《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་དབང་ཚེ》ཞེས་པའི་བརྩམས་ཆོས་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-08 12:38:00 ཀློག་གྲངས།:


ཧེ་ལུན•ཁའེ་ལིའི《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་དབང་ཚེ》ཞེས་པའི་བརྩམས་ཆོས།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ཨ་མེ་རི་ཁའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཧེ་ལུན•ཨར་ཏེམ་སི•ཁའེ་ལི〔Helen  Adams  Keller 〕ཡི་མིང་གྲགས་བརྩམས་ཆོས《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་དབང་ཚེ》ཞེས་པའི་ལོ་རྒྱུས་རྒྱབ་ལྗོངས་དང་མི་སྣ་དབྱེ་ཞིབ། སྤྱི་ཚོགས་སྟེང་ཐོན་པའི་ནུས་པ་སོགས་ལ་དཔྱད་པ་རགས་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ།   དཀའ་སྡུག  སྙིང་སྟོབས།  རྒྱལ་ཁ།

གླེང་གཞི།

          ང་ཚོ་མིའི་རིགས་ནི་གོ་ལ་ཆེན་པོ་འདིའི་སྟེང་མི་རབས་ནས་མི་རབས་བར་འཚོ་ཞིང་གནས་པ་ཡིན་ལ། འདས་སོང་དཀའ་སྤྱད་ཀྱི་ལོ་ཟླའི་ཁྲོད་དུ་སྐྱེས་ཆེན་གྲངས་མེད་ཅིག་གིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་དང་། གཞན་ཕན་གྱི་བསམ་བློ། རྟག་བརྟན་གྱི་བརྩོན་འགྲུས་བཅས་ལ་བརྟེན་ནས་མི་རིགས་ཀྱི་སྨག་རུམ་འཐིམས་པའི་མདུན་སྐྱོད་ཀྱི་ལམ་ལ་ཆས་ཏེ་མུན་འཇོམས་ཀྱི་དཔལ་འབར་བའི་འོད་སྣང་སྦྱིན་ལ། འདྲ་མཉམ་དང་དམངས་གཙོ། དྲང་བདེན་དང་ཡང་དག་གི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གཉའ་གནོད་དང་བཤུ་གཞོག     དམག་ཁྲིམས་དང་མི་གེ་ལ་སོགས་པའི་བསྡུག་བསྔལ་གྱིས་གཙོས་པའི་སྤྱི་ཚོགས་སྒྲིག་གཞི་དེ་དང་དེ་འདྲ་བ་རྣམས་རྩ་གཏོར་དང་བཅོས་སྒྱུར་བྱས་ཏེ་མི་རྣམས་ཀྱི་རང་དབང་དང་འབྱོར་ཕྱུག  འཆམ་མཐུན་དང་རིག་དར་གྱི་ཁོར་ཡུག་ཅིག་ལེགས་སུ་ཕུལ་བ་རེད། ཡང་ཁ་ཤས་ལས་དབང་གི་ནུས་མཐུ་དང་བཙན་པོའི་འོག་ཞུམ་པ་མེད་པའི་དཔའ་སྤོབས་དང་མི་ལྡོག་པའི་བརྩོན་འགྲུས་ལ་བརྟེན་ནས་འཚོ་གནས་བརྩོན་ལེན་བྱེད་པ་དང་། རང་བྱུང་གི་འཇིག་པ་དང་ལས་དབང་གི་གོད་ཆག་ཉམ་ང་བ་དེ་འདྲའི་འོག་ཏུ། སྔར་བཞིན་དཔའ་མི་ཞུམ་པར་འཚོ་འདོད་ཀྱི་ནུས་པ་ཇེ་ཆེ་དང་། ཤེས་བྱ་ཡོན་ཏན་ཇེ་འཛོམས། རྨང་གཞིའི་འཐུས་ཇེ་ཚང་དུ་གཏོང་བའི་ཕྱོགས་ལ་ཧུར་བརྩོན་རྡོ་རུས་ཐུག་པ་བྱས།
