སོགས་སུ་དར་སྤེལ་བཏང་བ་དང་། དེ་ནས་ཚོགས་པ་དེའི་ཚོགས་མི་མང་པོ་ཞིག  1891 དང1894ལོའི་གཡས་གཡོན་དུ་ཡོ་རོབ་ཀྱི་ཧྥ་རན་སི ( France) དང་། ཨེ་ཤ་ཡའི་འཇར་པན (Japan)  ཀྲུང་གོ (China) རྒྱ་གར (India) སོགས་སུ་སོང་ནས་རྩེད་མོ་དེ་འཛམ་གླིང་ལ་བཀྲམས་ཁྱབ་བཏང་།​ད་དུང་ལག་རྩེད་སྤོ་ལོ་དེ་འཛམ་གླིང་གང་སར་དར་ཁྱབ་འགྲོ་བའི་རྒྱུ་རྐྱེན་གཞན་ཞིག་ནི་སྤྱི་ལོ1914ལོར་འཛམ་གླིང་འཁྲུག་ཆེན་དང་པོ་ལངས་རྗེས་ཨ་མི་རི་ཁའི་དམག་མིས་ཡོ་རོབ་ལ་འཐབ་འཛིང་བྱེད་སྐབས་ཁོང་ཚོས་དམག་དཔུང་དང་མཉམ་དུ་ལག་རྩེད་སྤོ་ལོ་དེ་ས་གང་སར་ཁྱེར་ནས་བརྩེས་ཤིང་། ལྷག་པར་དུ་དམག་དཔུང་གི་ནང་དུ་ལུས་རྩལ་དགེ་རྒན་མང་པོ་ཡོད་པས་དེ་ཚོས་རྩེད་མོ་དེ་ཅུང་འཐུས་སྒོ་ཚང་བའི་སྒོ་ནས་རྩེ་ཤེས་ཀྱི་ཡོད་པས། ས་ཆ་གང་སར་དེའི་ཤུགས་རྐྱེན་མི་དམན་པ་ཞིག་བཞག
  1898ལོར་ལག་རྩེད་སྤོ་ལོའི་ཆེད་ལས་མནའ་མཐུན་ཚོགས་པ་དང་པོ་དེ་བཙུགས་ཤིང་། དེ་ནི་རུ་ཁག་དྲུག་གིས་གྲུབ་པའི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མནའ་མཐུན་ཚོགས་པ (National Basket Ball League) ཞེས་པ་དེ་རེད། ཡིན་ནའང1904ལོར་ཚོགས་པ་དེ་འཐོར་སོང་།​ ​ ​  ཨེན་བྷེས་ཨྰེ  (NBA)​   (NBA)ཞེས་པ་དེ་ནི་(National Basketball Association)ཞེས་པའི་བསྡུས་མིང་ཡིག་ཡིན་ལ། དེ་ནི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཞེས་པའི་དོན་རེད། 1946ལོའི་སྤྱི་ཟླ6པའི་ཚེས6ཉིན་ཨ་རིའི་གྲོང་ཁྱེར་ཉོས་ཡོར་ཁུ (New York City) རུ་ཨ་མི་རི་ཁའི་ལག་རྩེད་སྤོ་ལོའི་མཐུན་ཚོགས (Basketball Association of America)(BAA) ཞེས་པ་དེ་བཙུགས་པ་དང་། རྗེས་ནས་ཚོགས་པ་དེའི་མིང་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཐུན་ཚོགས (NBA)(National Basketball Association) ཞེས་པར་བསྒྱུར་ཞིང་མིང་དེ་རྒྱུན་འབྱམས་སུ་སོང་།​     ད་ལྟ (NBA) ནི་ཨ་རི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་དྲ་ཕད་སྤོ་ལོའི་ཆེད་ལས་མནའ་མཐུན་ཚོགས་པ་ཞིག་ཡིན་ལ། ཡོངས་ཁྱབ་ཀྱི་དྲ་ཕད་སྤོ་ལོའི་ཆེས་མཐོ་བའི་ཆུ་ཚད་ཀྱི་མཚོན་བྱེད་ཀྱང་ཡིན།མནའ་མཐུན་ཚོགས་པ་དེའི་ནང་ནས་སྐད་གྲགས་འཛམ་གླིང་ཧྲིལ་པོར་ཁྱབ་པའི་དྲ་ཕད་སྤོ་ལོ་རྩེ་མཁན་མེ་ཁུ་ཆཱོ་ལྡན (Michael Jordan) དང།  ཁོ་བྷེ་བྷུ་རེན་ཊི(Kobe Bryant)མནའ་མཐུན་ཚོགས་པ་འདི་ལ་ཁྱོན་བསྡོམས་རུ་ཁག་སུམ་ཅུ་ཡོད་ཅིང་། རུ་ཁག་སུམ་ཅུ་དེ་ཤར་ཁུལ་མནའ་མཐུན་ཚོགས་པ་དང་ནུབ་ཁུལ་མནའ་མཐུན་ཚོགས་པ་གཉིས་སུ་བསྒོས་ཡོད། མནའ་མཐུན་ཚོགས་པ་རེར་འགྲན་ཁུལ་གསུམ་རེ་ཡོད་ལ། འགྲན་ཁུལ་རེར་རུ་ཁག་ལྔ་རེ་ཡོད། རུ་ཁག་གཅིག་ཁཱ་ནཱ་ཊ(Canada)ནས་ཡིན་པ་ལས་གཞན་ཉེར་དགུ་བོ་ཨ་རི་ནས་ཡིན།​ ​    
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།