སྐར་ཆ་55ཅན་གྱི་བརྙན་ཐུང་འདི་སྒོར་ས་ཡ་4ལྷག་བྱས་ནས་བཙོངས་འདུག

中国藏语广播CNR 5/26

Image


     དྲ་རྒྱའི་ཐོག་སྐད་གྲགས་ཆེ་བའི་《ཆལ་ལེ་ཡིས་ངའི་མཛུབ་མོར་སོ་བཏབ་བྱུང་།》(Charlie bit my finger)ཞེས་པའི་བརྙན་ཐུང་དེ་ཚེས་23ཉིན་དྲ་ལམ་ནས་འཚོགས་པའི་NFTརྡེག་འཚོང་ཚོགས་འདུའི་ཐོག་ཨ་སྒོར་ཁྲི་76.1(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་490ཙམ་)གྱི་རིན་གོང་ཐོག་ནས་ཚོང་འགྲིག་ཡོད་པ་རེད།


      བརྙན་ཐུང་དེའི་རིང་ཚད་སྐར་ཆ་55ཡིན་ཞིང་། ཆེས་ཐོག་མར་2007ལོར་YouTubeཐོག་སྤེལ། མིག་སྔའི་ལྟ་གྲངས་ཐེངས་དུང་ཕྱུར་8.83ལས་བརྒལ་ཡོད་ཅིང་། YouTubeསྟེང་གི་དགའ་བསུ་ཐོབ་ཆེ་ཤོས་ཀྱི་བརྙན་ཐུང་གྲས་ཤིག་ཡིན།


གཤམ་གྱི་དྲ་ངོས་གཡོན་ཟུར་གྱི་ 阅读原文 ཞེས་པ་ལས་དེའི་སྐོར་གྱི་གནས་ཚུལབོད་ཡིག་བརྙན་ལམ་ནས་གཟིགས་ཐུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།

སྒྲིག་བཟོ། སྒྲོལ་ཚེ།

来源:中央广播电视总台

审稿:达瓦玉珍

制作:卓玛才让

    Read more

    Scan to Follow