          འདི་ལྟ་བུའི་སྙིང་སྟོབས་དང་བློ་གྲོས་ཀྱི་བསམ་བློ་ནི་ང་ཚོ་མིའི་མི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འདིའི་སྙིང་བོའམ་ཉིང་བཅུད་ལྟ་བུར་གྱུར་ཡོད་ལ། དེས་མིའི་རིགས་རང་བྱུང་ཁམས་ལ་འཐབ་རྩོད་དང་འགྲན་རྩོད། འཚོ་གནས་ལ་བརྩོན་དུ་ལེན་བྱེད་པའི་གོ་རིམ་ཁྲོད་ནུས་པ་བླ་མེད་ཅིག་ཐོན་དང་འཐོན་བཞིན་ཡོད།

དང་པོ། བརྩམས་ཆོས་འདིའི་ལོ་རྒྱུས་རྒྱབ་ལྗོངས།

          ཧེ་ལུན•ཁའེ་ལི་ནི1880ལོར་གླིང་ཡཱ་ལ་པཱ་མའི་བྱང་ཕྱོགས་ཀྱི་ཐཱར་སི་ཁུ་མུ་པིས་ཡཱ་ཞེས་པའི་ཞིང་གྲོང་དུ་སྐུ་བལྟམས། ཁོ་མོ་ལོ་གཅིག་དང་ཕྱེད་ལ་སླེབས་དུས། སྙུང་གཞི་ལྕི་མོ་ཞིག་ཕོག་ནས་མིག་དབང་དང་རྣའི་དབང་བོ་སོགས་ཉམས་སོང། དེའི་མུར་ཡང་བསྐྱར་སྐད་ཆའི་བརྡ་མཚོན་ནུས་པ་ཉམས་སོང་མོད། འོན་ཀྱང་མུན་ནག་དང་འཇམ་ཐིང་ཐིང་གི་འཇིག་རྟེན་དེ་ནས་མོས་ད་དུང་སྐད་ཆ་བཤད་ཤེས་པ་དང་། དཔེ་ཀློག་ཀྱང་བྱེད་ཐུབ་པར་མ་ཟད། ཕུལ་བྱུང་གི་སྦྱངས་འབྲས་ཀྱིས་ཨ་མེ་རི་ཁའི་ལཱ་ཏི་ཁུ་ལི་ཡཱ་སློབ་ཆེན་མཐར་ཕྱིན་ནས་ཤེས་རྒྱ་ཆེ་པའི་མཁས་པ་ཞིག་ཏུ་གྱུར། དབྱིན་ཇི། ཧྥ་རན་སི། འཇར་མན། ལ་ཀྲིན། གྷི་རིགས་བཅས་སྐད་རིགས་ལྔའི་རྩོམ་པ་པོ་དང་སློབ་གསོ་པ་ཡིན། ཁོ་མོ་ཨ་མེ་རི་ཁ་དང་འཛམ་གླིང་གི་ས་གནས་སོ་སོར་སོང་ནས་ལོངས་ཞར་སློབ་གྲྭར་མ་དངུལ་རོགས་སྐྱོར་མཛད། རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ལོང་ཞར་ལ་ཕན་བདེ་དང་སློབ་གསོའི་ལས་དོན་ལ་བྲེལ། ཁོ་མོ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བསྔགས་བརྗོད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གང་མང་ཞིག་གི་སྲིད་གཞུང་གི་བྱ་དགའང་ཐོབ།
