སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད། མགར་མཁའ་འགྲོ།

Ajiakobe 阿佳克比 5/19

SUMMER

གླུ་གཞས་འོས་སྦྱོར།

歌曲推荐


1

སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།

ཚིག དཔལ་མགོན།

དབྱངས། དཔལ་མགོན།

ལེན་མཁན། མགར་མཁའ་འགྲོ།

2


་ ་ ་

བྱ་རྒས་ཀྱིན་རྒས་ཀྱིན་དགོང་ལ་འཕུར།།

དགོང་སྤུ་གྲིའི་བར་ན་འདར་ར་ར།།

ནང་བྱ་བརྒྱའི་རྗེས་ལ་མི་ཆོད་ཀི།

མགོ་སྒུར་ནས་རྒུམ་འབུ་མི་ལོན་གི།

སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།།

་ ་ ་

འབྲོང་རྒས་ཀྱིན་རྒས་ཀྱིན་རྫ་ལ་འབྱར།།

རྫ་བསིལ་བའི་བར་ན་འདར་ར་ར།།

ནང་འབྲོང་བརྒྱའི་རྗེས་ལ་མི་ཆོད་ཀི།

རྩྭ་རྩི་ཏོག་སོ་ཡིས་མི་ཆོད་ཀི།

སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།།

་ ་ ་

མི་རྒས་ཀྱིན་རྒས་ཀྱིན་གོ་ཁར་ལྷུང་།།

སྒོ་ཕྱི་ཁྱིམ་བར་ན་འདར་ར་ར།།

ནང་བཟའ་བའི་བཟའ་གཏམ་མི་གོ་གི།

དེའི་ཐོག་ལ་ཁ་ལོག་ཚིག་ལོག་བརྒྱབ།།

སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།།

་ ་ ་