          ལོང་པ་ཞིག་མུན་ནག་དང་བྲལ་ཏེ་འོད་ཟེར་རུ་འགྲོ་དགོས་ན། གལ་འགངས་ཆེ་བ་ནི་ཡིག་ངོས་ཟིན་ཏེ་དཔེ་ཀློག་བྱེད་ཐུབ་པ་དེ་ཡིན། དེ་ནས་ཡིག་ངོས་ཟིན་རྗེས་ཀློག་འདོན་བྱེད་ཤེས་དགོས་ལ།  སྤྱིར་བཏང་ངམ་རྒྱུན་ལྡན་གྱི་མི་ལས་སྙིང་རུས་ལྡབ་འགྱུར་གྱིས་ཆེ་དགོས།  ཧེ་ལུན་ནི་མཛུབ་མོ་ལ་བརྟེན་ནས་དགེ་རྒན་ཧྲ་ལིས་སྲས་མོའི་ཞལ་ལ་ལྟ་དཔྱད་བྱས། རེག་ཚོར་གྱིས་མོའི་མིད་པའི་འདར་འགུལ་དང་ཞལ་གྱི་འགུལ་སྐྱོད། གདོང་གི་ཉམས་འགྱུར་བཅས་ལ་དཔྱད། རྒྱུན་པར་འདི་དག་གིས་བརྡར་ཤ་གཅོད་མི་ཐུབ། མོས་རང་ཉིད་ཀྱིས་ཚིག་གཅིག་གམ་ཚིག་དུམ་གཅིག་བཟོ་ཆེད་སྦྱོང་བ་མང་པོ་བྱེད་ལ། ནམ་ཡང་ཕམ་ཁའི་མདུན་དུ་ཡིད་སེམས་གཏན་ནས་ཆད་མི་སྲིད། ཧེ་ལུན་ལོ7ནས་སློབ་གསོ་མྱངས་ཏེ། ལཱ་ཏི་ཁུ་ཧྥུ་སློབ་གླིང་ལ་རྒྱུགས་འཕྲོད་པའི་ལོ་ངོ14རིང་མོས་གཉེན་ཉེ་དང་། གྲོགས་པོ། སློབ་གྲོགས་སོགས་ལ་ལྗོངས་རྒྱུའི་མཐོང་ཐོས་དང་རང་ཉིད་ཀྱི་དུངས་ཞེན། ད་དུང་ད་སོ་མར་ཐོས་པའི་གཏམ་རྒྱུད་སོགས་བྲིས་པའི་བརྗོད་སྙིང་ཕུན་སུམ་ཚོགས་པའི་འཕྲིན་པ་མང་པོ་བསྐུར་ཡོད། སློབ་ཆེན་དུ་སློབ་གཉེར་བྱེད་དུས། སློབ་དེབ་མང་པོ་ཞིག་ལ་ལོངས་ཡིག་དེབ་མེད་པས།  གཞན་ལ་བརྟེན་ནས་ནང་དོན་ཁོ་མོའི་ལག་མཐིལ་དུ་འབྲི་དགོས། དེ་བས་ཁོ་མོས་བསླབ་དེབ་སྔོན་སྦྱང་བྱེད་པར་བཀོལ་བའི་དུས་ཚོད་གཞན་པ་ལས་ཀྱང་མང་། སློབ་གྲོགས་ཚོ་ཕྱི་རོལ་ཏུ་རོལ་རྩེད་དང་གླུ་དབྱངས་ལེན་པའི་སྐབས་སུ། ཁོ་མོས་དུས་ཚོད་དེ་དག་བཀོལ་ནས་ཧུར་བརྩོན་གྱིས་སྔོན་སྦྱོང་བྱེད་ཀྱིན་ཡོད།
          ཧེ་ལུན་མུན་ནག་ལས་བུད་དེ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་ནི། རང་ཉིད་ཀྱི་འབད་བརྩོན་ལས་གཞན། ད་དུང་ཁོ་མོའི་དགེ་རྒན་ཧྲ་ལིས་ཝུན་གྱི་སློབ་སྟོན་དང་འབྲལ་ཐབས་མེད། མོས་བཤད་རྒྱུར“བདག་གི་དགེ་རྒན་ཨེན•མྰ་སི་ཧྥེ་ར་ཏི•ཧྲ་ལིས་ཝུན་ངེད་ཚང་ལ་ཡོང་བའི་ཉིན་མོ་དེ་ནི། ངའི་མི་ཚེའི་ཁྲོད་གལ་ཆེ་བའི་ཉིན་མོ་ཞིག་ཡིན།” ད་དུང“ཁོ་མོས་བདག་གི་རྣམ་དཔྱོད་ལ་བཅིངས་འགྲོལ་བཏང་བ་རེད”ཟེར། མོའི་དགེ་རྒན་གྱིས་ཁོ་མོར་ཡི་གེའི་ངོས་འཛིན་ཁྲིད་ལ། མོར་བྱ་དངོས་མཐའ་དག་ལ་མིང་ཡོད་པ་དང་ཅི་ཞིག་ནི“བརྩེ་བ”ཡིན་པའི་ལྐོག་གྱུར་གྱི་མིང་ཚིག་དེ་ཤེས་སུ་བཅུག  ཧེ་ལུན་བྱིས་པའི་དུས་སུ་ནད་ཀྱིས་བཟུང་ནས་བླུན་རྨོངས་སམ་གྱོང་པོ། ཕལ་ཆེར་སྙིགས་རོ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་རྗེས་སུ་མོ་རང་རིག་གནས་ཆུ་ཚད་ཡོད་པའི་སློབ་ཆེན་པ་ཞིག་ཏུ་གྱུར་བ་ནི་ཧ་ལས་དགོས་པ་ཞིག་རེད་ལ། ངོ་མཚར་བའི་གཏམ་རྒྱུད་འདིའི་ཕྱེད་ཀ་ནི་ཧེ་ལུན་གྱི་དགེ་རྒན་ཧྲ་ལིས་ཝུན་གྱིས་བསྐྲུན་པ་རེད་ཅེས་བཤད་ཆོག   དེ་ནི་ཁོ་མོའི་རླབས་ཆེན་གྱི་གཟུགས་འབུལ་རྣམ་དཔྱོད་དང་ཚན་རིག་གི་སློབ་གསོའི་ཐབས་ལམ་གྱི་འབྲས་བུ་ཡིན།  སྲས་མོ་ཧྲ་ལིས་ཝུན་གྱིས་ཧེ་ལུན་ལ་ཅི་ཞིག་ཁྲིད་པའི་སྐབས་སུ་རྣ་བར་སྙན་པའི་གཏམ་རྒྱུད་དང་བཅས་པའང་། ཡང་ན་སྙན་ངག་དང་བཅས་གསལ་བོར་བཤད་ལ། མོའི་སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་ལ་ཐབས་ལམ་ཡང་གཞན་ལས་ཁྱད་དུ་འཕགས། ཁོ་མོས་ཧེ་ལུན་ཁང་པའི་ནང་བཙན་ཏུ་བཅུག་ནས་སློབ་ཁྲིད་མི་བྱེད་པར་སེམས་ཁམས་དང་བསྟུན་པའི་སློབ་ཐུན་སློབ་གསོ་བྱས།
          ཧེ་ལུན་གྱི་བརྩོན་པས་སྐྱེས་ལུགས་ཀྱི་ཞན་ཆས་བསྐྲུན་པའི་རྣམ་དཔྱོད་ཀྱི་སྡུག་བསྔལ་ཁ་བསྐངས། མོ་རང་འཚོ་བར་རབ་ཏུ་དགའ་ཞིང་། རྟ་ཞོན་ཤེས་ལ། གངས་ཤུད་དང་། མིག་མངས་རྩེད་པ། ད་དུང་ཟློས་གར་འཁྲབ་སྟོན་སོགས་ལ་དགའ་བ་མ་ཟད། བཤམས་སྟོན་ཁང་དང་གནའ་ཤུལ་གྲགས་ཅན་ལ་ལྟ་སྐོར་ཏུ་སོང་ནས་དེ་དག་གི་ཁྲོད་དུ་ཤེས་བྱ་བསྡུ་བཞིན་ཡོད། ཁོ་མོ་ལོ21སྟེང་རང་ཉིད་ཀྱི་ཆེས་ཐོག་མའི་བརྩམས་ཆོས《ངའི་འཚོ་བའི་གཏམ་རྒྱུད》ཅེས་པ་བརྩམས། རྗེས་ཕྱོགས་ཀྱི་ལོ་ངོ60ནང་ཁོ་མོས་ཁྱོན་བསྡོམས་དཔེ་དེབ14བརྩམས་སོ། 1968ལོའི་ཟླ6པའི་ཚེས1ཉིན་གྱི་ཕྱི་དྲོ། ཧེ་ལུན•ཁའེ་ལི་ཉལ་བའི་རྨི་ལམ་ཁྲོད་ནས་ཚེ་ལས་འདས། དགུང་ལོ87ལ་བཞུགས། སྲས་མོ་ཧེ་ལུན་འཁྲུངས་ཏེ་ཟླ་བ18སྐབས་ནས་མིག་གིས་མཐོང་མི་ཐུབ་ལ་ངག་གིས་བཤད་མི་ཐུབ་པ་དང་། རྣ་བས་ཀྱང་ཐོས་མི་ཐུབ་པའི་འོན་ལྐུགས་སུ་གྱུར། འོན་ཀྱང་བྱས་རྗེས་ངོ་མཚར་ཅན་དང་བཅས་མི་ཚེ་ཧྲིལ་བོ་མཇུག་སྒྲིལ་ལོ།།

ལེའུ་གཉིས་པ། བརྩམས་ཆོས་འདིའི་མི་སྣའི་དབྱེ་ཞིབ།

          《གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་སྦྱིན་ན》ཞེས་བའི་དཔེ་དེབ་ཀྱི་ཡིག་ཕྲེང་དང་ཡིག་འབྲུ་རེ་རེའི་ཁྲོད་དུའང་ཧའེ་ལུན་ཁའེ་ལེ་ཡིས་འཚོ་བར་བཅིངས་པའི་དགའ་ཞེན་དེ་མངོན་འདུག   ཁོ་མོས་སྤྲོ་སེམས་འཁོལ་བའི་ངང་འཇིག་རྟེན་པ་རྣམས་ལ་མིག་མདུན་གྱི་ལོངས་སུ་སྤྱོད་པ་ཡོད་ཚད་ལ་གཅེས་སྤྲས་བྱེད་དགོས་པའི་ཁ་ཏ་སློབ་གསོ་གནང་།  ཁོ་མོས་ཉིན་གསུམ་གྱི་འོད་སྣང་ལྡན་པར་གྱུར་ནས་འཇིག་རྟེན་འདི་ཉམས་སུ་མྱོང་བ་དང་། ཁོ་མོར་རང་ཉིད་གམ་གྱི་ཡོད་ཚད་རྒྱུས་སུ་ལོན་པའི་རེ་སྨོན་བཅིངས། ཧེའེ་ལུན་ཁའེ་ལེ་ཡིས་མཐོང་འདོད་པའི་བྱ་དངོས་ནི་ངོ་མ་མང་པོ་ཞིག་འདུག་པ་རེད། འོན་ཀྱང་དེ་ནི་མཚར་སྡུག་གི་རྨི་ལམ་ཙམ་ཞིག་རེད།
          “དཀའ་སྡུག་ནི་སྐྱེས་ཐོབ་གྱི་ཤེས་རབ་ཅན་ལ་མཚོན་ན་རྐང་སྟེགས་རྡོ་ལྟ་བུ་ཡིན”ཏེ། དཀའ་སྡུག་གིས་ཏག་ཏག་ཧའེ་ལུན་ཁའེ་ལེ་ཡི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་དེ་བསྐྲུན་པར་བྱས། ཁོ་མོ་ནི་ལོང་འོན་ལྐུག་གསུམ་གྱི་དབང་བོ་སྐྱོན་ཅན་ཞིག་ཡིན་པའི་ཆ་ནས་མི་དཀྱུས་མ་ལས་བརྒལ་བའི་བདེ་ཐང་གི་སེམས་ཁམས་ལྡན། ཁོ་མོས་རང་ཉིད་ཀྱིས་མྱོང་ཐུབ་པ་དང་བསམ་ཚོད་བྱེད་ཐུབ་པའི་རྣམ་པས་རང་ཉིད་ཀྱི་སློབ་གཉེར་བྱེད་པའི་འདུན་པ་དང་། མིའི་རིགས་ལ་བཅིངས་པའི་དྲི་མེད་ཀྱི་བརྩེ་བ་དེ་མཚོན་པར་བྱེད་ཀྱི་ཡོད། ཁོ་མོས་དངོས་སུ་ཉམས་སུ་མྱངས་པའི་ཚོར་བས་མི་གཞན་ལ་བདེ་ཐང་གི་སེམས་ཁམས་ནི་མིའི་རིགས་ཀྱི་རྒྱལ་ཁའི་ཆེས་གཞི་རྩའི་ཆ་རྐྱེན་ཡིན་ལ། བདེ་ཐང་གི་ལུས་ཕུང་ཡོད་ལ་བདེ་ཐང་གི་སེམས་ཁམས་མེད་པའི་མི་ཞིག་གིས་ནི་བྱ་བ་ལེགས་འགྲུབ་ཡོངས་བར་བྱེད་མི་ཐུབ་ཅེས་སློབ་སྟོན་བྱས། བདེ་ཐང་གི་སེམས་ཁམས་ཡོད་པའི་མི་ཞིག་ཡིན་ཕྱིན། ལུས་ཕུང་སྐྱོན་ཅན་ཡིན་ནའང་ལས་བསྐོས་ཀྱི་བཀོད་པར་འཁང་ར་བྱེད་མི་སྲིད་ལ། མི་གཞན་པའི་སྙིང་རྗེ་ལ་རེ་འདོད་མི་བྱེད་པར་རང་ཉིད་གྱི་བློ་སེམས་བརྟན་པོའི་སྙིང་རུས་ལ་བརྟེན་ནས་ཕུགས་བསམ་གྱི་ཕ་རོལ་ཏུ་སླེབས་པར་བྱེད་ངེས།  ཧའེ་ལུན་གྱིས་འགྱུར་མེད་བརྟན་པོའི་བློ་སེམས་ལ་བརྟེན་ནས་མཇུག་མཐར་གནས་བབ་ངན་པའི་ཁྲོད་ནས་འབུར་ཏུ་ཐོན། ངོ་མ་དབང་བོར་སྐྱོན་ཡོད་རུང་སྤོབས་སེམས་བླ་ལས་འཕགས། ཧའེ་ལུན་ཁའེ་ལེ(Helen Keller 1880ལོའི་ཟླ6པའི་ཚེས27ཉིན1968ལོའི་ཟླ6པའི་ཚེས1ཉིན) དུས་རབས19བའི་ཨ་མེ་རུ་ཁའི་ལོང་འོན་བུད་མེད་རྩོམ་པ་པོ་དང་། སློབ་གསོ་བ། དཀར་པོ་དགེ་བའི་ལས་བྱེད་པ། སྤྱི་

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།